མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཟང་ཕྱོགས་ངན་ཕྱོགས་གཉིས་ཀར་ཉོན།

བོད་ཀྱི་དུས་བབ།
༢༠༡༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་སྐོར་གྱི་བགྲོ་གླེང་གི་ཉིན་མཐའ་མའི་ཐོག་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རིན་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་གསར་པ་ཞཱི་ཅིན་ཕིན་གྱི་སྐབས་ལ། སྲིད་འཛིན་སྔོན་མ་ཧུའུ་ཡི་སྐབས་དང་ཅུང་མི་འདྲ་བར་བོད་རྒྱ་འབྲེལ་མོལ་ཐོག་རེ་བ་ཕྲན་བུ་ཡོད་སྐོར་གསུངས་སོང་།

གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འདས་པའི་ཉིན་གསུམ་རིང་ཚོགས་པའི་རྒྱ་ནག་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་རིང་མཇུག་བསྒྲིལ་ཡོད་ཅིང་། ཉིན་མཐའ་མའི་བགྲོ་གླེང་ཐོག་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གཏམ་བཤད་དང་ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད། ཁོང་གིས་གཏམ་བཤད་ཀྱི་ཐོག་མར། ད་ནང་ཞོགས་པར་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་སྐུ་གྲོངས་པའི་གནས་ཚུལ་ཐོས་མ་ཐག་སེམས་པ་སྐྱོ་བོ་བྱུང་ཡོད་པ་དང་། ཁོང་ནི་བོད་ཀྱི་རྩ་དོན་ཆེད་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་རྒྱུན་རིང་ཤོས་གྲས་ཤིག་ཡིན་སྐོར་བཅས་གསུངས་པ་དང་འབྲེལ་ཏེ། བཀའ་ཤག་གིས་གཞུང་འབྲེལ་ཐོག་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་པར་སྔགས་བརྗོད་གནང་སོང་།

ཡང་ཁོང་གིས། ང་ཚོར་ག་དུས་ཡིན་ནའང་ནོར་འཁྲུལ་ཞིག་ཡོད་པ་ནི། བགྲོ་གླེང་ཚོགས་འདུ་སོགས་ཀྱི་སྐབས་སུ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་མཁན་རྐྱང་སྐད་གཏོང་བ་ལས། སོ་སོའི་བསལ་ཚུལ་དང་མི་མཐུན་པ་བཤད་མཁན་ཚོ་དང་རྒྱང་ཐག་རིང་པོ་བྱེད་པ་དེ་འགྲིག་གི་མེད་པ་དང་། ནམ་རྒྱུན་སོ་སོའི་བསམ་ཚུལ་དང་མཐུན་པ་ཤོད་མཁན་རྐྱང་གི་སྐད་ཆར་དགའ་མོས་དང་ཉན་འདོད་བྱེད་ཀྱི་ཡོད་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་པ། བསམ་ཚུལ་མ་འདྲ་བ་དང་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་ཉན་ཞིབ་བྱས་ན། སྲིད་བྱུས་ཉམས་ཞིབ་པ་ཚོ་དང་སྲིད་སྐྱོང་མཆོག དེ་བཞིན་ཆབ་སྲིད་མགོ་ཁྲིད་མཁན་ཚོར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་ཞིང་། བསམ་ཚུལ་མི་མཐུན་པ་བརྗོད་མཁན་ཚོར་བདག་པོ་རྒྱག་དགོས་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་རྒྱ་འབྲེལ་མོ་བསྐྱར་གསོ་ཡོང་རྒྱུར་༧གོང་ས་མཆོག་གི་མཚན་ཐོག་ནས་མ་གཏོགས་ཡོང་ཁག་པོ་ཡིན་པ་དང་། མཚན་བྱང་ཙམ་མ་ཡིན་པར་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཐད་ནས་ཀྱང་༧གོང་མཆོག་གི་ཐུགས་འགན་ཞིག་མེད་པར་གྲུབ་འབྲས་འཐོན་དཀའ་བ། དེ་ནི་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་འགན་དབང་ཡོད་མེད་ཀྱི་གནད་དོན་ཞིག་མིན་པར། བོད་རྒྱའི་གནད་དོན་ཐག་གཅོད་ཐད་རྒྱ་བོད་ཕྱོགས་གཉིས་གང་ཐད་ནས་༧གོང་ས་མཆོག་མེད་ཐབས་མེད་སྐོར་གསུངས་སོང་།

མཇུག་ཏུ་ཚོགས་ཞུགས་པ་དག་དང་དྲི་བ་དྲིས་ལན་གྱི་སྐབས་སུ་ཁོང་གིས། རྒྱ་ནག་གི་དཔོན་རིགས་ཁྲོད་བོད་ཀྱི་དཀའ་རྙོག་སེལ་རྒྱུ་ནི་རྒྱ་ནག་གི་བརྟན་བརླིང་དང་འབྲེལ་བ་ཡོད་པ་དང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་བསལ་ཚུལ་འཛིན་མཁན་མང་པོ་ཞིག་ཡོད་སྟབས། བོད་རྒྱ་འབྲེལ་མོལ་ཐད་ཁོང་གིས་རེ་བ་ཞིག་མཐོང་གི་ཡོད་ཚུལ་གསུངས་བྱུང་།

ཚོགས་ཞུགས་པ་ཞིག་གིས་རྒྱ་ནག་དམངས་གཙོ་ཅན་དུ་གྱུར་ན་བོད་དོན་སེལ་འགྲོ་བའི་བསམ་ཚུལ་ཡོང་གི་ཡོད་པའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། རང་ཉིད་ཀྱིས་རྒྱ་ནག་དམངས་གཙོ་ཅན་དུ་གྱུར་ན་བོད་ཀྱི་གནད་དོན་སེལ་ཐུབ་པའི་རེ་བ་ཞིག་མཐོང་གི་མེད་པ་དང་། དུས་ཡུན་གྱི་ཆ་ནས་ཀྱང་བོད་ཀྱི་གནད་དོན་སེལ་རྒྱུ་དེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་པར་སྒུག་སྡོད་རྒྱུ་ནི་ངེས་གཏན་མེད་པ་དང་རིང་དྲགས་པ་ཞིག་ཡིན་པའི་ལན་འདེབས་གནང་སོང་།

ཡང་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར་གྱི་སྐབས་འདིར་བོད་རྒྱ་འབྲེལ་མོལ་ལ་རེ་མཐོང་གི་ཡོད་མེད་དྲིས་པའི་ལན་དུ། ཅིང་ཙི་མེན་ནི་ཅུང་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་དང་བོད་ཀྱི་གནད་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་པ་མ་ཟད། ཁོང་གི་སྐབས་སུ་བོད་རྒྱ་ཞི་མོལ་ལ་མཐོང་ཆེན་གྱིས་སྐུ་ཚབ་ཚོ་རྒྱ་ནག་ཏུ་ཕྱིན་སྐབས་རྒྱ་ནག་གི་མགོ་ཁྲིད་ཚོར་ཐུག་འཕྲད་ཡག་པོ་ཡོང་གི་ཡོད་ཀྱང་། ཧུའུ་ཅིན་ཐའོ་དེ་ལས་ལྡོག་སྟེ་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོའི་སྐབས་སུ་རྦད་དེ་སྒོ་བརྒྱབ་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་ལས་ཐུག་འཕྲད་བྱེད་བཅུག་མེད་པ། ཞཱི་ཅིན་ཕིན་གྱིས་ད་སྔ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་སྟངས་ལ་བལྟས་ན་ཅིང་ཙི་མེན་གྱི་གཤིས་ཀ་འདྲ་བོ་ཞིག་མཐོང་གི་ཡོད་པ་དང་། ཧུའུ་ཅིན་ཐའོ་ལས་ད་ལྟའི་མགོ་ཁྲིད་ཞཱི་ཅིན་ཕིན་གྱི་སྐབས་སུ་བོད་རྒྱ་འབྲེལ་མོལ་ལ་རེ་བ་ཞིག་མཐོང་གི་ཡོད་སྐོར་གསུངས་སོང་།

གསར་འགོད་པས་ཐེངས་འདིའི་བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་ལྡི་ལི་ནེ་རོ་སློབ་ཆེན་དུ་འབུམ་རམས་པར་སློབ་གཉེར་བྱེད་མཁན་བློ་བཟང་དབྱངས་མཚོ་ལགས་སུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་མོས། ཉམས་ཞིབ་པ་དག་ལ་མཚོན་ན་འབུམ་རིམ་པ་སོགས་སློབ་སྦྱོང་མཐོ་བོ་ཐོན་པ་དེ་འདྲ་རེད་དྲན་མ་སོང་ཚུལ་དང་། ཉམས་ཞིབ་པ་བསྡུ་སྟངས་ཐད་ནས་ཀྱང་ཆེད་དུ་ཡིག་རྒྱུགས་བཏང་སྟེ་ལས་བགོས་བརྒྱབ་པ་དེ་འདྲ་མིན་ཡང་། སློབ་སྦྱོང་དང་ཉམས་མྱོང་བསགས་ན་རིམ་པས་ཡར་རྒྱས་འགྲོ་བ་དང་། མ་འོངས་པར་ལས་གཞི་འདིར་གྲུབ་འབྲས་གང་འཚམ་འཐོན་རེ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 7

  1. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཚོ། བཙན་བྱོལ་སྒྲིག་འཛུགས་དང་། རྒྱ་རི་བློ་གྲོས་གཅིག་པུར་མདུང་རྩེ་མ་གཏོད། ཁོང་ཚོ་ཚང་མ་གཞན་དབང་སྟབས་བསྟུན་རེད། རྒྱ་ནག་གི་ངོས་ནས་དོ་ཁུར་དང་ཁས་ལེན་མ་བྱས་ན་ཁོང་ཚོར་བྱེད་ཐབས་རང་བཞིན་གྱིས་བྲལ་ལོ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ཆབ་སྲིད་པ་ཞེས་པ་ནི་དངོས་གནས་རྒྱུས་མངའ་ལོ་རྒྱུས་ནི་དེ་བས་དཀའ་བའི་གནད་རང་རེད་འདུག ད་ཆ་བོད་དོན་འདི་ནི་སེལ་རྒྱུར་ལོ་རྒྱུན་ག་ཚོད་འགོར་སུ་ཀྱང་བརྗོད་དཀའ་བ་ཞིག་ཡིན་ངེས། ལྟོས་དང་གཅིག་གི་ཞྭ་མོ་གཅིག་ལ་བསྐོན་བཞིན་བཞིན་བོད་གཞུགས་དཔའ་བོ་དཔའ་མོའི་རྣམ་ཤེས་གང་དུ་འདྲེན་མིན་ཆ་མ་འཚལ། སྔ་མོའི་བོད་རྒན་གཏམ་དཔེ་རྒྱ་འདོགས་པས་ཕུང། བོད་རེ་བས་ཕུང་ཞེས་པའི་གཏམ་དཔེ་དེས་ཅི་མི་བདེན།

    Reply
  3. བསྟན་འཛིན་ཐོག་མེད། says:
    ལོ་ 13 སྔོན།

    རྒྱ་རི་རིན་པོ་ཆེ་མཆོག་ད་སྐབས་དམིགས་བསལ་སྐུ་ཚབ་ཡིན་པ་ཡིན་ན་ཁོང་གིས་ཁ་སང་གི་བཀའ་མོལ་དེ་གནང་ཡོད་པ་མ་རེད། ཧོ་ཅིན་ཐོ་དང་རྒྱ་རི་རིན་པོ་ཆེ་གཉིས་ཀྱི་ལས་ཡུན་སྐབས་གཅིག་ལ་འཁེལ་ཡོད་པ་རེད། སྐབས་དེར་བོད་རྒྱའི་འབྲེལ་མོལ་ཐོག་གྲུབ་འབྲས་གང་ཡང་སོན་ཡོད་པ་མ་རེད། ནོར་འཁྲུལ་དང་འཐུས་ཤོར་དུས་འགྱངས་ཡོངས་རྫོགས་ཀྱི་འགན་དེ་རྒྱ་ནག་སྲིད་འཛིན་གྱི་མགོ་ལ་གཡོག་གི་ཡོད་པ་རེད། སྤྱིར་བཏང་འདི་དག་ཚང་མ་རྒྱ་གཞུང་ལ་འགན་ཡོད་པ་ཞིག་རེད་མོད། འོན་ཀྱང་སོ་སོའི་ཕྱོགས་ནས་མ་འབྱོན་པ་དེ་ཡང་ཁ་བསངས་པོས་བཤད་དགོས་པ་རེད། ངོས་ལེན་བྱ་དགོས་པ་རེད།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    དྲ་བདག་དང་དྲ་མཆན་མཆན་གཟིགསམཁན་ཡངས་ལ་དགོངས་སེལ་ཞུ། གོང་གསལ་གུས་རང་གིས་བྲིས་པའི་མཆན་དེར་ཡིག་ནོར་མང་པོ་ཤོར་འདུག་པར་ནོར་བཅོས་གཤམས་གསལ་བཞིན་བཅོས་རོགས།
    ༡་་་་་མོས་མཐུན་གང་ཡང་མེད་་་་་༢སྔར་བཞིན་རྒྱ་ནག་སྲིད་གཞུང་གིས་ཆབ་སྲིད་་་་་༣་་་་་་་་་་་་

    Reply
  5. འཇམ་གཅེས ། says:
    ལོ་ 13 སྔོན།

    བོད་པ་ཚོར་རྒྱ་ནག་གི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཅང་ལྷག་མེད། བོད་པ་ཚོས་བོད་པ་རང་ངོས་ནས་ལངས་ཕྱོགས་བརྟན་པོ་དང་། ཁ་ཕྱོགས་གསལ་པོ། ལས་དོན་འཁྱུག་མེད་ཅིག་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན། ད་ལྟ་བར་དུ་བོད་མི་མང་ལ་མགོ་སྐོར་འདྲ་བོ། བོད་དོན་ཐད་ཕན་ནུས་གང་ཡང་མེད་པ་འདི་འདྲ་རྐྱང་རྐྱང་བྱས་ནས་རྩ་ཆེའི་དུས་ཚོད་རྣམས་བསྐྱལ་བ་རེད། བགྲོ་གླེང་འདི་ནི་རྒྱ་ནག་གི་སྲིད་ཇུས་ཀྱི་ཁ་གསལ་གཏིང་གསལ་གྱི་ཆ་ལ་རྒྱུས་ལོན་དང་གོ་རྟོགས་མེད་པའི་མཚོན་བྱེད་རང་རེད་ཟེར། སྡུག་སྐད་འདི་ལ་མོ་མཐུན་གང་མེད། འདས་པའི་ལོ་ངོ་མང་པོའི་རིང་དུ་༧གོང་ས་ཡིད་བཞིན་ནོར་བུའི་དབུས་བོད་མིའི་རྒན་རབ་པ་དག་གིས་འབད་པར་ལྷོད་མེད་གནང་བར་ཡིད་རངས་དང་། ཁོང་ཚོས་བཀའ་དྲིན་དུས་ནམ་བརྗེད་མི་རུང་། ད་དུང་ཡང་སྔར་བཞིན་རྒྱ་ཁག་ཆབ་སྲིད་དང་རྒྱ་སྤྱིའི་གནས་བབ་སོགས་ལ་ཡང་ཡང་དཔྱད་ཞིབ་གཞིར་བཟུང་ཐོག་སྔར་བཞིན་འབད་བརྩོན་བཞིན་པར་རྒྱབ་སྐྱོར་ཡོད། དེ་སྔར་གཞུང་གིས་མི་མང་མགོ་བསྐོར་བཏང་ཚུལ་བཤད་པ་ནི་རྒྱུ་མཚན་མེད་པས་ཉོག་གཏམ་དང་དཀྲུགས་ཤིང་ཁོ་ན་ལས་མ་འདས། ཡང་ན་སོ་སོའི་མ་ཤེས་ནས་མགོ་བོ་རྨོངས་པར་གཞན་གྱིས་མགོ་བོ་བསྐོར་བར་ངོས་འཛིན་ཡིན་ན་ནི་ཁག་མེད། ད་དུང་མིག་རྒྱང་རིང་ཙམ་བྱོས། དེ་མིན་དུས་ཚོད་མ་ཆོད་པའི་བཟོ་འདྲ་བཟོས་ནས་ཡིག་ཉོག་སྤེལ་ནས་ཅི་བྱེད། སྙིང་འདྲ་ཡང་རྗེ་གྱིན་འདུག་མི་ངན་འདི་དག་ལ་སྐབས་རེ་་་་་་་་་་་་་་་་་་་་་་་་

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ཧུའུ་ཅིན་ཐའོ་དེ་ལས་ལྡོག་སྟེ་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོའི་སྐབས་སུ་རྦད་དེ་སྒོ་བརྒྱབ་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་ལས་ཐུག་འཕྲད་བྱེད་བཅུག་མེད་པ། ཞཱི་ཅིན་ཕིན་གྱིས་ད་སྔ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་སྟངས་ལ་བལྟས་ན་ཅིང་ཙི་མེན་གྱི་གཤིས་ཀ་འདྲ་བོ་ཞིག་མཐོང་གི་ཡོད་པ་དང་། ཧུའུ་ཅིན་ཐའོ་ལས་ད་ལྟའི་མགོ་ཁྲིད་ཞཱི་ཅིན་ཕིན་གྱི་སྐབས་སུ་བོད་རྒྱ་འབྲེལ་མོལ་ལ་རེ་བ་ཞིག་མཐོང་གི་ཡོད་སྐོར་གསུངས་སོང་། ་་་ཟེར།

    Reply
  7. སྐར་མདའ། says:
    ལོ་ 13 སྔོན།

    རྒྱ་ནག་གི་དོན་དག་ནི་རྒྱ་ཕྱོགས་ནས་སྲ་ཐག་ཆོད་ཅིག་བྱེད་ཀྱིན་ཡོད་པས། བོད་པ་ཚོར་རྒྱ་ནག་གི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཅང་ལྷག་མེད། བོད་པ་ཚོས་བོད་པ་རང་ངོས་ནས་ལངས་ཕྱོགས་བརྟན་པོ་དང་། ཁ་ཕྱོགས་གསལ་པོ། ལས་དོན་འཁྱུག་མེད་ཅིག་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན། ད་ལྟ་བར་དུ་བོད་མི་མང་ལ་མགོ་སྐོར་འདྲ་བོ། བོད་དོན་ཐད་ཕན་ནུས་གང་ཡང་མེད་པ་འདི་འདྲ་རྐྱང་རྐྱང་བྱས་ནས་རྩ་ཆེའི་དུས་ཚོད་རྣམས་བསྐྱལ་བ་རེད། བགྲོ་གླེང་འདི་ནི་རྒྱ་ནག་གི་སྲིད་ཇུས་ཀྱི་ཁ་གསལ་གཏིང་གསལ་གྱི་ཆ་ལ་རྒྱུས་ལོན་དང་གོ་རྟོགས་མེད་པའི་མཚོན་བྱེད་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese