མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་ར་བ་བསྟན་འཛིན་ཆོས་ཉིད་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཕྱི་ཚེས་
 ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༡༣ སྟེང་། སྐུ་སྒེར་དྲུང་ཆེ་ཟུར་བ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་དགུང་ལོའི་བབ་དང་བར་ལམ་ནས་སྐུ་སྙུང་བཞེས་བཞིན་ཡོད་པ་བཅས་ལ་བརྟེན་ཏེ། ངྷ་རམ་ས་ལའི་ཉེ་འཁྲིས་ནོར་གླིང་དུ་སྐུ་གཤེགས་ཡོད་འདུག སྐུ་གཤེགས་དམ་པ་ཁོང་ད་ལོ་དགུང་གྲངས་ ༩༣ བཞེས་པའི་ཐོག་སྐུ་ཚེའི་འཕེན་པ་རྫོགས་ཡོད།

གནས་ཚུལ་དེ་བྱུང་མ་ཐག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འདས་པོ་དམ་པའི་སྐུ་ཕུང་ལ་མཇད་དར་སྒྲོན་པར་ཕེབས་ཡོད་པ་དང་། དེ་རིང་ཉིན་རྒྱབ་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་ལས་བྱེད་ཆེ་ཕྲ་ཡོངས་གངས་སྐྱིད་གསོལ་ཐབ་ཚོགས་ཁང་དུ་འཛོམས་ཏེ། སྐུ་གཤེགས་དམ་པར་སྨོན་ལམ་གསུང་འདོན་དང་མྱ་ངན་གུས་འདུད་ཞུ་བཞིན་ཡོད་པ་རེད།  

 རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ནི་ཕྱི་ལོ་ ༡༩༢༠ ལོར་མྱང་སྟོད་རྒྱལ་རྩེ་རྫོང་ཁོངས་མཁར་ཁ་གཞིས་སུ་ཡབ་སྐལ་བཟང་ཆོས་འབྱོར་དང་ཡུམ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྔར་ལམ་ཡིག་རྩིས་རིག་ནས་སློབ་གཉེར་དང་། གཞུང་སྲོལ་ཕྱག་བྲིས་ཀྱི་ལས་དོན་སྤྱན་ལྟོས་མྱོང་གསོག་ལེགས་འགྲུབ་ཀྱིས་ཕྱི་ལོ་ ༡༩༢༠ ལོར་དགུང་གྲངས་ ༢༢ ཐོག་གཞུང་ཞབས་རྩེ་དྲུང་གི་གསར་མཇལ་ཞུས་ཏེ་ཐོག་མ་རྩྭ་གཉེར་དང་། རིམ་པར་ལྷ་བུ་གཞིས་སྡོད། བཀྲ་ཤིས་ལྷུན་ཛ་བླའི་ལས་བྱ། རྒྱ་ནག་དོན་གཅོད་ཐའི་མཁན་སྦྲེལ་པོའི་ལས་བྱ་རྩེ་མགྲོན། བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་ནང་རྩེ་མགྲོན་གྱི་འཐུས་མིར་བདམས་ཐོན་ཚོགས་ཞུགས། མཁན་ཆུང་གི་མཚན་གནས་ཐོག་ནོར་གླིང་ནང་མ་ཁང་དུ་ཕྱག་བྲིས་ཞབས་ཞུའི་འགན་བཞེས།

རྒྱ་དཀར་ནག་གིས་མཚོན་ཕྱི་ནང་ཆིབས་སྒྱུར་གར་གནང་ལ་༸རྒྱལ་བའི་ཆིབས་ཞབས་ལྷན་བཅར་དང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་རྒྱ་མིས་ཟིང་བསླངས་དྲག་མནོན་སྐབས་སེར་སྐྱ་མང་ཚོགས་ཀྱིས། བསྟན་སྲུང་དང་བླང་སྒྲིག་འཛུགས་ཀྱི་ཇུས་འགོད་བཀའ་བཀོད་ཁང་གི་དབུ་འཁྲིད་ཁོངས་སུ་མང་མོས་འོས་འདེམས་ལྟར། ཕྱི་ནང་གསང་གསུམ་གྱིས་སྐུ་ཕྱྭའི་སྲུང་སྐྱོབ་དང་རྒྱ་གར་དུ་གདན་ཞུའི་ཐབས་སྐུལ་ཐུགས་བརྩོན་དང་། ཟིང་འཁྲུག་ནང་དགྲ་བོར་གདོང་གཏུགས་མེ་ལན་སློག་རྒྱུར་ཐུགས་འགྱོད་མེད་པ་གནང་མཐར་བཙན་བྱོལ་དུ་ཕེབས་ཏེ་སྐུ་ཚེ་མཐའ་འཁྱོངས་སྐུ་སྒེར་དྲུང་ཆེའི་ཐུགས་འགན་རྐང་བཞེས་ཡོད། དམ་པ་ཁོང་གིས་༧གོང་ས་མཆོག་བཀའ་སློབ་སྔ་ཕྱི་གླེགས་བམ་ཕྱོགས་བསྒྲིགས་དང་སྐུ་ཚེའི་ལོ་རྒྱུས་ཕྱག་དེབ་ཅིག་ཀྱང་བྲིས་གནང་མཛད་ཡོད་འདུག 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྟ་ར་པ་བསྟན་འཛིན་ཆོས་ཉིད་མཆོག་གིས། རང་ཉིད་ངོ་སྤྲོད་ཅེས་པའི་རང་རྣམ་ནང་ལ།
    ་་་ རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ན། ༡༩༤༡ ལྕགས་སྦྲུལ་ལོ་གསར་ལ་གཞུང་གི་ཞབས་སྣེར་ཚུད་པ་ནས་ ༢༠༠༡ ལྕགས་སྦྲུལ་བར་དགོངས་ཞུ་ཟླ་བ་གསུམ་མ་གཏོགས། མི་ལོ་དྲུག་ཅུ་རེ་གཅིག་ཧྲིལ་པོ་གཞུང་གི་ཞབས་ཕྱི་ཞུས་འདུག དེའི་རིང་གཞུང་འབངས་སྲིད་ཞུར་སྨན་པའི་བྱས་རྗེས་གཟེངས་ཐོན་འདི་ཡིན་བརྗོད་འོས་ཏིལ་འབྲུ་ཙམ་ཡང་མེད་རུང་། ཁྲིམས་དང་། ལས་འབྲས་མ་བསྲུངས་པ། གཞུང་འབངས་ལ་ལྷག་བསམ་མ་དག་པའི་བྱས་ཉེས་ནོངས་འགྱོད་རིགས་གཏན་ནས་མེད། ་་་་་་ཞེས་གསུངས་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ཐོག་མར་དྷ་སའི་ཕོ་བྲང་ནང་ལ་༡༩༧༥ཙམ་ནས་ཐོག་མར་མཇལ་མྱོང་བས། མྱ་ངན་གུས་འདུད་ཞུའོ། །

    Reply
  3. ཆོས་བཟང་། says:
    ལོ་ 13 སྔོན།

    འདས་པོ དམ་པ་ཁོང་ལ་སེམས་གཏིང་ནས་མྱ་ངན་གུས་འདུད་གྲངས་མེད་ཞུ། ཁོང་གི་སྐུ་ཚེ་གང་པོ་དེ་༧གོང་ས་མཆོག་དང་བོད གཞུང་གི་ཞབས་ཕྱིར་བཏངས་པ་དེར་བོད་མི་ཡོད་དོ་ཅོག་ནས་མྱ་ངན་ཞུ་འོས། བླ་བྲང་རྫིག་རྔམ་སུ་ཆེ་དང་། བརླང་འཁོར་ཚོང་རྟགས་སུ་ཡག་བྱས་ནས། ༧གོང་ས་མཆོག་གི་མདུན་ནས་འདྲ་ཆགས་སེ་རེ་བཤད་མཁན་ལ་ལྟོས་དང་།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    སེམས་གཏིང་ནས་མྱ་ངན་ཞུ། རི་རྒྱལ་ལྷུན་པོ་ནུབ་པར་མྱ་ངན་ཞུ། ཡངས་པའི་རྣམ་དཔྱོད་གཟིམ་པར་མྱ་ངན་ཞུ། འདོད་ཆུང་ཆོག་ཤེས་ངང་དྲང་བདེན་རྣམ་པར་རྒྱལ་བའི་མཛད་འཕྲིན་སྐྱོང་མཁས་རླབས་ཆེན་གང་ཟག་ཅིག་ཞིང་དུ་གཤེགས་པར་མྱ་ངན་ཞུ། རྙོག་དྲ་རུ་འཛིང་དང་དཀའ་ངལ་ཁྲི་ཕྲག་གི་ཁ་གཏད་ནས་ནམ་ཡང་ཞུམ་མ་མྱོང་བའི་དཔའ་བོ་ཞིག་སྐུ་གཤེགས་པར་མྱ་ངན་ཞུ། ཁྱེད་ལ་གླེང་མི་ཚར་བའི་མཛད་རྗེས་ཡོད་ལ། ང་ཚོས་འཁྱོག་མི་སྲིད་པའི་མིག་དཔེ་དང་ཞབས་རྗེས་ཡོད། ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་དབུ་མར་གནས་པ་དང། མི་རབས་གསར་པ་ཚོར་ཕྱོགས་ཡོངས་སུ་ཐོས་རྒྱ་དང་མཐོང་རྒྱ་དགོས་པའི་ཐུགས་རེ་གནང་བའི་ཚུལ་རྣམས་ཀྱིས་ཁྱེད་ཉིད་ངས་དོན་དམ་གྱི་མྱ་ངན་ཞུ་ས་གཅིག་ཡིན།།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྒན་པ་རི་འདྲ་བ་མང་པོ་ཞིག་སྔ་རྗེས་སུ་སྐུ་གཤེགས་ནས་རྫོགས་སྟངས་འདི། ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ་རེ་རེ་འབྱུང་བའི་ཁམས་སུ་འཐིམ་ནས་འཇིག་པ་དང་གཅིག་མཚུངས་ཡིན། ཡིད་གདུང་དྲག་པོས་གུས་འདུད་ཞུ།

    Reply
  6. གནས་ཚང་། says:
    ལོ་ 13 སྔོན།

    མྱ་ངན་གུས་འདུད་ཞུ།

    Reply
  7. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    མྱ་ངགན་གུས་འདུད་ཞུ།

    Reply
  8. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    སྐུ་ཚེ་གང་པོ་བོད་ཀྱིས་རྩ་དོན་ཐོག་སྐུ་ངལ་འཛེམས་མེད་སྐྱོན་པ་མ་ཟད་༸གོང་ས་མཆོག་༸གི་དབུ་འོག་ཐར་སོན་མཛད་མཁན་ཞིག་ཡིན་ལ། རྒྱུན་དུ་གྲྭ་རྐྱང་བརྟུལ་བཞུགས་ཀྱིས་སུ་གང་ལ་ཡང་ཉེ་རིང་མེད་པའི་མི་སྣ་རླབས་ཆེན་ཞིག་ཡིན་པས་་སྙིང་དབུས་གུས་བཏུད་དང་། མྱ་ངན་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese