མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་ཅིའི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ།༼༡༽

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

མེ་ལྕེ་ཡི་ཁ་ཆེམས། ———-བོད་མིས་ཅིའི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ། ༼ དུམ་ཚན་དང་པོ ༽

ཝང་ལི་ཞོན་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

མིག་སྔར་བོད་མིས་རང་ལུས་མེ་ལ་བསྲེགས་པ་ནི་ཕྱོགས་ཡོངས་ནས་ཇི་ལྟར་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

དང་པོ། རང་ལུས་མེར་བསྲེགས་ཀྱི་གྲངས་ཀ་མགྱོགས་མྱུར་ངང་འཕེལ་བཞིན་པ། དེ་རིང་བར་དུ་( ༢༠༡༢ ཟླ་ ༡༢ ཚེས་ ༡༡)བོད་ནང་བོད་མི་ ༩༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད།(བཙན་བྱོལ་ནས་ཀྱང་བོད་མི་ལྔས་རང་ལུས་མེར་བསྲེགས་བཏང་ཡོད།)དེ་དག་གི་ཁྲོད་ནས་ ༢༠༠༩ ལོར་མི་ ༡ གིས་རང་ལུས་མེར་བསྲེགས་བཏང་ཡོད། ༢༠༡༡ ལོར་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད།  ༢༠༡༢ ལོ་ཡི་དེ་རིང་བར་མི་ ༨༤ ཡིས་རང་སྲེག་བྱས་ཡོད།  རང་ལུས་མེར་བསྲེགས་མཚམས་འཇོག་གི་འབོད་སྐུལ་ཐམས་ཅད་ལ་ཡང་དོན་འབྲས་གང་ཡང་བྱུང་མེད། མགོ་གང་ཞིག་ཡིན་པ་སུས་ཀྱང་ཤེས་ཀྱི་མེད།

གཉིས་པ། དཀའ་གནད་གཉིས་ལྷག་པ། མི་འདི་འདྲའི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཟིན་པས། རང་ལུས་མེར་བསྲེགས་ལ་སྐྱོན་བརྗོད་དང་དགག་པ་བྱེད་པ་ནི་རང་སྲེག་མཁན་ཚོར་བདེན་ཁ་མ་སྤྲད་པ་ཆགས་ཀྱི་ཡོད་ལ་ཁོང་ཚོའི་གཉེན་ཉེ་ལ་ཡང་གནོད་འགྲོ་བཞིན་ཡོད། དེ་ལས་ལྡོག་སྟེ། རང་སྲེག་གི་ཁྱབ་སྤེལ་དང་བསྔགས་བརྗོད། བསྔོ་བ་སྨོན་ལམ་དང་མཚམས་འདྲི། ཞལ་འདེབས་སོགས་བྱེད་པ་ནི་རང་སྲེག་མུ་མཐུད་ནས་བྱུང་བའི་སྐུལ་ལྕག་ཏུ་གྱུར་འགྲོ་བ་དེའོ།།

གསུམ་པ། རང་ལུས་མེར་བསྲེགས་བྱེད་པ་ནི་རྒྱ་གཞུང་གིས་བོད་ཐོག་ལ་གཉའ་གནོན་བྱས་པ་ལས་བྱུང་བ་ཞིག་རེད། ད་དུང་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བྱེད་པ་ནི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན་པར་བསྒྲགས་ཏེ། མུ་མཐུད་གཉའ་གནོན་བྱེད་བཞིན་ཡོད། དེ་ལས་གསལ་སྟོན་བྱས་ཡོད་པ་ནི་རང་ལུས་མེར་བསྲེགས་མཚམས་འཇོག་བྱེད་པར་མི་ཆོས་ལངས་ཕྱོགས་དང་མཐུན་པའི་སྒོ་ནས་བྱེད་དགོས་པ་དེ་རེད།

བཞི་བ། ཕྱི་མི་ཡིས་མེར་སྲེག་མཁན་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་ན་ཡང་། རང་སྲེག་བྱེད་པའི་བྱ་སྤྱོད་ལ་རྒྱུས་ལོན་བྱེད་ཐུབ་ཀྱིན་མེད་པ་མ་ཟད། གྲུབ་འབྲས་ཅི་ཙམ་ཞིག་བྱུང་ཡོད་པ་ཡང་ཤེས་རྟོགས་ཐུབ་ཀྱི་མེད། དང་ཐོག་གི་དངངས་འཚབ་ཡལ་རྗེས། གཅིག་རྗེས་གཉིད་མཐུད་ཀྱིས་མེར་བསྲེགས་བྱེད་པ་དང་བསྟུན་ཏེ་འཐོམ་སྦྲིད་དུ་གྱུར་ཡོད།

ལྔ་བ། བོད་མིའི་མགོ་ཁྲིད་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་མིའི་ཤེས་ཡོན་པས་སྨྲ་བ་བསྡམས་ཏེ། མི་སྨྲའི་རྟུལ་ཞུགས་བཟུང་བར་འཁང་ར་བྱེད་ཀྱིན་ཡོད། འདི་ནི་རང་སྲེག་ལས་འགུལ་ལ་གཞུང་ལུགས་ཀྱི་རྒྱབ་སྐྱོར་མ་འདང་བའི་རྐྱེན་གྱིས་རེད། ད་དུང་བོད་མིའི་མགོ་ཁྲིད་རྣམས་ཀྱིས་རང་སྲེག་གི་ཐད་ལ་ལྐོག་གྱུར་གྱི་འགྲེལ་བཤད་ཙམ་ལས་གཞན་གྱི་སྣང་བ་ཚུར་ལ་འདྲེན་འགུག་བྱེད་ཐུབ་ཀྱིན་མེད།

དྲུག་པ། ཁེ་ཕན་ཕུགས་སུ་གཏད་ཡོད་པའི་རྒྱལ་ཁབ་སོ་སོའི་གཞུང་གི་ངོས་ནས་བོད་མིས་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་ལ་གཡོལ་ཐབས་དང་འགྲོ་ཐབས་འདུག་ཐབས་ཀྱི་རྣམ་འགྱུར་སྟོན་གྱིན་འདུག ཡིན་ན་ཡང་དཔལ་འབྱོར་གཙིགས་ཆེན་བྱེད་མཁན་ཚོགས་སྡེ་ཚོས་དེ་འདྲའི་དཔལ་འབྱོར་མི་སྣའི་བསམ་བློ་ནི་ཡ་མཚན་དགོས་པ་ཞིག་མ་རེད། བོད་མི་རིགས་ལ་མི་རིགས་གཞན་(གནས་བབ་ཆེས་སྐྱོ་བའི་སོག་པོའི་མི་རིགས་ལྟ་བུ)ལས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་ཡིད་མུག་པའི་ཚོར་བ་འདི་བསྲན་ཐབས་མི་འདུག

དཀའ་གནད་འདི་སེལ་ཐབས་སུ་ཆེས་ཉུང་མཐར་ཡང་ཇི་ལྟར་གདོང་གཏོད་དགོས་པ་དེ་ཤེས་དགོས། ཐོག་མར་ཁྱབ་རྒྱ་ཆེ་ཞིང་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པའི་རང་སྲེག་གི་བྱ་སྤྱོད་འདི་ལ་རྒྱུས་ལོན་ཡག་པོ་བྱེད་དགོས། དེ་ནས་རང་སྲེག་སྤྱི་ཡི་རེ་འདུན་ཅི་ཞིག་བྱེད་ཀྱིན་ཡོད་པ་དང་། དམིགས་ཡུལ་ཅི་ཞིག་ལ་དོན་གཉེར་བྱེད་ཀྱི་ཡོད་པ་དེ་དག་ཤེས་རྟོགས་བྱ་དགོས། འདིའི་ཐད་ལྟ་ཚུལ་དང་བཤད་ཕྱོགས་མི་མཐུན་པ་ཡོད། མང་ཤོས་ཤིག་གིས་ཁ་ཕྱོགས་ཤིག་ཏུ་མནན་མནན་བཅག་བཅག་བྱེད་པ་དང་། ཐ་ན་རང་ཉིད་ལ་ཅི་དགོས་གང་སྒྲུག་ཀྱང་བྱེད་ཀྱིན་འདུག ཡིན་ན་ཡང་། ངས་བསམ་ན་མེར་སྲེག་མཁན་རང་གི་གནས་ཚུལ་གསལ་བོ་མེད་པའི་གནས་སྟངས་འོག་སྡོམ་རྩིས་བྱེད་པའི་སྒོ་ནས་དབྱེ་ཞིབ་བྱས་པ་ཡིན་ན། སྤྱི་ཡོངས་ཀྱི་གནས་ཚུལ་རྟོགས་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད་སྙམ།

༢༠༠༩ ལོར་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཐོག་མ་བཀྲ་བྷེ་ཡིས་རང་སྲེག་བྱས་པ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་འོད་ཟེར་གྱིས་རང་སྲེག་བྱེད་མཁན་རེ་རེ་ཡི་གནས་ཚུལ་ཟིན་བྲིས་སུ་འགོད་བཞིན་འདུག དེར་མ་ཟད་དུས་བསྟུན་གསར་སྤེལ་གྱི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ་ཁོ་མོའི་ཟིན་བྲིས་ “མཐོང་མི་ཐུབ་པའི་བོད”་ཀྱི་ནང་དུ་འགོད་བཞིན་འདུག ཡང་གཅིག་བཤད་ན། སྡོམ་རྩིས་ཀྱི་སྒོ་ནས་དབྱེ་ཞིབ་བྱེད་པའི་རྩོམ་ཡིག་འདི་ཁོ་མོའི་གནས་ཚུལ་ཐོ་འགོད་བྱེད་པར་ཕན་ཐོགས་འབྱུང་སྲིད།

རང་སྲེག་མཁན་རྣམས་ཀྱི་དུས་ཚོད་བཀོད་པ།

༢༠༡༢ ལོར་ཟླ་བ་རེ་ལ་བོད་ནང་རང་ལུས་མེར་བསྲེགས་བྱས་པའི་གྲངས་ཀ་གསལ་སྟོན་བྱེད་པ།(འོག་གི་མཚོན་དོན་རི་མོ)དེ་ལས་གསལ་བོར་མཐོང་ཐུབ་པ་ནི་ཆེ་མཐོ་རླབས་སུ་གྱུར་ཡོད་པ་དེ་གཉིས་ནི། ཕྱི་ཟླ་ ༣ པའི་ནང་ལ་མི་ ༡༠ དང་། ཕྱི་ཟླ་ ༡༡ པའི་ནང་ལ་མི་ ༢༨ ཡོད་པ་དེ་རེད།

ཕྱི་ཟླ་ ༣ པའི་ནང་ལ་“བོད་མིའི་སྒེར་ལངས་ཆེན་མོ”(ཟླ་ ༣ པའི་ཚེས་ ༡༠ )དང་། ༢༠༠༨ ཀྱི་ལོ་ཡི་བོད་མིའི་ཡར་ལངས་ཉིན་མོ།(ཟླ་ ༣ པའི་ཚེས་ ༡༤) དེ་ནས་ ༢༠༠༨ ཀྱི་ལོར་རྔ་པའི་མི་མང་ཡར་ལངས་ལ་དྲག་གནོན་དམར་གསོད་བྱས་པའི་དུས་དྲན་(ཟླ་ ༣ པའི་ཚེས་ ༡༦ ) ད་དུང་། རྒྱ་གཞུང་གིས་གཏན་ཁེལ་བྱས་པའི་“ཞིང་བྲན་བཅིང་གྲོལ་གྱི་དུས་དྲན་གྱི་ཉིན་མོ”།(ཟླ་ ༣ པའི་ཚེས་ ༢༨ )བཅས་རེད།

དེ་ལས་ཀྱང་འོས་ཤིང་འཚམ་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་ནི། ཕྱི་ཟླ་ ༣ པའི་ནང་ལ་རང་སྲེག་གི་གྲངས་ཀ་མཐོ་རླབས་སུ་གྱུར་བ་དེ་གོང་གི་ཉིན་མོ་དེ་དག་དང་འབྲེལ་བ་ཆགས་ཡོད་ལ། སྤྱིའི་ཆ་ནས་རྒྱ་གཞུང་གི་མི་རིགས་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཞིག་རེད་ལ། ད་དུང་ངོ་རྒོལ་གྱི་རྣམ་པ་ལ་མཐོང་ཆུང་དང་སྣང་མེད་བྱས་པ་ནི་རང་ལུས་མེར་བསྲེགས་ཀྱི་རྩ་བའི་འབྱུང་རྐྱེན་ཞིག་ཡིན་ནོ།།

༢༠༡༢ ལོར་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་བབ།

རང་ལུས་མེར་བསྲེགས་བྱས་པའི་མཐོ་རླབས་ནི་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྐབས་ཏེ། ཕྱི་ཟླ་ ༡༡ པའི་ནང་རེད། དེའི་སྔོན་གྱི་ཕྱི་ཟླ་ ༡༠ པའི་ནང་ལ་རང་ལུས་མེར་བསྲེགས་བྱེད་མཁན་གྲངས་འབོར་ཕྱི་ཟླ་ ༣ པའི་ནང་དང་འདྲ་འདྲ་རེད། དེ་ཡི་མི་ ༡༠ ནི་ཏན་ཏན་ཚོགས་ཆེན་བཅོ་བརྒྱད་དང་འབྲེལ་བ་འདུག་སྟེ། རྒྱུ་མཚན་ནི་ཚོགས་ཆེན་བཅོ་བརྒྱད་ཕྱི་ཟླ་ ༡༠ པའི་ནང་ལ་འཚོགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཟིན་ཡོད་པས་རེད། རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྔ་གཞུག་ལ་རང་སྲེག་གི་གྲངས་ཀ་མང་པོ་བྱུང་བ་དེས་རྒྱ་ནག་གི་མགོ་ཁྲིད་གསར་བས་བོད་ཐོག་གི་སྲིས་ཇུས་ལ་འགྱུར་བ་གཏོང་བར་སྐུལ་འདེད་བྱེད་པ་དང་། རང་སྲེག་གིས་ལས་འགུལ་གྱིས་མ་འོངས་བར་འགྱུར་བ་ཞིག་གཏོང་ཐུབ་པར་ངོས་འཛིན་བྱས་པ་རེད། འདི་ནི་ཏག་ཏག་རང་སྲེག་ལ་རྒྱུས་ལོན་བྱེད་པའི་གལ་གནད་ཀྱི་འགག་སྒོ་ཞིག་ཀྱང་རེད།

རང་སྲེག་པའི་ཁ་ཆེམས་དག་ལ་དབྱེ་ཞིབ་བྱེད་པ།

རང་སྲེག་བྱེད་མཁན་ཚོས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེ་གཞི་ལ་བཞག་ཏེ་ང་ཚོས་གཏིང་ཟབ་མོས་རང་སྲེག་གི་རྩ་བའི་སྒུལ་ཤུགས་དང་རེ་འདུན་ལ་རྒྱུས་ལོན་བྱེད། ངས་དབྱེ་ཞིབ་བྱས་པའི་ཁ་ཆེམས་ཡི་གེ་རྣམས་ནི་རང་སྲེག་བྱེད་མཁན་རྣམས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་སྔོན་ལ་བཞག་པ་རྐྱང་རེད།  དེ་ལ་ལག་བྲིས་དང་སྒྲ་འཇུག ད་དུང་གཉེན་ཉེ་གྲོགས་པོ་ལ་ངག་ཐོག་ནས་ལབ་པ་སོགས་འདུག ད་སྔ་བོད་ནང་གི་རང་སྲེག་གཏོང་མཁན་ ༢༦ གི་ཁ་ཆེམས་ཡི་གེ་རེག་ཡོད། ད་དུང་རང་སྲེག་བྱེད་བཞིན་པའི་སྐབས་སུ་མི་མང་གིས་སྒྲ་འཇུག་བྱས་པའི་རང་སྲེག་གཏོང་མཁན་གྱི་ཁ་གཡང་དང་འབོད་ཚིག་ཀྱང་ཡོད། སྐད་འབོད་དང་ཁ་གཡང་གི་བརྗོད་དོན་ཧ་ལམ་ཚང་མ་འདྲ་མཚུངས་རེད། ཕལ་མོ་ཆེ་ཡིས་“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས”ཞེས་པ་འདི་དག་རེད། ཞིབ་བསྡུར་ཅིག་བྱས་ན། སྔོན་ལ་བཞག་ཡོད་པའིོ་ཁ་ཆེམས་ཡི་གེ་ལས་རང་ལུས་མེར་བསྲེགས་བྱེད་བཞིན་པའི་སྐབས་ཀྱིོ་ཁ་གཡང་དང་སྐད་འབོད་ལ་ངོས་མང་པོ་ཞིག་ཡོད་པའི་ཁ་ཆེམས་དེ་ཚོ་ནི་ཆེད་དུ་དབྱེ་ཞིབ་བྱེད་པའི་གཞི་རྩར་འཇོག་རྒྱུ་ཡིན།

ང་རང་གིས་ཁ་ཆེམས་ཀྱི་བརྗོད་དོན་ལ་གཞིགས་ཏེ་རིགས་བདུན་ལ་དབྱེ་ཡོད། (འོག་གི་རེའུ་མིག་ན་གསལ) དེ་ཡང་ཁ་ཆེམས་གཅིག་རེ་བརྗོད་དོན་རིགས་གཅིག་ཏུ་བྱས་པ་མིན་ཞིང་། ཁ་ཆེམས་རེ་ཟུང་ལ་མཉམ་དུ་རིགས་དུ་མ་འདུས་བའི་ནང་དོན་ཡང་ལྡན།(མཇུག་གི་ཟུར་མཆན་ན་གསལ་བོར་བཀོད་ཡོད) ངས་རིགས་དགར་བ་འདི་ནི་རང་སྲེག་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱེད་པའི་ཐབས་ལམ་ཞིག་ཏུ་བལྟས་བ་ཡིན་པས།  སུས་ཀྱང་རང་ཉིད་ཀྱི་གོ་བ་དང་རྒྱུས་ལོན་ལྟར་རིགས་དགར་ཏེ་དབྱེ་ཞིབ་བྱེད་ཀྱང་ཆོག

རང་སྲེག་པའི་ཁ་ཆེམས་ཀྱི་རིགས་དབྱེ་བའི་རེའུ་མིག

མཆན། ཁ་ཆེམས་ལ་ལ་ཞིག་མི་གཉིས་ཀྱིས་མཉམ་དུ་བཞག་པ་ཡང་ཡོད་པས། ཁ་ཆེམས་འཇོག་མཁན་གྱི་མི་གྲངས་དང་ཁ་ཆེམས་ཀྱི་གྲགས་ཀ་གཉིས་གཅིག་མཚུངས་མིན།

ཁ་ཆེམས་ཡི་གེ་ལས་གཤམ་གསལ་གྱི་ལྟ་ཚུལ་ཁ་ཤས་ཤིག་རྟོགས་ཐུབ།

རང་སྲེག་ནི་འ་ཆད་འུ་ཐུག་གི་གནས་སུ་གྱུར་སོང་བ་ཞིག་མིན་པ།

ཐོག་མར་རླུང་ལྟར་གྲགས་པ་ཞིག་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་པས་ཀྱང་། རང་སྲེག་ནི་བོད་མིས་མིག་སྔར་གྱི་གནས་བབ་ལ་བཟོད་ཐབས་བྲལ་བའི་འ་ཆད་འུ་ཐུག་གི་གདམ་ཀ་ཞིག་ཡིན་པར་བསྒྲགས་པ་དེ་རེད། ཡིན་ན་ཡང་དེ་ལྟར་བྱུང་མི་འདུག་ཟེར་རྒྱུ་ཡང་དཀའ་མོ་རེད། གང་ལྟར། བརྒྱ་ཆ་ཡིས་ཟིན་པ་ནི་ ༡༩% རེད་ལ། དོན་ཚན་བདུན་ལ་དབྱེ་ཡོད་པའི་ཁྲོད་ན་བརྒྱ་ཆ་ཅུང་དམའ་ཤོས་དེ་ཆགས་ཡོད།

བོད་ནང་གི་རང་སྲེག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་འདུན་ཞུས་མེད་པ།

རྒྱུག་ཆེ་བའི་ལྟ་ཚུལ་གཞན་ཞིག་ཡོད་པ་ནི། རང་སྲེག་བྱེད་དོན་ནི་བོད་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་སློང་བའི་ཆེད་དུ་རེད་ཟེར་བའི་སྐད་ཆ་འདི་རེད། ཡིན་ན་ཡང་། དྲ་རྒྱའི་རྩོམ་པ་པོ་དགུ་འགྲུབ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་སྐུལ་བྱས་ཡོད་པ་མ་གཏོགས། ཁ་ཆེམས་གཞན་དག་ན་དེ་ཡི་བརྗོད་དོན་ཚུད་མི་འདུག་པས། དེ་ནི་ཁ་ཆེམས་ཀྱི་བརྒྱ་ཆའི་ཁྲོད་ཀྱི་གྲངས་ཀྱང་ཧ་ཅང་དམའ་བོ་རེད། དེ་བཞིན་དུ་གནད་དོན་འདི་ཡིས་ཀུན་གྱིས་བོད་ནང་གི་བོད་མི་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་བཅོལ་བྱས་ཡོད་པར་འདོད་པ་ལས་ལྡོག་ཡོད་པ་དེ་གསལ་བོ་ཤེས་ཐུབ། ཡིན་ན་ཡང་། བཙན་བྱོལ་ནས་མེར་བསྲེགས་བྱས་པའི(འདི་གོང་གི་རེའུ་མིག་ལ་ཚུད་མེད)ཁྲོད་ནས་འཇམ་དཔལ་ཡེ་ཤེས་ཀྱི་ཁ་ཆེམས་ནང་། རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་པའི་རེ་འདུན་ཐེངས་གཉིས་ལ་བཏོན་འདུག ད་དུང་ཤེས་རབ་ཚེ་རྡོར་གྱིས་ཀྱང་རང་སྲེག་མ་བྱས་པའི་སྔོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་དོ་སྣང་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་བ་ནི་ནམ་ཞར་བཙན་བྱོལ་བོད་མི་རྣམས་ཀྱིས་དམིགས་བྱ་གཙོ་བོ་ཞིག་ཡིན་པ་མ་ཟད། ད་ལྟའི་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀའི་གཙོ་གནད་ཅིག་ཀྱང་དེ་ཆགས་ཡོད། གནད་འདི་ནི་བོད་ཕྱི་ནང་གཉིས་ཀྱི་ཁྱད་པར་ཞིག་ཀྱང་རེད།


་་་་་་་་་་མུ་འགོད།

མ་རྩོམ་འདིར་གཟིགས། http://woeser.middle-way.net/2012/12/blog-post_18.html

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. བསྟན་འཛིན་བསོད་ནམས། says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་ངས་དེ་སྔོན་ནས་ཀློག་རྒྱུ་བྱུང་། དཔེ་མི་སྲིད་པའི་ཡག་པོར་མཐོང་སོང་། གཏིང་ཟབ་མོ་དང་ཞིབ་ཚགས་པོ་ཞེ་དྲག་འདུག ཡིན་ནའང་ང་རང་གིས་རྩོམ་ཡིག་དེ་བོད་བསྒྱུར་གྱི་ཆུ་ཚད་དང་སྤོབས་པས་འདང་མ་སོང་བས། ད་རེས་བོད་ཡིག་ཐོག་ནས་བསྐྱར་དུ་ཞིབ་ཚགས་ཀྱིས་ཀློག་རྒྱུའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི། རྒྱ་ཡིག་གི་མ་རྩོམ་འོག་ཏུ་ཀློག་པ་པོ་ཚོས་བསམ་འཆར་ཧ་ཅང་ཡག་པོ་མང་པོ་ཞིག་བཏོན་འདུག་ལ། དེ་དག་ལ་འོད་ཟེར་སོགས་ཀྱིས་ལན་འདེབས་ཀྱང་བྱས་འདུག་པ་དེ་དག་ཀྱང་རིམ་པ་བཞིན་བོད་ཡིག་ཐོག་བསྒྱུར་ཏེ་རྩོམ་ཡིག་འདིའི་འོག་གི་མཆན་གྱི་ནང་དུ་གཏོང་ཐུབ་ན་ཧ་ཅང་ཡག་པོ་ཡོང་ས་རེད། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཚོར་སྐྱབས་འཇུག་ཞུ་བཞིན་ཡོད།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིར་ཁྱད་ཆོས་གཉིས་འདུག

    ༡ རྟོག་ཞིབ་སྙན་ཞུའི་ཁྱད་ཆོས། ༢ བཙན་བྱོལ་དབུ་ཁྲིད་ཚོའི་བཤད་སྟངས་ལ་ཐེར་འདོན་བྱེད་པ།

    དེ་བས། འབྱུང་སྲིད་པའི་མཇུག་འབྲས་ཀྱང་གཉིས་འདུག

    ༡ རྒྱ་གཞུང་གིས་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་བརྙེད་ཐུབ་པར་བསྐུལ་འདེད། ༢ རྒྱལ་བ་རིན་པོ་ཆེ་ཚུད་པའི་བོད་ནང་མེར་བསྲེག་གཏོང་མཁན་ལྷན་རྒྱས་ཀྱི་དགོས་འདུན་དྲང་པོར་བརྗོད་མེད་མཁན་ཚོར་འགྲན་སློང་ཐུབ་ཡོད།

    དེ་འཕྲོས་སྨྱུག་ཐོགས་པ་ཚོའི་གཞོལ་མེད་ཀྱི་ལས་ཀ་ཞིག་ཡིན་པས། ཅིས་ཀྱང་མ་ནོར་མ་འཛོལ་བའི་ལམ་ནས་དབྱེ་ཞིབ་གནང་གལ་ཤིན་ཏུ་ཆེ་སྙམ།

    Reply
  3. རིག་འཛིན། says:
    ལོ་ 13 སྔོན།

    སྒྱུར་རྩོམ་འདི་རིགས་ཀྱི་རིན་ཐང་གཞལ་དུ་མེད་པ་རེད། ད་ལྟའི་དུས་ཚོད་འདི་ལ་འུ་ཅག་བོད་པའི་སྤྱི་ཚོགས་ནང་སྐད་ཡིག་གཞན་པའི་ཐོག་ཏུ་ཡོད་པའི་ཤེས་བྱ་སྣ་ཚོགས་བོད་ཡིག་ནང་བསྒྱུར་རྒྱུ་ཧ་ཅག་གལ་ཆེན་དོན་ཆེན་ཞིག་རེད། རྒྱ་རིགས་རྩོམ་པ་པོ་འདི་ལའང་ཡི་རངས་སྔགས་བརྗོད་ཡོད། བོད་པ་དཀའ་སྡུག་གི་དུས་ཚོད་ཅིག་ལ་བོད་དོན་ལ་རྒྱབ་སྐྱོར་གནང་སྟེ་སྐྱུད་སྡུག་མཉམ་བྱོང་བྱས་པ་རེད།

    Reply
  4. བློ་བཟང་ཚེ་རིང་། says:
    ལོ་ 13 སྔོན།

    གངསཅན་པའི་ལས་དབང་།

    Reply
  5. བློ་བཟང་ཚེ་རིང་། says:
    ལོ་ 13 སྔོན།

    གངས་ཅན་པ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese