མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ནས་མགོ་བཙུགས་ཏེ་ཟླ་གཅིག་རིང་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ཕྱི་ཟླ་དང་པོའི་ཚེས་ ༡ ནས་མགོ་འཛུཊ་ཀྱིས་དུས་ཡུན་ཟླ་གཅིག་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་། ཕྱི་ཟླ་གཉིས་པའི་ ༡ ཉིན་བཀའ་སྤྱི་ཐུན་མོང་གིས་རྒྱལ་ས་ལྡི་ལིར་མི་མང་འདུ་འཛོམས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་འདུག

སང་ཉིན་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་ནས་བཟུང་། བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་སྣེ་ཁྲིད་དེ་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ཏུ་ “བོད་མིའི་གནས་སྟངས་ཞུ་གཏུག” ཅེས་པའི་ལས་འགུལ་ཞིག་མགོ་འཛུགས་རྒྱུ་ཡིན་པ་དང་། ལས་འགུལ་སྐབས་ཕྱོགས་བཞུཊ་སྤྱི་འཐུས་ ༡༨ དང་ས་གནས་འབྲེལ་ཡོད་བོད་མི་ ༡༢༠ ཙམ་གྱིས་མངའ་སྡེ་ཁག་གི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོཊ་གཙོ་དང་འཐུས་མིོའི་ལས་ཁུངས་བཅས་སུ་ངོ་སྐྱོད་ཀྱིས་དོན་ཚན་ ༢ ཅན་གྱི་འབོད་སྐུལ་ཞུ་ཡིག་ཅིག་འབུལ་རྒྱུ་ཡིན་འདུག

ཞུ་ཡིག་དེ་བོད་དབྱིན་ཧིན་གསུམ་གཙོས་ས་གནས་ཁག་གི་ཡུལ་སྐད་ནང་ཕབ་བསྒྱུར་གྱིས་རྒྱ་གར་མི་མང་ནང་འགྲེམས་སྤེལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ས་གནས་ཁག་ཏུ་གསར་འགོད་གསལ་བསྒྲཊ། གནད་ཡོད་མི་སྣ་གདན་འདྲེན་གྱིས་གཏམ་བཤད་བཅས་སྤེལ་རྒྱུ་ཡིན་འདུག

ལས་འགུལ་དེ་རྒྱ་གར་ས་གནས་ཆེ་ཁག་གསུམ་ནང་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། ལྷོ་ཕྱོཊ་ཁུལ་གྱི་ལས་འགུལ་སྣེ་འཁྲིད་མཁན་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་ཚེ་རིང་གཡུ་སྒྲོན། ཨ་ཀྲུག་ཚེ་བརྟན། འཇིགས་མེད་འབྱུང་གནས། བློ་བཟང་ཡེ་ཤེས། བུ་མོ་ཚེ་རིང་བཅས་ཡིན་པ་དང་། བྱང་ཤར་ཁུལ་གྱི་ལས་འགུལ་སྣེ་འཁྲིད་མཁན་སྤྱི་འཐུས་པདྨ་འབྱུང་གནས་དང་གསེར་རྟ་ཚུལ་ཁྲིམས། ནོར་བུ་ཚེ་རིང་། བསྟན་པ་ཡར་འཕེལ། དབྱངས་ཅན་སྒྲོལ་དཀར། ཤར་གླིང་ཟླ་སྒྲོན་བཅས་ཡིན་འདུག བྱང་ཕྱོགས་ཁུལ་གྱི་ལས་འགུལ་སྣེ་འཁྲིད་མཁན་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་ཟླ་བ་ཚེ་རིང་། རྨོག་རུ་བསྟན་པ། དགེ་བཤེས་སྐལ་བཟང་དགྲ་འདུལ། ཡེ་ཤེས་སྒྲོལ་མ། གངས་ལྷ་མོ་བཅས་ཡིན་འདུག

སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལས་བགོས་བརྒྱབ་ཡོད་པའི་སྤྱི་འཐུས་རྣམས་ཉིན་འགའི་སྔོན་ནས་འཐོན་ཚར་ཡོད་པ་དང་། ཡང་ལས་བགོས་སྤྱི་འཐུས་རྣམ་པའི་ཁྲོད་ཀྱི་སྤྱི་འཐུས་ཁག་ཅིག་སྒེར་དོན་གྱི་དབང་གིས་སྐབས་མཚམས་སུ་དགོངས་ཞུ་གནང་ཡོད་འདུག

ཕྱི་ཟླ་དང་པོའི་ཟླ་མཇུག་ལ་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་མི་མང་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་། སྤྱི་འཐུས་རྒྱུན་ལས་ལི་ཐང་འཇམ་དབྱངས་བཟོད་པ་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལས་འགུལ་དེ་ནི་ད་ལོའི་དམིགས་བསལ་ཚོགས་ཆེན་གྱི་མཐའ་མའི་རྒྱབ་གཉེར་སྙན་ཐོ་ཁག་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༢ ཉིན་བར་ཉིན་བཞིའི་རིང་ལྡི་ལིའི་ཊཱོལ་ཁཱ་ཊོ་རོ་སི་ཊེ་ཊེམ་ (talkatora stadium)  དང་། ཇན་ཏར་མཱན་ཏར་ (raj ghat jantarmantar ) གཙོས་ས་གནས་ཁག་གསུམ་ནང་མི་མང་འདུ་འཛོམས་ཐོག རྒྱ་གར་ཆབ་སྲིད་མི་སྣ་དང་ཆོས་ལུཊ་དབུ་ཁྲིད། དབུས་བོད་མིའི་སྲིད་འཛུཊ་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོཊ་གཙོ་སོཊ་ཀྱིས་མང་ཚོཊ་ལ་གཏམ་བཤད་དང་། རྒྱལ་སྤྱིའི་རང་བཞིན་ཅན་གྱི་གསར་འགོད་གསལ་བསྒྲགས་སོཊ་སྤེལ་རྒྱུ་ཡིན་འདུག

གསར་འགོད་པས་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལཊ་སུ། ལས་འགུལ་དེར་མི་ག་ཚོད་ཅིག་འཛོམས་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་མེད་དྲིས་པར། “ཕྱི་ཟླ་དང་པོའི་ཚེས་ ༡༠ ཉིན་བར་ལྡི་ལིར་འགྲོ་མཁན་ཚོའི་མིང་ཐོ་ཚོཊ་དྲུང་ལས་ཁུངས་སུ་འབྱོར་དགོས་སྟབས། ད་སྔ་མི་ག་ཚོད་འབྱོར་ཐུབ་མིན་བཤད་ཚོད་མི་ཐུབ་ཀྱང་། ང་རང་སྒེར་ངོས་ནས་མི་ ༤༠༠༠ ལྷག་འཛོམས་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད། ལས་འགུལ་འདི་ཕྱི་ཟླ་ ༡ པའི་ཟླ་མཇུག་ཏུ་གཏན་ཁེལ་དོན་ནི། སྐབས་དེར་གཅིག་ནས་བོད་མི་སིལ་ཚོང་བ་རྣམས་ཕྱིར་ནང་དུ་ལོག་གི་ཡོད་པ་དང་། གཉིས་ནས་ཧི་མ་ཡ་ལའི་མི་རིཊ་གཙོས་བོད་མི་མང་པོ་ཞིག་ཝ་ར་ཎ་སིའི་གསུང་ཆོས་ཚར་རྗེས་ལྡི་ལིར་བརྒྱུད་ཕྱིར་ལོག་གི་ཡོད་པ། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའང་གུང་གསེང་ལ་ཁེལ་ཡོད་སྟབས། ལས་འགུལ་དེར་བོད་པ་མང་པོ་ཞིག་འཛོམས་ཐུབ་པའི་ཆ་རྐྱེན་ཚང་གི་ཡོད” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ལས་འགུལ་དེར་ཞུགས་མཁན་ཚོའི་འགྲོ་གྲོན་སྐོར་ལ་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར། “ལོ་སྔོན་མ་དང་མི་འདྲ་བར་ལས་འགུལ་ཚཊ་ཚུད་ཡོང་ཆེད། ལས་འགུལ་ནང་ཞུཊ་མཁན་རྣམས་གཞུང་གི་བཀོད་ཁྱབ་འོག ས་གནས་མགོ་འཛིན་དང་ས་འཐུས་སྐུ་ཚབ། རང་བདེན་ཚོཊ་ཆུང་བཅས་ཀྱི་སྐུ་ཚབ་ཀྱིས་སྣེ་ཁྲིད་འོག་ཡོང་དགོས་པ་བཟོས་ཡོད། མ་གཞི་ལས་འགུལ་དེར་འཛིན་སྐྱོང་གིས་ཧིན་སྒོར་འབུམ་ ༡༠༠ ཙམ་གཏོང་རྒྱུའི་འཆར་གཞི་བཟོས་ཡོད་ཀྱང་འགྲོ་སོང་ཆ་ཚང་གཞུང་གིས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ལྡི་ལིར་ལས་འགུལ་སྤེལ་སྐབས་ཀྱི་སྡོད་གནས་དང་ལས་འགུལ་སྐབས་ཡར་མར་འགྲོ་བྱེད་ཀྱི་འགྲོ་སོང་སོགས་གཞུང་གིས་གཏོང་རྒྱུ་ཡིན་པ་ལས། ལམ་གྲོན་དང་ཟས་སོང་ཚང་མ་དོ་བདག་རང་ངོས་ནས་འགན་ལེན་དགོས་པ་རེད”ཅེས་བརྗོད་སོང་།

ཁོང་གིས་ད་རེབ་ཀྱི་ལས་འགུལ་དེའི་གལ་གནད་སྐོར་བརྗོད་དོན “འཛིན་སྐྱོང་གིས་ཕྱི་ལོ་ ༢༠༡༣ ལོ་དེ་ལས་འགུལ་སྤེལ་རྒྱའི་ལོ་ཞིག་ཡིན་ཞེས་གསུང་བསྡད་ཡོད་པ་རེད། ད་བར་བོད་ནང་བོད་མི་ ༩༥ ཡིས་རང་བསྲེཊ་བཏང་སྟེ་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆཊ་ཡོད། ད་ཆར་རྒྱ་གཞུང་གིས་བོད་ནང་རང་བསྲེཊ་གཏོང་མཁན་ཚོར་ཁྲིམས་ཆད་འདྲ་མིན་གཏོང་གི་ཡོད་ལ། མེར་བསྲེཊ་གནད་དོན་དེ་དང་འབྲེལ་ནས་བོད་ནང་བོད་མི་མང་པོ་ཞིག་ལ་གང་བྱུང་ནག་ཉེས་བཙུཊ་ཏེ་འཛིན་བཟུང་བྱ་རྒྱུའི་མགོ་བཙུཊ་ཡོད། ང་ཚོས་གནས་སྟངས་དེ་དག་ལ་དམིཊ་ཏེ་ལས་འགུལ་སྤེལ་གྱི་ཡོད་དུས། མི་མང་གིས་རྒྱབ་སྐྱོར་དང་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད”ཅེས་བརྗོད་བྱུང་།

ད་རེབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ལ་འབོད་སྐུལ་དོན་ཚན་གཉིས་འབུལ་འཆར་ཡོད་པ་ནི། གཅིག ད་ལྟའི་རྒྱ་གཞུང་གིས་རྒྱལ་སྲུང་གི་འགྲོ་གྲོན་ལས་རྒྱལ་ནང་བརྟན་སྲུང་གི་འགྲོ་གྲོན་ཆེ་བ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། བོད་སོཊ་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་པ་དེས་ཡིན་ཞིང་། གལ་སྲིད་བོད་ནང་གི་བོད་མི་ཚོ་ཡར་ལངས་ངོ་རྒོལ་མ་ཐུབ་པར་མཐའ་གཅིག་ཏུ་རྒྱ་གཞུང་འོག་མགོ་སྒུར་དགོས་པའི་གནས་སྟངས་ཤིག་ཆཊ་ན། རྒྱ་དཀར་ནག་གཉིས་བར་གྱི་རྩིག་གྱང་མཐོན་པོ་དེ་རྨང་ནས་འཐོར་ངེས་ཡིན་པས། རྒྱ་གཞུང་གི་དམག་དང་དཔལ་འབྱོར་སྟོབས་ཤུགས་ཀྱིས་རྒྱ་གར་མཐའ་མཚམས་ཁག་ཏུ་ཐེ་ཚོམ་མེད་པར་འཇིགས་སྣང་ཤུགས་ཆེན་སློང་ངེས་ཡིན་སྟབས། གནས་སྟངས་དེ་གསལ་པོ་ཧ་གོ་བའི་ཐོག་ནས། རྒྱ་གར་ཡུལ་མི་ཚོས་བོད་མིའི་འཐབ་རྩོད་ལ་སྔར་བའི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ། གཉིས། རང་དབང་དང་དམངས་གཙོར་དགའ་བའི་རྒྱལ་ཁབ་མང་པོའི་གཞུང་དང་ཆབ་སྲིད་མི་སྣས་བོད་དོན་གླེང་སློང་དང་རྒྱ་ནག་ལ་སྐྱོན་བརྗོད། ལྷག་པར་དུ་གྲོས་ཚོཊ་ཁག་ཏུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་མང་པོ་འཇོག་གི་ཡོད་པ་ལྟར། རྒྱ་གར་དབུས་དང་མངའ་སྡེ་ཁག་གི་ནང་དུའང་དེ་ལྟར་གནང་ཐུབ་པའི་རེ་བ་ཡོད་ཅེས་འཁོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 15

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ལས་འགུལ་དངོས་སྟོན་རྒྱུ་མེད་དོན་ཅི། དོན་ཚན་གཉིས་ཡོད་ཟེར། དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བེད་སྤྱོད་གཏོང་ས་འགྲོ་འམ།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    པར་འདི་གསར་ཁང་གིས་སམ་གྲོས་ཚོགས་ཀྱིས་འདེམས་པ་རེད།

    Reply
  3. འཇམ་བཟང་། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་མིང་ཅན་པ། ཁྱེད་རང་གིས་དེ་འདྲའི་རྒྱ་མི་ལ་དགའ་ན་ཁྱེད་རང་རྒྱ་ནག་ལ་མགོ་བརྟག་ན་ཡག་ཤོས་རེད། མི་གླ་འདར་ཁྱོད་འདྲ་བའི་རིགས་ངེད་གངས་ཅན་པ་ཚང་ལ་མི་དགོས།
    ཁྱེད་རང་གིས་བསམ་བློ་ཡག་པོ་བཏང་། ག་དུས་ཡིན་ན་ཡང་༸རྒྱལ་བ་རིན་པོ་ཆེ་ཁྱེད་རང་མཉམ་དུ་མ་ཁྲིད་རོགས། ཐུགས་རྗེ་གཟིགས།
    ངས་ནི་བོད་རང་བཙན་མ་ཐོབ་བར་དུ་རྒྱ་མིའི་དར་ཆ་མེ་ལ་བསྲེགས་པ་དང་ངོ་རྒོལ་བྱེད་ངེས་ཡིན། བོད་རང་བཙན།།།།།།།།།།།།།།།།བོད་རྒྱལ་ལོ།།།།།།།།།།།།།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ད་མངོན་སུམ་འཛེམ་མེད་ཀྱིས་དམར་པོའི་རྒྱུག་ཁྱིས། དམར་དར་ཧྲལ་བཞག་ཐལ་ཟེར། སྡུག་སྐད་རྒྱབ་བཞིན་འདུག། དེ་ལ་ང་ཚོ་གཞུང་ངོས་ནི་སྒྲིག་གཞི་ཞིག་ཡོད་དགོས་ངེས་རེད། རྒྱ་དམར་གྱིས་ཐབས་ཇུས་འོག་ནས། མི་ངན་དེ་འདྲ་ཇེ་མང་ལ་འགྲོ་བའི་ཉེན་ཁ་ཡོད་པས། མི་ངན་འདིའི་རིགས་ཀྱི་བྱ་སྤྱོད་ལ་ཚད་ཅིག་བཟོ་དགོས་ཀྱི་འདུག དེ་མིན་དམངས་གཙོ་ཡིན་ཟེར་གང་བྱུང་དུ་བྱེད་བཞིན་འདུག་པ་འདི། མཐུན་སྒྲེལ་ལ་འགོག་རྐྱེན་ཚབ་ཆེན་བཟོ་བཞིན་འདུག་གོ།།

    Reply
  5. ཤིང་ལོ། says:
    ལོ་ 13 སྔོན།

    རང་གཞུང་རང་གི་རེ་བ་རྒྱག་ས་ཡིན།།
    རང་གཞུང་འདས་པོའི་རྣམ་ཤེས་འཁོར་ས་ཡིན།།
    རང་གཞུང་མ་འོངས་འཛུག་པའི་རྨང་གཞི་ཡིན།།
    རང་གཞུང་དམངས་དང་བཅས་པ་རྒྱལ་གྱུར་ཅིག།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྩོམ་སྒྲིག་པས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་པར་རང་སྟེང་ན་གསལ་བོར་མངོན་པའི་རྣམ་འགྱུར་དང་གོ་བ་ཡོད་ཚད་ཨིན་ཡིག་གི་རེ་སྨོན་དེ་དང་འགལ་བ་ལྟག་སྤྲོད་དུ་སོང་འདུག དེའི་རྒྱུ་མཚན་ཡང་རེ་སྨོན་དེ་ལྟ་བུ་བོད་གཞུང་མང་གཉིས་ཀྱིས་ཐབས་ཤེས་དེ་ལྟ་བུ་བརྒྱུད་ནས་རྩོད་ཀྱི་མེད་སྟབས། གཞུང་འབྲེལ་ལས་འགུལ་གྱི་གསར་འགྱུར་ལ་དེ་བས་ཀྱང་པར་རིས་འདི་རིགས་འོས་འཚམས་མིན་པར་འདོད། འོན་ཀྱང་གསར་འགོད་གཞུང་ལུགས་སྟེང་ནས་འདི་ལྟར་བཀོད་ཆོག་གི་ཡོད་ན་ངས་ཅི་ཡང་མི་ཤེས་ལགས།

    Reply
  7. ཡོན་ཏན། says:
    ལོ་ 13 སྔོན།

    ད་ཐེངས་ཀྱི་ལས་འགུལ་འདི་ལ་རེ་བ་ཆེན་པོ་ཞིག་མཐོང་སོང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱེད་སྟངས་དང་སྣེ་འཁྲིད་སྟངས་ཀྱང་ཧ་ཅང་ཡག་པོ་རེད། ད་རེས་བོད་མི་ཁྲི་གཅིག་དང་གཉིས་འཛོམས་ཐུབ་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག
    གཞི་རྒྱ་ཆེ་བའི་ལས་འགུལ་དེ་སྤེལ་རྒྱུའི་བར་ལྟ་ནས་རྩིས་པའི་ཟླ་གཅིག་ཡོད་པ་རེད། ད་ལྟ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ཆབ་སྲིད་པ། གསར་འགོད་བརྒྱུད་ལམ་ཁག་བཅས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་སྐུལ་སློང་དང་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་ཏེ། སྤྱི་ཟླ་ ༢ ་ཚེས་ ༡ ་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་མི་ཁྲི་གཅིག་ནས་གཉིས་པར་བསླེབས་ཐུབ་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་དགོས་པ་རེད།
    མི་སྟོང་ཕྲག་ཁ་ཤས་འཛོམས་པ་དེ་གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་གང་ཡང་མ་རེད། ལྷག་པར་དུ་གཞུང་ཞིག་གིས་སྣེ་འཁྲིད་པའི་ལས་འགུལ་རྔམ་བརྗིད་ལྡན་པ་དེ་འདྲ་མ་རེད། ནམ་རྒྱུན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོས་ལས་འགུལ་སྤེལ་སྐབས་ཀྱང་མི་དེ་ཙམ་འཛོམས་ཀྱི་ཡོད་པ་རེད། ད་རེས་ངེས་པར་དུ་མི་ཁྲི་ཁ་ཤས་འཛོམས་ཐུབ་པ་བྱེད་དགོས་ཀྱི་འདུག
    འགྲོ་སོང་ཀྱི་ཐད་ནས་དཀའ་ངལ་ཁྱོན་ནས་འཕྲད་གི་མ་རེད། གང་ཡིན་ཟེར་ན་གཞུང་ཞིག་གིས་སྣེ་འཁྲིད་ཀྱིན་ཡོད་དུས་དཔལ་འབྱོར་དང་། རྒྱ་གར་གཞུང་གི་རྒྱབ་སྐྱོར་སོགས་ལ་དཀའ་ངལ་ཡོད་པ་མ་རེེད། དེ་ལྟ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་རྔམ་བརྗིད་ལྡན་པ་ཞིག་སྤེལ་བ་ཡིན་ན་རྒྱལ་སྤྱི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་པོ་འགྲོ་བ་མ་ཟད། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེག་གཏོང་མཁན་རྣམ་པ་ཚོས་རེ་བ་ཡང་འགྲུབ་གི་རེད།

    ད་རེས་བོད་པ་ཚང་མ་ལོངས་ཤོག
    བཙན་བྱོལ་བོད་མི་ཚང་མ་ལོང་ཤོག
    རྒྱ་གར་གཞུང་དམངས་ང་ཚོས་རྒྱབ་ཏུ་ལོང་ཤོག
    འཛམ་གླིང་མི་དམངས་ང་ཚོའི་རྒྱབ་ཏུ་ལོང་ཤོག བོད་རྒྱལ་ལོ།།།

    Reply
  8. ཕྱུགས་རྫི says:
    ལོ་ 13 སྔོན།

    ལས་འགུལ་སྤེལ་བ་ལ་ཡིན་གཅིག་མིན་གཉིས་དབུ་མའི་ལམ་དང་འཐུན་པ་དགོས་མ་རེད་འདོད་གང་ཡིན་ཟེར་ན་ལུང་པ་གཡས་ལུང་ནས་་ཆུ་འབབ་ན་འདྲ་གཡོན་ལུང་ནས་འབབ་ན་འདྲ་མཐར་བབས་ས་ནི་རྒྱ་མཚོ་ནང་རེད་རང་བཙན་རྩོད་ན་འདྲ་དབུ་མའི་ལམ་ནས་རྩོད་ན་འདྲ་བབས་ས་དེ་ནི་བོད་རྒྱལ་ཁབ་ཀྱི་དོན་རེད་འདོད་་་་་མ་གཞི་བོད་ཀྱི་དཔལ་བོ་དཔལ་མོ་རྣམས་པས་ལས་འགུག་སྤེལ་སྐབས་ལ་ཕལ་ཆེར་དབུ་མའི་ལམ་ནས་རྩོད་ཚོད་མི་འདུག་མང་ཆེ་ས་ནི་བོད་རང་བཙན་དང་རང་དབང་རྒྱ་བ་རིན་པོ་བོད་ལ་ཕེབ་དགོས་གསུངས་ཀྱི་མི་འདུག་གམ་མ་གཞི་ནི་རྒྱ་མིའི་རྒྱ་དར་རྩལ་ཧྲལ་བཟོས་པ་ཙམ་གྱིས་རྒྱ་མི་ལ་འཕོ་ཐུགས་འགྲོ་རེད་དྲན་མི་འདུག་རྒྱ་མི་དེ་ཚོ་བ་གླང་འདྲ་ཡིན་ན་མ་གཏོགས་སྤྱིར་འཛམ་གླིང་གིས་ཁྱབ་དཔལ་་ཡོངས་རྩེ་རུ་སོན་པའི་རྒྱ་མི་རྣམས་ཀྱིས་ངོ་རྒོལ་ག་རེ་བྱེད་ཡོད་མེད་ཤེས་ཀྱི་རེད་དེ་ཤེས་མ་རེད་དྲན་པ་དེ་སོ་སོས་སོ་སོ་ངར་རྒྱལ་གྱི་བཟི་ཡིན་རྒྱུ་རེད་འདོད།

    Reply
  9. ཁྱི་ཕྲུག says:
    ལོ་ 13 སྔོན།

    གོ་མེད་ཚོར་མེད་ཀྱི་ས་ཆ་ཁུག་ཀྱོག་ཅིག་ནས་སོ་སོ་ཐང་ཆད་ཏུ་བཅུག་ན་དོན་དག་ཅིག་འགྲུབ་འགྲོ་རྒྱུ་མེད

    Reply
  10. ཁྱི་ཕྲུག says:
    ལོ་ 13 སྔོན།

    ཇུས་མེད་པའི་ལས་འགུལ་མི་སྤེལ་བའི་རེ་བ་ཡོད།  

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། གོང་གི་པར་དེ་ཐེངས་འདིའི་ལས་འགུལ་དང་འབྲེལ་བ་མེད་པ་ཞིག་རེད། རྩོམ་སྒྲིག་པས་དབྱིན་ཡིག་གི་དྲ་ཚིགས་ལས་འདྲེན་བཀོད་བྱས་པ་ཞིག་རེད།
    པར་དེ་སྤྱིར་བཏང་གི་བོད་པའི་ལས་འགུལ་མཚོན་པའི་པར་གཅིག་རེད། པར་དེའི་འགྲེལ་དུ་དབྱིན་ཡིག་ཐོག་ (I’ve create this photo as a protest and hopping that one day Tibet will be a free land and the people free from atrocities)འདི་རེད།

    Reply
  12. ཤར་མདའ། says:
    ལོ་ 13 སྔོན།

    དྲ་གྲོགས་གངས་རི་བ་ལགས་་་་་་ཁྱེད་རང་དེ་རིང་བར་གཉིད་ལ་ཤོར་བ་མིན་ན་དབུས་བོད་མིའི་བསྒྲིག་འཛུགས་ཀྱི་གཙོ་བོར་བྱས་ནས་ད་བར་ལས་འགུལ་རྣམ་མང་ཞིག་སྤེལ་བ་རེད་ཡིན་ན་དེ་རིང་གཞི་ནས་ལས་འགུལ་མགོ་འཛུགས་ཀྱི་འདུག་ཟེར་པ་དེ་འོས་པ་ཞིག་མཐོང་མ་སོང་རང་ཉིད་ཀྱིས་བོད་དོན་ཆེད་དུ་ལས་འགུལ་གང་འདྲ་གནང་གི་ཡོད་གསུང་རོགས་གནང་དེ་མེད་ན་གཞན་ལ་ཁ་མང་པོ་མ་བཏང་ན་ཡག་ས་རེད་དྲན་སོང་དགོངས་དག་ཞུ།

    Reply
  13. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱལ་དར་སུས་བསྲེགས་ན་གཏུབ་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་འདྲའི་ཐབས་ཤེས་ཐབས་ཟད་ཀྱིས་འཐབ་རྩོད་བྱེད་དགོས་པའི་གནས་བབ་ཅིག་བོད་མིའི་ཁྲོད་ཁྱབ་བརྡལ་ཕྱིན་པ་ཡིན་ན་ཧ་ཅང་མིག་དཔེ་ངན་པ་ཆགས་ཀྱི་རེད།།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒྱ་ནག་གི་དར་ཆ་རྩལ་ཧྲལ་བཟོ་བའི་འདྲ་པར་འདི་ལས་འགུལ་འདིའི་མཚོན་རྟགས་ཡིན་ན། ལས་འགུལ་འདི་༧གོང་ས་མཆོག་གི་དགོངས་པ་དང་མཐུན་མིན་ངེད་ལ་དོགས་པ་ཡོད། ང་ཚོ་དངོས་གནས་དྲང་གནས་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་དུ་བསྐྱོད་ཐུབ་ན་ཡག་གི་རེད། དེ་མིན། རྒྱ་བོད་བར་གྱི་དོན་དག་ཕར་ཞོག བོད་ནང་ཁུལ་དུའང་གྲ་འགྲིག་པ་ཞིག་ཡོང་རྒྱུའི་རྟགས་མཚན་མེད་པ་གསལ་བོ་ཡིན་སྟབས། རང་ལ་བཟོ་ལྟ་འདྲ་ཡོད་དུས་གཟབ་གཟབ་བྱས་ན་ཡག་གི་རེད། དེ་མིན་རི་ལུག་པ་ཐག་པས་མི་འདུམ་པ་ཞིག་བྱུང་ན་ཚར་གྱི་རེད།།།

    Reply
  15. གངས་རི་བ། says:
    ལོ་ 13 སྔོན།

    ཁ་དཔེ་ལ། (རྐུ་མ་ཁ་སང་འཛུལ་འདུག ཁྱི་རྒན་དེ་རིང་ཟུག་སོང) ཟེར་བ་ནང་བཞིན་རེད། བོད་ནང་དུ་རང་ལུས་མེར་སྲེག་གི་ཁ་གྲངས་ 95 ་ལ་སླེབས་སོང་། སྤྱི་འཐུས་ཚོས་ད་ལྟ་གཞི་ནས་ལས་འགུལ་མགོ་འཛུགས་རྒྱུ་རེད། བཀའ་ཤག་གིས་ད་དུང་ཟླ་བ་གཅིག་གི་རྗེས་ལ་འགུལ་དཀྱོག་ཙམ་རྒྱག་རྒྱུ་རེད། འདི་ག་རེ་ཡིན་པའི་ཁུལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese