མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨོ་བྷ་མས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་གཉིས་གསར་དུ་མིང་འདོན་བྱས་པར། གྲོས་ཚོགས་ནང་རྒྱབ་སྐྱོར་དང་མོས་མཐུན་མི་བྱེད་མཁན་གཉིས་ཀ་འབྱུང་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་སྲིད་འཛིན་ཨོ་བྷ་མས་ད་སྔའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་པཱ་ནེ་ཊ་(Leon Panetta) ཡི་ཚབ་ཏུ་གྲོས་ཚོགས་འཐུས་མི་ཟུར་པ་ཧ་གྷེལ་(Chuck Hagel ) དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་པེ་ཊི་རའུ་སི་(David Petraeus) ཡི་ཚབ་ཏུ་ཨོ་བྷ་མའི་སློབ་སྟོན་པ་བྷི་རེ་ནན་(John Brennan) གཉིས་གསར་དུ་བསྐོ་བཞག་བྱ་རྒྱུའི་མིང་འདོན་བྱས་ཡོད་ཀྱང་། ཤུགས་རྐྱེན་ཅན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྐུ་ཞབས་ཧ་གྷེལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལངས་ཕྱོགས་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། བྷི་རེ་ནན་ལའང་ཐེར་འདོན་བྱེད་མཁན་ཡོད་སྟབས། ཨོ་བྷ་མས་མིང་འདོན་བྱས་པའི་འོས་མི་ལ་གྲོས་ཚོགས་ནང་རྒྱབ་སྐྱོར་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཟླ་སྔོན་མའི་ནང་ཨོ་བྷ་མས་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རི་ཡི་ཚབ་ཏུ་གྲོས་ཚོགས་འཐུས་མི་ཇོན་ཀེ་རེ་(John Kerry) མིང་འདོན་བྱས་ཡོད་པ་དང་། ཨ་རིའི་རྒྱལ་དོན་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ། གསང་བའི་ལུས་ཁུངས་ཀྱི་མགོ་གཙོ་གསུམ་ནི་ཨོ་བྷ་མའི་སྲིད་འཛིན་སྐབས་གཉིས་པའི་རྒྱལ་ཁོངས་བདེ་འཇགས་སྲིད་ཇུས་ཀྱི་ཀ་བ་གསུམ་ཆགས་ཡོད་པ་རེད།

རང་ལོ་ ༦༦ ལ་སོན་པའི་སྐུ་ཞབས་ཧ་གྷེལ་ནི་ཨ་རིའི་མི་ཚང་དབུལ་བོ་ཞིག་ཏུ་སྐྱེས་ཤིང་། ལོ་ ༩ ཙམ་ནས་གཞན་གཡོ་བྱས་ཏེ་འཚོ་བ་རོལ་ཐབས་བྱས་ཞིང་། རྗེས་སུ་ཨ་རིའི་དམག་ལ་ཞུགས་ཤིང་ཝེ་ཊི་ནམ་དམག་འཁྲུག་སྐབས་ཤུལ་རྗེས་ཆེན་པོ་འཇོག་མཁན་ཞིག་ཡིན་པ་དང་། ཝེ་ཊི་ནམ་དམག་འཁྲུག་མཚམས་བཞག་རྗེས་ཨ་རིའི་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐད་ལས་དོན་བསྒྲུབས་འདུག་ལ། ༡༩༩༦ ནས་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད། ཁོང་ནི་དུས་རྒྱུན་མི་ཁ་རུ་ཁ་ཐུག་ཅིག་དང་། རྒྱལ་ཁབ་ཕན་ཚུན་བར་གྱི་དཀའ་རྙོག་རིགས་དམག་འཁྲུག་ལས་གྲོས་མོལ་བརྒྱུད་ཐག་གཅོད་བྱ་རྒྱུར་བསམ་བློ་གཏོང་མཁན་ཞིག་ཡིན་འདུག

རང་ལོ་ ༥༧ སོན་པའི་སྐུ་ཞབས་བྷི་རེ་ནན་གྱིས་ལོ་ ༢༥ རིང་རྒྱལ་ཁབ་འདྲ་མིན་ནང་གི་ཨ་རིའི་གསང་བའི་ལས་དོན་གཉེར་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་སྐབས་ཀྱི་སའོ་ཌེ་ཨ་རབ་(Saudi Arabia)ནང་གི་གསང་བའི་མགོ་གཙོ་དང་། ཨོ་བྷ་མའི་སྲིད་འཛིན་སྐབས་དང་པོའི་ལས་རྒྱུན་ནང་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་སྲིད་ཇུས་ཀྱི་སྲིད་འཛིན་སློབ་སྟོན་པ་གཙོ་བོ་དང་། ༢༠༡༡ ལོར་བྷེན་ལཱ་ཌན་དམར་གསོད་གཏོང་བའི་འཆར་འགོད་མི་སྣ་གཙོ་གྲས་ཤིག་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese