མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་ཅིའི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ།༼༢༽

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

མེ་ལྕེ་ཡི་ཁ་ཆེམས།—-བོད་མིས་ཅི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ།(དུམ་ཚན་གཉིས་པ)

 

ཝང་ལི་ཞོན་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

རང་སྲེག་རང་ངོས་ལ་ངོ་རྒོལ་དང་རེ་འདུན་གྱི་ནང་དོན་ལྡན་པ་སྨྲས་མེད་རེད།

རང་སྲེག་པའི་ཁ་ཆེམས་ཀྱི་ཁྲོད་ན་གསལ་ལྷང་ངེར་རྒྱ་གཞུང་ལ་ངོ་རྒོལ་དང་རེ་འདུན་བཏོན་ཡོད་པ་ནི་བརྒྱ་ཆ་ཡི་ ༡༩%  ཟིན་ཡོད། ཡིན་ན་ཡང་། མི་མང་པོ་ཞིག་གིས་རང་སྲེག་བྱེད་པའི་སྐབས་སུ་ “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས” “བོད་ལ་རང་དབང་དགོས།” “པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་གྲོལ་གཏོང་དགོས” “སྐད་ཡིག་རང་དབང”ལ་སོགས་ཀྱི་ཁ་གཡང་དང་འབོད་སྐད་བསྒྲགས་ཡོད་སྟབས། དེ་དག་ཚང་མ་ངོ་རྒོལ་དང་རེ་འདུན་བཏོན་པའི་ཕྱོགས་ལ་ཁ་སྣོན་བྱེད་དགོས། དེ་དང་སྦྲགས། ད་དུང་རང་སྲེག་བྱེད་མཁན་མང་པོ་ཞིག་ལ་ཁ་གཡང་དང་འབོད་ཚིག་ཀྱང་མེད་ལ་ཤུལ་ན་ཁ་ཆེམས་ཀྱང་མེད་མོད། རང་སྲེག་རང་ངོས་ལ་ངོ་རྒོལ་དང་རེ་འདུན་བཏོན་པའི་དོན་འདུས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་ཡིན་སྟབས་བསྐྱར་བཤད་མི་བྱེད།

 

.བོད་མི་སྙིང་སྟོབས་ཀྱི་གསོན་ཤུགས་མངོན་ཐུབ་པ།

 

རང་སྲེག་གིས་དཔའ་སྤོབས་དང་འགན་འཁྲི་མཚོན་པའི་ཁ་ཆེམས་ཡི་གེ་ཡི་བརྒྱ་ཆ་ ༣༥% ཟིན་ཡོད། འདི་ནི་ཁ་ཕྱི་ལ་གཏད་པ་( རྒྱ་གཞུང་དང་རྒྱལ་སྤྱི)ཞིག་མིན་ལ། དེ་ལས་བརྒལ་ཏེ་དཔའ་བོའི་རིང་ལུགས་ཀྱི་“བདག”གི་མི་གཞིའི་སྙིང་སྟོབས་མཚོན་པ་ཞིག་རེད། དེ་ཡང་། རྩིས་མཐོང་ལ་འགེབ་སྲུང་དང་དཀའ་སྡུག་མཉམ་འཁུར། དཔའ་སྤོབས་བསྐྱེད་པ། རྒྱབ་སྐྱོར་མཚོན་པ། དཔེ་མཚོན་གྱི་ཁ་ཆེམས་ཤིག་བཀོད་ན་“བོད་མི་རིགས་ཀྱི་བརྩི་མཐོང་གི་ཆེད་དུ་རང་ལུས་མེ་ལ་བསྲེགས་པ་ཡིན།”(བན་ཆེན་སྐྱིད།) “ཁོ་ཚོས་བསམ་པར་ང་ཚོ་དྲག་པོས་གཉའ་གནོན་ལ་འཇིགས་སྣང་སྐྱེས་བར་འདོད། ཡིན་ན་ཡང་། ཁོ་ཚོའི་བསལ་བློ་ནོར་བ་རེད།”(ཕུན་ཚོགས) འདི་ལ་སོགས་པ་ཡོད། དེ་དག་གིས་བོད་མི་རིགས་ཀྱི་རྩ་ཆེ་བའི་སྙིང་སྟོབས་ཀྱི་གསོན་ཤུགས་དེ་མཚོན་ཀྱིན་ཡོད།

 

ཆོས་ལུགས་ཀྱི་མཆོད་པ་ལ་ལྟ་བ།

 

རང་སྲེག་གིས་རྒྱལ་བ་རིན་པོ་ཆེ་ལ་གསོལ་འདེབས་བྱས་པ(དེ་དང་མཉམ་དུ་རྒྱ་གཞུང་ལ་ངོ་རྒོལ་དང་རེ་འདུན་བཏོན་པའང་འདུས)བརྒྱ་ཆ་ཡི་ ༣༨% ཟིན་ཡོད་པས་བརྒྱ་ཆའི་རིམ་པ་གཉིས་པར་བསླེབས་ཡོད། དེ་ཡི་ཁྲོད་ན་ཡང་དཔའ་སྤོབས་དང་འགན་འཁྲི་མཚོན་པའི་ཆ་ཡང་འདུས། གང་ལྟར། དེ་ནི་ཆོས་ལུགས་རང་བཞིན་གྱི་སྦྱིན་གཏོང་གི་རྣམ་པ་ཞིག་རེད། དཔེར་ན། བསོད་བྷ་རིན་པོ་ཆེ་མཆོག་གི་ཁ་ཆེམས་ཀྱི་བརྗོད་དོན་ལྟར་རང་ཉིད་ཀྱི་ཚེ་སྲོག་རྒྱལ་བ་རིན་པོ་ཆེ་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་ཕྱིར་ཕུལ་བ་ཡིན་ཞེས་བཀོད་ཡོད་བ་ལྟ་བུས་མཚོན་ཐུབ། ཡིན་ན་ཡང་། ཆོས་ཁས་མི་ལེན་མཁན་ཞིག་གིས་གནས་ཚུལ་འདི་ལ་རྒྱུས་ལོན་བྱེད་དཀའ། དེ་ཡང་། སྦྱིན་གཏོང་གི་ཆེད་དུ་ཤ་རློན་པ་མེ་ལ་སྦར་ཏེ། ཁེ་ཕན་མི་གཉེར་བར་དགེ་བ་དོན་གཉེར་བྱེད་ཚུལ་དེ་ཡིན། འདི་ལྟ་བུའི་ཆོས་ཕྱོགས་ཀྱི་བསམ་བློ་ནི་བོད་མི་མང་ཤོས་ལ་ཡོད་པ་མ་ཟད། དེ་ནི་རང་སྲེག་གི་འབྱུང་རྐྱེན་ལ་ཡང་འགྱུར་བཞིན་ཡོད།

 

བོད་རང་བཙན་དང་འབྲེལ་བ།

 

ཤུལ་གྱི་ཁ་ཆེམས་ཁྲོད་ན་ཁ་གསལ་བའི་སྒོ་ནས་བོད་རང་བཙན་ལ་རེ་སྙེག་བྱེད་མཁན་མི་ ༤ བྱུང་འདུག ད་དུང་མི་གཅིག་གི་རང་སྲེག་བྱེད་དོན་ནི།“བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་ཆེད་།”ཞེས་རྗོད་མཁན།(རྟ་འགྲིན་ཐར) སྡོམ་པའི་བརྒྱ་ཆ་ཡི་ ༡༩ ཟིན་ཡོད། གཞན། ད་དུང་རང་སྲེག་སྐབས་བོད་རང་བཙན་གྱི་སྐད་འབོད་སོགས་བྱུང་འདུག  ༢༠༠༨ ལོ་ནས་བཟུང་བོད་མིའི་ཁྲོད་དུ་རང་བཙན་གྱིོ་ལྟ་བ་ཤུགས་ཆེན་འཕེལ་སོང་། མ་ཟད་བཙན་བྱོལ་གྱི་བོད་མིའི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡིས་ཀྱང་ནམ་རྒྱུན་གསུངས་བ་ལྟར། ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་བར་འབོད་སྐུལ་དང་། བོད་རང་བཙན་ལ་དོན་གཉེར་བྱེད་པ་གཉིས་གཅིག་མཚུངས་རེད།(འཇམ་དབྱངས་ནོར་བུའི་J: MAKE IT BURNING ISSUE འདི་ལ་ལྟོས།) ད་དུང་འབྲེལ་མེད་དོན་གཞན་སྒྲུབ་མཁན་ཡང་རེ་ཟུང་ཡོད།

 

གཙོ་བོ་ལས་འགུལ་ཞིག་ལ་བརྩིས་བ།

 

ཁྱོན་སྡོམ་རང་སྲེག་བྱེད་མཁན་ ༡༤ ཡི་ཁ་ཆེམས་ ༡༢ ཙམ་གྱི་ནང་དུ། རང་སྲེག་ནི་ལས་འགུལ་ཞིག་ལ་བལྟས་ཡོད་པ་མཚོན་འདུག འདི་ནི་བརྒྱ་ཆ་ཡི་ཆེས་མང་ཤོས་དེ་ཆགས་ཡོད།(༥༤%) དེ་ཡང་རྒྱ་གཞུང་གི་ཚོགས་ཆེན་བཅོ་བརྒྱད་ཚོགས་སྐབས་རང་སྲེག་བྱེད་མཁན་མཐོ་རླབས་འཕྱུར་བ་ལྟར་བྱུང་ཡོད། དེ་ཚོ་རང་སྲེག་བྱེད་མཁན་རྣམས་ཀྱིས་ཁོ་ཚོའི་བློས་གཏོང་བྱས་པ་དེས་དམིགས་ཡུལ་མངོན་འགྱུར་ལ་རེ་ལྟོས་བྱས་ཡོད་པ་མཚོན་པ་ལས། ངོ་རྒོལ་དང་འ་ཆད་འུ་ཐུག་མཚོན་ཆེད་ཁོ་ན་མ་རེད། རང་སྲེག་གིས་དམིགས་ཡུལ་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་མེད་ཁོ་ཚོ་ལ་གསལ་ཆ་ཆེར་མེད་མོད། འོན་ཀྱང་། བསྟན་འཛིན་ཕུན་ཚོགས་ཀྱི་ཁ་ཆེམས་ཡེ་གེ་ལ་མཚོན་ན། “མུ་མཐུད་ནས་འཚོ་ཐབས་བྲལ།”ཞེས་བཀོད་ཡོད། འདི་འདྲའི་མི་སེམས་སྐྱོ་བའི་སྐད་ཆ་དེ་ནི་ཏན་ཏན་རང་སྲེག་ལ་རྒྱུས་ལོན་བྱེད་སྤྱད་ཀྱི་ལྡེ་མིག་ལྟ་བུ་རེད། དངོས་ནས་བསམ་གཞིགས་བྱེད་འོས་བ་ཞིག་རེད་ཨང་།

 

 

རང་ཉིད་ཁོ་ན་ལ་བརྟེན་དགོས་པ། བོད་ནང་གི་བོད་མི་ཚོས་མཇུག་མཐར་ཤེས་རྟོགས་བྱུང་།

 

བོད་ཀྱི་གནད་དོན་ལོ་མང་རིང་ལ་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད། ད་ནི་ཁ་ནང་ལ་ཕྱོགས་ཏེ་བོད་རང་ངོས་ལ་བསྐྱར་ཞིབ་ཅིག་བྱས་ན། ནམ་ཞར་བོད་པས་ཡར་རྒྱས་ཀྱི་རེ་བ་ཕྱི་ལ་བཅོལ་ཡོད། དེ་ཡང་། བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མི་ལ་རེ་བ་བཅོལ་ཡོད་པ་དང་། བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་བ་བཅོལ་ཡོད། རྗེས་ནས་རྒྱ་ནག་གཞུང་ལ་རེ་བཅོལ་བྱས་པ། དེ་ནས་ཆེས་རྩ་བའི་ཐབས་ལམ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་སྤྱད་དེ་རྒྱ་ནག་གིས་ལམ་ཁ་ཕྱེ་ཡོང་བར་བཙན་སྐུལ་བྱེད་པ་དེ་རེད།

 

རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ན། ཏཱ་ལའི་བླ་མས་འཛམ་གླིང་ཡོངས་ཀྱིས་ངོས་ལེན་ཐོབ་པའི་རྒྱལ་ཁ་བླངས་ཡོད། ཨ་རི་དང་ཡུ་རོབ་ཀྱི་མི་མང་ཕལ་མོ་ཆེ་ཡིས་བོད་མི་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད། ༧གོང་ས་མཆོག་ནི་ཀུན་གྱིས་ཤེས་བའི་གོ་ལའི་སྐར་ཆེན་(全球明星)དེ་ཆགས་ཡོད། ཡིན་ན་ཡང་། རྒྱ་ནག་ལ་གནོན་ཤུགས་སྤྲད་པའི་ཕྱོགས་ནས། ངས་བསམ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཧ་ལམ་ “མགོ་”ལ་བསླེབས་ཡོད་པར་སྙམ། རེ་བ་ཆེ་པོ་རྒྱག་རྒྱུ་ཁག་པོ་ཡིན་རྒྱུ་རེད། ༡༩༨༠ ཡི་ནང་ལ་ནུབ་ཕྱོགས་ཀྱི་ཕྱག་རོགས་མཁོ་གལ་ཆེ་བའི་སྐབས་སུ་ཡང་རྒྱ་གཞུང་གིས་བོད་དོན་ཐོག་ལ་གུ་ཡངས་ཁྱོན་ནས་བཏང་མེད། དུས་ད་ལྟ་ “འབུར་དུ་ཐོན་”ཚར་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲད་དེ་རྒྱ་ནག་གིས་ལམ་ཁ་ཕྱེ་ཡོང་བར་རེ་ལྟོས་བྱེད་པ་ནི་ཧ་ཅང་གི་མག་མོག་ཅིག་མ་ཡིན་ནམ།

 

༢༠༠༢ ནས་ ༢༠༠༨ ལོའི་བར་ལ་རྒྱ་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་མགོ་ཚུགས། ཐོག་མ་དེ་ནས་བཙན་བྱོལ་བྱོལ་བོད་མིས་པེ་ཅིན་ཨོ་ལམ་ཕིག་རྩེད་འགྲན་ནི་གོ་སྐབས་ཤིག་ལ་ངོས་འཛིན་བྱས་ཡོད་པ་མ་ཟད། ཁ་ཡོད་ལག་ཡོད་ཀྱིས་བོད་དོན་ཡར་རྒྱས་འགྲོ་བར་ཕན་པའི་རེ་བ་ཆེན་པོ་བྱས་ཡོད། དེ་བཞིན། བོད་ནང་གི་བོད་མི་ཚོས་ཀྱང་ཧ་ཅང་དགའ་སྣང་གིས་ཁེངས་ཏེ་ཧུར་ཐག་འབད་ཐག་ངང་སྒུག་བྱས།

 

༢༠༠༨ ལོའི་ཨོ་ལམ་ཕིག་རྩེད་འགྲན་མ་བསླེབས་པའི་སྔོན་ལ། ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་སྒེར་ལངས་དུས་དྲན་ཏེ་ཟླ་ ༣ ཚེས་ ༡༠ ཉིན་གསུང་འཕྲིན་ཞིག་སྤེལ་བའི་ནང“ ༢༠༠༢ ལོ་ནས་བཟུང་ངོས་ཀྱི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་དང་གླེང་གཞིའི་གནད་དོན་ངེས་ཅན་ཐོག་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་ཅིང་། དེ་དག་གི་སྐབས་ཁོང་ཚོའི་དོགས་པ་རྣམ་རྟོག་རྣམས་སེལ་ཆེད་དང་། ང་ཚོའི་མངོན་འདོད་གང་ཡིན་གསལ་སྟོན་ཆེད་གང་ཅིའི་ཐོག་འགྲེལ་བརྗོད་གླེང་མོལ་ཞིབ་རྒྱས་བྱས་པ་ལ་བརྟེན་ནས་ཕན་ཚུན་གོ་རྟོགས་སྤེལ་བར་ཕན་ཆ་བྱུང་ཡོད་ཀྱང་། གཞི་རྩའི་གནད་དོན་ཐོག་གྲུབ་འབྲས་གང་ཡང་མ་བྱུང་བ་དང་། འདས་པའི་ལོ་ཤས་ནང་བོད་དུ་དྲག་གནོན་གདུག་རྩུབ་ཆེ་རུ་བཏང་བ་བཅས་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན།”(སྒྱུར་པ་པོའི་མཆན། ཚན་པ་འདི་༧གོང་ས་མཆོག་གི་གསུང་འཕྲིན་ནས་ཐད་ཀར་དྲངས་བ་ཡིན།)

 

སྐབས་དེ་ཡི་ཏཱ་ལའི་བླ་མ་མཆོག་གི་གསུང་འཕྲིན་དེ་ནི་ཧ་ལམ་ཨོ་ལམ་ཕིག་མ་ཚོགས་སྔོན་གྱི་དུས་ཚོད་མཐའ་མ་དེར་རྒྱལ་སྤྱིས་རྒྱ་ནག་ལ་གཏད་པའི་གནོན་ཤུགས་དེ་སྲ་མཁྲེགས་སུ་འགྲོ་བར་རེ་ལྟོས་བྱས་པ་ཞིག་ཏན་ཏན་རེད། ཡིན་ན་ཡང་། རྒྱ་ནག་ལ་དངོས་ནས་རྒྱུས་ཡོད་མཁན་ཚོས་པེ་ཅིན་གྱི་ཨོ་ལམ་ཕིག་རྩེད་འགྲན་ཚོགས་མ་ཐུབ་ཀྱང་། རྒྱ་གཞུང་གིས་བོད་དོན་གྱི་ཐོག་ལ་གུ་ཡངས་མི་བྱེད་པ་དེ་ཤེས་ཀྱི་ཡོད། དངོས་ནས་རེད་ཨང་། དེའི་རྗེས་ཀྱི་རྒྱལ་སྤྱིའི་འགུལ་སྐྱོད་རྣམས་ངལ་བ་འབྲས་མེད་དུ་ཆགས་ཡོད། ཐ་ན་རྒྱ་གཞུང་ལ་རྣམ་འགྱུར་ཆེས་མཁྲེགས་ཤོས་འཛིན་མཁན་ཧྥ་རན་སིས་ཀྱང་མཐའ་མར་པེ་ཅིན་གྱི་ཁ་ལེན་ཚིག་བརྩི་བྱས་སོང་། མདོར་ན། འདི་དག་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་མང་རང་གི་ལམ་ཁ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་དེ་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་ལམ་ཁ་འཚོལ་བ་དེ་ནི་ཡོངས་སུ་ནུས་མེད་དུ་གྱུར་བ་དེ་ར་སྤྲོད་བདེན་དཔང་བྱས་ཡོད།

 

ཕྱོགས་གཞན་ཞིག་ནས། ཏཱ་ལའི་བླ་མ་མཆོག་གི་གསུང་འཕྲིན་དེ་ཡིས་བོད་ནང་གི་བོད་མི་ཚོ་ལ་དངངས་འཚབ་ཅིག་ཀྱང་བསླངས་ཡོད། ཁོ་ཚོས་ལོ་ཐོག་ཟླ་བརྩེགས་ཀྱིས་རེ་སྒུག་གྲངས་མེད་བྱས་ཏེ་དཀའ་སྡུག་གིས་འཚོ་བཞིན་ཡོད། བར་མཚམས་འདི་ལ་པཎ་ཆེན་རིན་པོ་ཆེ་བཙོན་ལ་བཅུག ཀརྨ་པ་བྲོས་བྱོལ་དུ་ཕྱིན། ཏཱ་ལའི་བླ་མ་མཆོག་ལའང་ཉིན་ལྟར་ཁ་རྡུང་བཏང་། མཐར་སྒུག་ནས་ཐོན་པའི་མཇུག་འབྲས་ནི “དོན་དམ་གྱི་གྲུབ་འབྲས་ཤིག་གང་ཡང་མེད་པ་དེ་རེད།” 

 

ཆེས་ཐོག་མར་ཏཱ་ལའི་བླ་མ་མཆོག་གི་གསུང་འཕྲིན་དེ་གོ་མཁན་ནི་སེ་ར་དགོན་པའི་གྲྭ་བ་ཞིག་རེད། ཁོས་“ང་ཚོ་ཡར་ལངས་དགོས”ཞེས་སྐད་འབོད་བྱས་ཏེ། གངས་སེང་གཉིས་ལྡན་གྱི་བོད་ཀྱི་རྒྱལ་དར་འཕྱར་ཏེ་ལྷ་སའི་ཁྲོམ་ལ་ཕྱིན་ནས་སྐད་འབོད་བརྒྱབ་ཡོད། དེ་ནི་ ༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ངོ་རྒོལ་སྐད་འབོད་ཐོག་མ་དེ་ཡིན། དེ་ནས་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར། འབྲས་སྤུངས་དགོན་པའི་གྲྭ་བ་བརྒྱ་ཕྲག་ཅིག་གིས་ངོ་རྒོལ་བྱས། དེ་ནི་རྒྱ་ནག་གིས་ “༣.༡༤དོན་རྐྱེན།”ཞེས་འཕྲལ་དུ་ཁྱབ་སྤེལ་བྱས་པ་དེ་རེད།

 

འོད་ཟེར་གྱི་ལྟ་ཚུལ་ལ་གཞི་བཞག་ན། ད་ལྟའི་རང་སྲེག་ལས་འགུལ་འདི་ནི་ ༢༠༠༨ ལོའི་ངོ་རྒོལ་གྱི་རྒྱུན་སྲེང་བ་ཞིག་ཡིན་པར་བརྗོད། དོན་དངོས་སུ་ཆེས་ཐོག་མར་ཀྲོང་ངེར་འགྲེང་ཏེ་སླེབས་ཡོང་བའི་སེ་རའི་དགོན་པའི་གྲྭ་བ་དེས་གསུངས་བ་ལྟར།  “ ང་ཚོ་ཡར་ལངས་དགོས”ཟེར་བ་དེའི་རྒྱུན་ཐག་ཅིག་ཀྱང་རེད།

 

རང་སྲེག་ཇི་ལྟར་ལས་འགུལ་ཞིག་ཏུ་གྱུར་བ་རེད།

རྩ་འཛུགས་དང་ཐོན་ཁུངས་མེད་པར་མང་ཚོགས་ཀྱིས་བསྒྲུབ་ནུས་པ་མང་པོ་ཞིག་མེད། ཆེས་མཐོང་ན་སྙམ་པ་དེ་ནི་༢༠༠༨ ལོར་ཁྲོམ་ལ་ཕྱིན་ཏེ་ངོ་རྒོལ་རྔམ་སྟོན་བྱས་པ་དེ་ལྟ་བུ་རེད། དེ་ཡང་མང་སེམས་མདུན་དུ་ཕྱོགས་ཏེ་གཅིག་འགྲོ་བརྒྱ་ལངས་ཀྱི་སྒོ་ནས་མི་མང་འདུ་འཛོམས་བྱས་པས་སྟོབས་ཤུགས་བསྐྲུན་ཡོད་པ་དང་། གཞི་རྒྱ་ཆུང་བའི་སྤྱི་ཚོགས་ནས་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་བྱས་པའི་གཞི་རྒྱ་ནི་ཧ་ཅང་ཆེ་ཞིང་གསར་བརྗེ་བསླང་བར་ཡར་སྐུལ་གྱི་ངེས་པ་ཡང་ལྡན་ཡོད། ཡིན་ན་ཡང་། གཞི་རྒྱ་ཆེ་བའི་སྤྱི་ཚོགས་ནང་གནས་པའི་གྲངས་ཉུང་མི་རིགས་ལ་དེ་འདྲ་བྱེད་ཐུབ་པའི་ངེས་པ་མེད་པ་གཏན་ཁེལ་རེད།

 

༡༩༨༩ ལོར་རྒྱ་མི་སྟོང་ཕྲག་བརྒལ་བ་རྒྱ་ནག་གི་ས་ཆ་སོ་སོ་ཡི་སྲང་ལམ་དུ་བུད་པ་ཚོར་ཁྲག་དམར་བཞུར་བར་ཕངས་སེམས་བྲལ་བའི་སྒེར་གཅོད་པས་དྲག་གནོན་དང་གཅར་རྡུང་བྱས། དེར་བརྟེན། བོད་མི་ཚོར་དམིགས་བསལ་ཞིག་གང་ན་ཡོད། དམག་དཔུང་གིས་བཙུར་གནོན་དང་གཉེན་རྟོག་པ་འདུ་ལོང་བྱས་ཏེ་གང་ས་ནས་ཡུལ་མི་འཛིན་བཟུང་བྱེད་དུས། མི་མང་འདུ་འཛོམས་ཀྱི་ལས་འགུལ་ཇེ་དཀའ་ནས་ཇེ་དཀར་འགྱུར་བཞིན་ཡོད། དེ་བས། “ངེས་པར་ཡར་ལངས་དགོས”ཟེར་བ་ཡང་མི་སྒེར་ཁོ་ནས་བསྒྲུབ་ནུས་པའི་བྱ་སྤྱོད་ཙམ་དུ་གྱུར། དེར་བརྟེན། རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུའི་མི་སྒེར་བ་ཞིག་གིས་བོངས་ཆེ་བའི་དབང་འཛིན་པ་ལ་ཇི་ལྟར་ངོ་རྒོལ་བྱེད།

༢༠༠༨ ལོའི་བོད་མིས་ངོ་རྒོལ་བྱས་པར་དྲག་གནོན་བྱས་པའི་རྗེས་ནས་བཟུང་། བོད་མི་མི་ཉུང་བ་ཞིག་ཁེར་རྐྱང་དུ་སྲང་ལམ་དུ་བུད་དེ་སྐད་འབོད་བྱེད་པ་དང་ཡིག་ཆ་བཀྲམས་པ་སོགས་བྱས་ཡོད། མཇུག་འབྲས་ནི་ཚང་མ་གྲགས་མེད་འགུལ་མེད་ངང་རླངས་པ་ལྟར་འཇིག་རྟེན་ནས་ཡལ་སོང་། དེ་བས་ཁ་ཐོར་དུ་གནས་པའི་མི་སྒེར་པ་ཞིག་གིས་ཇི་ལྟར་འདི་འདྲའི་འ་ཆད་འུ་ཐུག་གི་གནས་ལས་ཕྱིར་འབུར་ཐོན་བྱེད་ཐུབ་བམ། ད་ཐབས་ལམ་ཉག་ཅིག་ཡོད་པ་དེ་ནི་སྔར་ལས་ཚད་མཐོ་བའི་རྣམ་པ་ཞིག་ཏུ་བསྐྱོད་རྒྱུ་དེ་རེད། དེ་ཡང་། དྲ་རྒྱའི་རྩོམ་པ་པོ་དགུ་འགྲུབ་ལགས་ཀྱི་ཁ་ཆེམས་སུ་བཀོད་པ་ལྟར།  “ཞི་བའི་འཐབ་རྩོད་སྔར་ལས་ཚད་མཐོ་བའི་གནས་སུ་གཏོང་བ།” ཞེས་བརྗོད་ཡོད་པ་ལྟ་བུའོ་། གང་ལྟར། རང་སྲེག་ནི་ཏག་ཏག་མི་སྒེར་པ་ཞིག་གིས་བསྒྲུབ་ནུས་པའི་སྔར་ལས་ཚད་མཐོ་བའི་རྣམ་པ་ཞིག་རེད།

རང་སྲེག་དངོས་ནས་ཁ་གསལ་མངོན་གསལ་གྱི་སྒོ་ནས་བྱུང་སོང་། མི་རེ་རེ་ཡིས་ཚེ་སྲོག་མེ་ལ་བསྒྲོན་པ་དེ་འཛམ་གླིང་ཡོངས་ཀྱིས་མཐོང་ཡོད་ཅིང་། གསར་སྤེལ་དང་ཐོ་འགོད། སྨོན་ལམ་དང་མཚམས་འདྲི། གཞི་རྒྱ་ཆེ་བའི་སྒོ་ནས་ཁྱབ་སྤེལ་ཡང་བྱས་ཡོད་པས། བོད་མི་གཞན་ཚོས་ཀྱང་ཤེས་ཐུབ་པ་བྱུང་ཡོད། གང་ལྟར། རང་སྲེག་ནི་མི་སྒེར་ལས་འགུལ་ཁྲོད་ཆེས་ཕན་ནུས་པ་ལྡན་པ་ཞིག་བྱུང་ཡོད་སྟབས། རང་སྲེག་ལས་འགུལ་གྱི་ཛ་དྲག་གི་རྣམ་པ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་བཞིན་ཡོད།

དཔེར་ན། ༢༠༠༨ ལོའི་བོད་མིས་ངོ་རྒོལ་བྱེད་མཁན་གྱི་ཐོག་མ་ནི་གྲྭ་བ་ཡིན་ཞིང་། རང་སྲེག་ལས་འགུལ་གྱི་མགོ་མ་ཡང་གྲྭ་བ་རེད། དགའ་ལྡན་དགོན་པའི་གྲྭ་བ་བཀྲ་བྷ་ཡིས་ ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ནང་ལ་བོད་ནང་ནས་ཆེས་ཐོག་མར་རང་སྲེག་བྱས་པ་ནས་བཟུང་། ༢༠༡༡ གི་ཕྱི་ཟླ་ ༡༢ པར་མི་ ༡༢ ཀྱིས་རང་སྲེག་བྱས་ཡོད་མཁན་ཚང་མ་གྲྭ་བ་ཡིན། (མཆན། ང་རང་གིས་ ༢༠༠༨ ལོར་བོད་མིས་གྱེན་ལངས་བྱས་རྗེས་རྒྱ་གཞུང་གིས་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་འཕུད་བཏང་བ་རྣམས་སྔར་བཞིན་གྲྭ་བ་ལ་རྩི་བཞིན་ཡོད།) དེ་ནས་མི་སྐྱ་རང་སྲེག་བྱེད་མཁན་ཆེས་ཐོག་མ་བྱུང་དུས་ནིོ་ ༢༠༡༡ ཕྱི་ཟླ་ ༡༢ པའི་ནང་རེད། དེ་ནས་ ༢༠༡༢ ལོའི་དུས་ཚིགས་དང་པོ་ལ་ཁྱོན་མི་ ༢༠ ཡིས་རང་ལུས་མེར་བསྲེགས་བྱས་ཡོད་ཅིང་། དེ་དག་ནང་ནས་མི་ ༡༥ གྲྭ་བ་རེད། དུས་ཚིགས་གཉིས་པ་དང་གསུམ་པར་གཞི་ནས་རང་སྲེག་བྱེད་མཁན་མང་ཆེ་བ་མི་སྐྱ་ཆགས་ཡོད། དུས་ཚིགས་བཞི་པའི་ཉིན་ ༧༠ རིང་ཁྱོན་མི་ ༥༠ ཙམ་གྱིས་རང་ལུས་མེར་བསྲེགས་བྱས་ཡོད། དེ་ཡི་ནང་ནས་མི་ ༤༣ ནི་མི་སྐྱ་ཡིན།

བོད་འབངས་ཕལ་བས་འདི་ལྟར་གཅེས་སྲོག་དོར་ཏེ་རང་སྲེག་ལས་འགུལ་སྤེལ་བ་འདི་ལ་རྒྱུས་ལོན་བྱེད་པར་བརྩམ་དུས། ང་རང་གིས་རྟག་པར་བོད་པའི་བུ་མོ་ཞིག་གིས་བཤད་མྱོང་བའི་སྐད་ཆ་ཞིག་ཡིད་ལ་འཁོར་ཡོང་གི་འདུག ཁོ་མོའི་བརྗོད་དོན་ “ངས་རང་མི་རིགས་ཀྱི་ཆེད་དུ་བྱིས་པ་ཁ་ཤས་སྐྱེས་ཐུབ་པ་ལས། མི་རིགས་འདི་ལ་སྲི་ཞུ་སྒྲུབ་པའི་ནུས་པ་གཞན་ང་ལ་ཅི་ཡང་མེད” རང་སྲེག་མཁན་གྱི་ཁ་ཆེམས་ནང་དུའང་འདི་དང་མཚུངས་བའི་གནས་ཚུལ་བྱུང་ཡོད། དཔེར་ན། འབྲོག་པ་བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་འཕེལ་གཉིས་ཀྱི་ཁ་ཆེམས་ནང་། “ངེད་གཉིས་ལ་མཚོན་ན། བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་ཕན་ནུས་བསྒྲུབ་པའི་ནུས་པ་མེད་ལ། དཔལ་འབྱོར་གྱི་ཕྱོགས་ནས་ཀྱང་བོད་མི་རིགས་ལ་ཕན་ཐོགས་མི་ནུས་སྟབས། ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་བྱས་པ་ཡིན”ཞེས་པ་ལྟ་བུའོ།།

 

ལོ་ ༦༡ ལ་སོན་ཡོད་པའི་དོན་གྲུབ་ལགས་ཀྱིས་ཡང་དང་བསྐྱར་དུ་གྲྭ་བ་དང་ན་གཞོན་ཚོས་རང་སྲེག་མི་བྱེད་པར་གསོན་པོར་གནས་ཏེ། མི་རིགས་ཀྱི་མ་འོངས་པའི་ལས་དོན་ཕྱོགས་ལ་འབད་བརྩོན་བྱས་ཏེ་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག་ཅིང་། ལོ་ན་རྒན་རབས་ཚོས་རང་སྲེག་བྱས་ན་འོས་པའི་བརྡ་ལན་ཡང་སྤྲད་འདུག གལ་ཏེ་བོད་མི་མང་གིོས་རྒྱུ་ནོར་དང་ཤེས་ཡོན་མ་སྤྱད་པར་རང་སྲེག་ལས་འགུལ་གྱིས་ནུས་པ་ཐོན་ཏེ་མང་ཚོགས་ལ་ངར་སློང་དང་། རྒྱ་གཞུང་ལ་འགུལ་དཀྱོག་གཏོང་ཐུབ་པ་དེ་ཤེས་ན་ཁོ་ཚོས་དཔའ་ངར་ཞུམ་མེད་དང་འབད་པ་ལྷོད་མེད་སྒོས་བསྒྲུབ་ངེས་རེད།

མཚམས་འདི་ལ། རྒྱལ་བ་ཀརྨ་པ་མཆོག་གིས་རྩ་ཆེ་བའི་ཚེ་སྲོག་འདི་རང་སྲེག་མི་བྱེད་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། གྲུབ་འབྲས་མེད་ཀྱང་ཧ་ལས་པ་མེད་ཅེས་གསུངས་ཡོད། རྒྱུ་མཚན་ནི་རང་སྲེག་བྱེད་མཁན་གྱིས་རང་ཉིད་ཀྱི་རྩ་ཆེ་བའི་ཚེ་སྲོག་དེ་བློས་གཏོང་བྱས་ཡོད་པས་རེད། ཡིན་ན་ཡང་། འོད་ཟེར་དང་ཨ་རྒྱ་རིན་པོ་ཆེ། སྙན་ངག་པ་དགའ་སྡེ་ཚེ་རིང་བཅས་ཀྱིས་གསོན་ནས་ཀྱང་འགྱུར་བ་མངོན་པར་ཕན་མི་ཐོགས་པར་བསྒྲགས་ཡོད། རྒྱུ་མཚན་ནི་རང་སྲེག་བྱེད་མཁན་ཚོས་གསོན་པོར་བསྡད་ཀྱང་ཅི་ཞིག་བསྒྲུབ་དགོས་མིན་ཤེས་ཀྱི་མེད་སྟབས། དེ་ལས་རང་སྲེག་གིས་ཆེས་ཉུང་མཐར་ཡང་ཁུ་སིམ་དཀྲོགས་ཐུབ་པས་རེད། གཞན་ཡང་དཔའ་ངར་ཞུམ་མེད་ཀྱི་བོད་མི་འདི་ཚོས་རང་སྲེག་མི་བྱེད་པ་ལས་ཁོ་ཚོས་ཅི་ཞིག་བསྒྲུབ་ནུས་སམ། ཁོ་ཚོ་ཐོབ་འབྲས་མེད་པའི་རེ་སྒུག་ཁོ་ན་ཡི་ཁྲོད་ན་འཚོ་བཞིན་ཡོད་པ་མ་ཡིན་ནམ།

་་་་་་་་་་་་་་མུ་འགོད།

མ་རྩོམ་འདིར་གཟིགས། http://woeser.middle-way.net/2012/12/blog-post_18.html

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༦ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 2

  1. ཁྲི་སྲོང་བཙན། says:
    ལོ་ 13 སྔོན།

    ཝང་ལི་ཞོན་གྱི་རང་སྲེག་དཔྱད་བརྗོད་འདིའི་ནང་དུ་བདེན་པའི་ཆ་འདུག་ལ་མི་བདེན་པའི་ཆ་ཡང་ཉུང་ཉུང་མ་རེད། དཔེར་ན། རང་སྲེག་ནི་འ་ཆད་འུ་ཐུག་གི་གནས་སུ་གྱུར་སོང་བ་ཞིག་མིན་པ་ཟེར་བའི་དོན་ཚན་འདི་ལྟ་བུ་ནི་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་ཁོ་ནར་བལྟས་ནས་བྲིས་པ་ཞིག་ལས་ད་ལྟའི་བོད་ཀྱི་གནས་སྟངས་ཁྱོན་ཡོངས་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱེད་ནས་བྲིས་པ་ཞིག་མ་རེད་སྙམ།། །། ཡར་ཁམས་ཁྲི་རྒྱལ་གྱི་བསམ་ཚུལ་བརྒྱུད་འགོད།།

    Reply
  2. བསྟན་འཛིན་དོན་ཡོད། says:
    ལོ་ 13 སྔོན།

    རྒྱ་ཡིག་ཐོག་གི་རྩོམ་ཡིག་རྩ་ཆེན་པོ་ཞིག་བོད་ཡིག་ནང་བསྒྱུར་བར་ཐུགས་རྗེ་ཆེ། ཝང་ལི་ཞོན་འདིས་སྐད་ཆ་རྣོན་པོ་འགའ་ཞིག་བཤད་འདུག 2008 ལོར་བོད་ནང་ནས་ཞི་བའི་ཡར་ལངས་ཆེན་མོ་བྱས་པ་དེ་ཨོ་ལིམ་ཕིག་རྩེད་འགྲན་གྱི་གོ་སྐབས་བཟུང་སྟེ་རྒྱལ་སྤྱིའི་ཐོག་གི་གནོན་ཤུགས་སླེབས་ཐུབ་བྱས་པ་རེད་ཟེར་བ་དེ་བདེན་པ་མ་རེད། ཡིན་ནའང་རྒྱ་གཞུང་གིས་པེ་ཅན་གྱིས་ཨོ་ལིམ་ཕིག་གི་རྩེད་འགྲན་ཚོགས་མ་ཐུབ་ཀྱང་རྒྱ་ནག་བོད་དོན་ཐོག་འགྱུར་བ་གང་ཡང་གཏོང་གི་མ་རེད་ཟེར་བ་དེ་བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese