མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བྱང་ཤར་ཁུལ་ཏུ་བོད་དོན་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཤར་ཁུལ་གྱི་སྤྱི་འཐུས་ལས་འགུལ་ཚོགས་ཆུང་གིས་ནུབ་བྷེང་གྷལ་མངའ་སྡེ་བློན་ཆེན་གཙོས་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་ སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། ཕྱི་ཚེས་ ༦ ཉིན་བྱང་ཤར་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་བཅས་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་འབྱོར་ཏེ།  མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨེམ་ཀེ་ནཱ་ར་ཡ་ནན་ (Shri M.K Narayanan) མཆོག་དང་མཇལ་འཕྲད་ཀྱིས་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། བློན་ཆེན་མཆོག་གིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་དེ་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་དང་མི་འདྲ་བར་ཧ་ཅང་བརྟན་པོ་ཡིན་པ་དང། ཁོང་སྐུ་སྒེར་ལ་མཚོན་ནའང་བོད་པ་ཐོག་མ་བཙན་བྱོལ་དུ་འབྱོར་བའི་སྐབས་ནས་འབྲེལ་བ་ཆགས་བསྡད་པ་ཞིག་ཡིན་ཚུལ། ཁོང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ལྟར། བོད་པ་ཚོའི་ངོས་ནས་བོད་དོན་ཐག་གཅོད་ཀྱི་ཐབས་ལམ་དེ་གོམ་པ་མདུན་སྤོས་ཐུབ་པ་ཞིག་དགོས་ཚུལ་སོགས་གསུངས་འདུག

 དེ་བཞིན། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་མོན་ཤི་ (Smt Deepa Das Munshi) ལགས ། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་དང། མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་རི་ཡ་ (Pradip Bhattachariya) ལགས། ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་ (Shri.Rachhpal Singh) ལགས། མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ཤ་ (Dr.Ramendranath Biswas) ལགས། ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་མ་རི་ཤ་དཱས་ (Samares Das) ལགས། སྐུ་ཞབས་ཨ་བྷོ་ནི་ཇོར་རྡར་(shri.Aboni Joardar) ལགས། སྐུ་ཞབས་སུག་བི་ལན་བར་མ་(shri.Sukhbilan Barma ལགས། མངའ་སྡེའི་གཞུང་འཛིན་རྒྱ་གར་རྒྱལ་ཡོངས་ཏྲི་མུལ་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་ཚོགས་གཞོན་སྐུ་ཞབས་བྷ་ནི་སིངྒ་རོ་ཝེ་(shri.Bani Singh Roy) ལགས་བཅས་གནད་ཡོད་མི་སྣ་ཁག་གི་མདུན་དུ་ཆེད་བཅར་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། ཡིག་ངག་གཉིས་ཀྱི་ཐོག་བོད་དོན་རྒྱབ་འབོད་སྐུལ་ཞུས་ཡོད་འདུག་ལ། ཁོང་རྣམ་པའི་ངོས་ནས་ཀྱང་ད་ལྟའི་བར་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

སྐར་མ ༢༢ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

ཆུ་ཚོད་ ༢༢ སྔོན་ལ།
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡

མཆན། 3

  1. བསང་ཆུ་འབྲུག་བྷེ། says:
    ལོ་ 13 སྔོན།

    ད་རེས་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་ལས་འགུལ་འདི་ནི་དུས་ལ་བབ་པ་དང་དོན་སྙིང་གིས་ཕྱུག་པ། གྲུབ་འབྲས་ལ་ཚོད་དཔག་མི་དམན་པ་བྱེད་ཆོག་པའི་བྱ་འགུལ་རྗེས་སུ་ཡི་རངས་བྱ་ཆོག་ཆོག་ཅིག་རེད།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    མ་ཟད་ཕར་ཚུར་བསྐྱོད་ཐེངས་རེར་གཞུང་འགྲོན་ག་ཚོད་ཙམ་འགྲོ་ཀྱི་ཡོད་དམ། བདེན་པའི་མེ་ལྕེར་འགྲོ་མགྲོན་སྒོར་འབུམ་དྲུག་བཅུའི་གསལ་བསྒྲགས་བྱས་པ་ལྟར་ད་ཐེངས་ཀྱིས་ལས་འགུལ་དེ་ཚོར་ག་ཚོད་འགྲོ་མིན་བརྗོད་དཀའ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    དེ་ཚོ་ནི་ཞུ་གཏུགས་བྱ་མཁན་ཡིན་ཁུལ་བརྗོད་རུང་དོན་གནད་ཁ་གསལ་མེད་ལ། མི་དགོས་པའི་ཁོ་ཚོའི་དྲིལ་བསྒྲགས་ཆེད་དཔོན་རིགས་ཚོ་ཐུགས་འཕྲད་ནམ་བྱུང་སྐབས་ཀྱིས་འདྲ་དཔར་དེ་ཚོས་བོད་པའི་རྩ་དོན་ལ་ཕན་ཐོག་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese