མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་གཡེམ་ཐེབས་པའི་བུ་མོ་དེ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་ཆུ་ཚོད་ ༢ དང་སྐར་མ་ ༡༥ སྟེང་། ཉེ་ཆར་རྒྱལ་ས་ལྡི་ལིར་བཙན་གཡེམ་ཐེབས་པའི་རང་ལོ་ ༢༣ ཅན་གྱི་བུ་མོ་དེ་དེ་སེང་གྷ་པོར་སྨན་ཁང་ཞིག་ནས་འདས་གྲོངས་སུ་ཕྱིན་འདུག

ཉེ་སྔོན་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་རྒྱ་གར་རྒྱལ་ས་ལྡི་ལི་ནས་རང་ལོ་ ༢༣ ཡིན་པའི་མཐོ་སློབ་བུ་མོ་ཞིག་ལ་མི་དྲུག་གིས་བཙན་གཡེམ་བཏང་ཡོད་ཅིང་། ཁོང་མོར་ཐོག་མར་རྒྱ་གར་སྨན་ཁང་ནས་སྨན་བཅོས་རྗེས། གཟའ་ཕུར་བུའི་ཉིན་སྨན་པའི་ལམ་སྟོན་འོག་ལྡི་ལི་གཞུང་གི་སྨན་ཁང་ནས་མཁའ་ལམ་བརྒྱུད་སེན་གྷ་པོར་ཨི་ལེ་ཛ་བྷེ་ཐཱི་(Mount Elizabeth hospital) སྨན་ཁང་དུ་སྨན་བཅོས་བྱས་པར་ཁྲིད་པ་རེད།

ད་ནང་བཙན་གཡེམ་ཐེབས་མཁན་བུ་མོ་དེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བྱུང་འཕྲལ། རྒྱ་གར་གྱི་སྲིད་འཛིན་པཱི་ར་ནབ་མཱུ་ཀར་ཇེ་(Pranab Mukherjee) ཡིས་བུ་མོ་ཁོང་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཡོད་སྐོར་དང་། ཁོ་མོར་བཙན་གཡེམ་ཐེབས་རྗེས་མ་ཤི་བར་དུ་བློ་སྟོབས་ཆེར་སྐྱེད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་དང་ཆེ་མཐོང་ལ་འབད་བརྩོན་བྱས་ཡོད་པ་ནི། རྒྱ་གར་གྱི་ན་གཞོན་དང་བུད་མེད་ཚོའི་མིག་དཔེ་ཞིག་ཡིན་སྐོར་སོགས་བརྗོད་འདུག

དེ་བཞིན། སྲིད་བློན་མན་མོ་ཧན་སེན་གྱིས་མྱ་ངན་དང་ནང་མར་སེམས་གསོ་དང་སྦྲགས། ཐེངས་འདིའི་དོན་རྐྱེན་དང་འབྲེལ་རྒྱ་གར་གྱི་ཆབ་སྲིད་པ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱ་གར་ནང་གི་བུད་མེད་ཀྱི་བདེ་འཇགས་ལ་འགན་སྲུང་ཐུབ་ཐབས་བྱ་དགོས་པ་དང་། བུ་མོ་ཁོང་འཆི་ལམ་དུ་ཕྱིན་པ་སྟོང་ཟད་དུ་མི་འགྲོ་བ་བྱ་རྒྱུའི་འགན་ཡོད་ཅེས་བསྒྲགས་འདུག

ཉེ་སྔོན་ཁོ་མོར་སྤྱི་སྤྱོད་རླངས་འཁོར་ནས་མི་དྲུག་གིས་བཙན་གཡེམ་གཅར་རྡུང་བཏང་རྗེས། ལྡི་ལི་གཙོས་རྒྱ་གར་གྱི་གྲོང་ཁྱེར་དང་ས་གནས་གང་སར་སློབ་མ་དང་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ད་ཆར་ཁོ་མོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས་ཡང་བསྐྱར་མི་མང་གི་ངོ་རྒོལ་བྱ་རྒྱུར་དོགས་ཏེ། ད་ནང་ཞོགས་པར་ལྡི་ལི་ཉེན་རྟོག་ཁང་གིས་རྒྱ་གར་སྒོ་ཆེན་གཡས་གཡོན་དང་ས་གནས་གང་དུའང་མི་མང་འདུ་འཛོམས་བྱ་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ཞོགས་པ་སྔ་བོ་ནས་ལྡི་ལི་གྲོང་ཁྱེར་གང་སར་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས། ལྟ་རྟོག་འགོག་སྲུང་ནན་མོ་བྱེད་བཞིན་ཡོད་འདུག

བཙན་གཡེམ་བྱེད་མཁན་མི་དྲུག་ཚང་མ་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོར་བཙན་གཡེམ་ཙམ་མ་ཡིན་པར་དམར་གསོད་པའི་ཉེས་ཁྲིམས་ཕོག་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༣ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 3

  1. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    ཨ་ཁ་མི་ངན་དེ་ཚོ་ཁྲིམས་ཚད་ནན་པོ་གཏོང་དགོས་རེད། བུ་མོ་དེ་ལ་ཁོང་ཚོའི་དཀའ་སྡུག་ག་ཚད་སྤྲད་ཡོད་པ་དེ་ཙམ་ཞིག་ཁོང་ཚོ་ཉེས་ཆད་བཅོད་དགོས་རེད། བསད་ན་མ་འགྲིག་པ་རེད། མ་འོངས་པ་དེ་འདྲ་མི་འོང་ཤོག།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་ཁ་ཤིནད་ཏུ་བློ་ཕམ་པོ་རེད། འོནད་ཀྱང་། ཕོ་དྲུག་གིས་མོ་གཅིག་དམར་གསོད་དུ་ཕྱིན་ཟིནད་པ་རེད། ཡིན་ན་ཡང་། མོ་གཅིག་གི་ཚེ་སྲོག་ཤོར་བའི་སྐྱེན་གྱིས་ཁྲིམས་ཀྱི་མིང་འོག་ཕོ་དྲུག་གི་ཚེ་སྲོག་དྲུག་སྟེ། ཁྱོན་སྡོམ་མི་བདུན་གྱི་ཚེ་སྲོག་འགྲོ་ན་དེ་བས་ཀྱང་ཕངས་པ་ཞིག་་མིན་ནམ་སྙམ་ལགས། འདས་པོ་ཁོང་མོར་མྱ་ངན་གུས་དུད་དང་སླར་ཡང་མི་ལུས་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད། །

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    ཨ་ཁ་ཁ་་་་་་ངོ་མ་བློ་ཕམ་དགོས་པས་གནས་ཚུལ་རེད། ཡིང་ཡང་མི་ངན་དེ་དག་སྲོག་ཁྲིམས་ངེས་པར་ཏུ་་གཏོང་དགོས་ལ་གཏོང་སྟངས་ཡང་གླིང་ཇོ་རིའི་ཧོར་གུ་དཀར་གསོད་སྟངས་དང་གཅིག་མཚུངས་དགོས། །དེ་ལྟར་འོས་བབ་གཉིས་ཀ་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese