མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་པ་སངས་ལྷ་མོ་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱི་ཆེད་གཞུང་འབྲེལ་ཐོག་མཆོད་འབུལ་སྨོན་ལམ་ཞིག་གནང་སོང་། 

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས། བཞུགས་སྒར་ཁུལ་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་མ། སེར་སྐྱ་མི་མང་བཅས་ཁྱོན་མི་  ༡༠༠༠ བརྒལ་བ་འདུ་འཛོམས་ཐོག ༢༠༡༢ ལོའི་ཕྱི་ཟླ་ ༩ བའི་ཚེས་ ༡༣  ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་གཞུང་གིས་ས་ཆ་གཞུང་བཞེས་བཏང་བའི་གནས་ཚུལ་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེཊ་གནང་སྟེ། ད་ལྟ་སྨན་ཁང་དུ་ཡོད་པའི་ཡུ་ཤུལ་སྐྱེ་རྒུ་མདོའི་རང་ལོ་ ༦༢ ཡིན་པའི་པ་སངས་ལྷ་མོ་ལགས་དང་། ཟླ་འདིའི་ཕྱི་ཚེས་ ༡༢  ཉིན་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་གྱི་སྲང་ལམ་དུ་རང་ལུས་མེར་བསྲེཊ་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རང་ལོ་ ༢༢ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་ཐོག་བསྔོ་སྨོན་མཆོད་འབུལ་གནང་སོང་།

 བསྔོ་སྨོན་མཆོད་འབུལ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ཁྱོན་ ༩༧ དང་།  ༢༠༡༢ ལོར་རང་ལུས་མེར་བསྲེཊ་གནང་མཁན་ཁྱོན་ ༨༣  བྱུང་བ་ལས་བོད་མི་ ༨༡ འདས་གྲོངས་སུ་ཕྱིན་ཡོད་པ།  ༢༠༡༣ ལོའི་ཕྱི་ཟླ་ ༡ ནང་བོད་མི་གཅིག་གིས་རང་ལུས་མེར་བསྲེཊ་གནང་པའི་གནས་ཚུལ་དང་། ཡུ་ཤུལ་སྐྱེ་རྒུ་མདོའི་བོད་མི་པ་སངས་ལྷ་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ས་ཆ་གཞུང་བཞེས་བཏང་བའི་གནས་ཚུལ་ལ་ངོ་རྒོལ་ཆེད་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་ད་ལྟ་སྨན་ཁང་དུ་ལྷག་ཡོད་པའི་སྐོར་ངོ་སྤྲོད་གནང་བྱུང་བ་མ་ཟད། རྒྱ་གཞུང་གིས་ད་ལྟའི་བར་བོད་ཀྱི་གནད་དོན་དང་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་དེ་ཕྱི་སྡོད་བོད་མིས་བརྒྱུད་སྐུལ་བྱས་པ་ལ་བརྟེན་ནས་བྱུང་བའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་གནས་སྟངས་དེ་དག་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་པའི་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གྱི་ཡོད་སྟབས། མ་འོངས་པར་བོད་ནང་གི་གནས་ཚུལ་དག་བརྒྱུད་ལམ་དུ་ཁྱབ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་རེ་སྐུལ་བཅས་གནང་སོང་།

ཡང་ཁོང་གིས་ལོ་འདི་ནི་གདུངས་སེམས་མཉམ་སྐྱེད་ཀྱི་ལོ་ཡིན་ཞེས་ཁྱབ་བསྒྲགས་ཟིན་པ་ལྟར། ཉེ་བའི་དུས་ནས་བཟུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་ནང་སྤྱི་འཐུས་རྣམ་པས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ པའི་ཚེས་ ༢ བར་བཀའ་སྤྱི་ཐུན་མོང་ཐོག་ཉིན་ ༤ རིང་ལྡི་ལིར་ལས་འགུལ་སྤེལ་རྒྱུ་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཐད་ནས། ཉེ་ཆར་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་གནང་བ་ལྟར། བསླེབས་ལ་ཉེ་བའི་རྒྱ་ནག་གི་ཕྱི་ཟླ་ ༣ པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་རྗེས་གནས་སྟངས་ལ་གཞིགས་ཏེ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་བསྐྱར་དུ་འཛོམས་ཏེ་བོད་རྒྱ་ཞི་མོལ་གྱི་ལས་དོན་བསྐྱར་ཞིབ་གྲོས་བསྡུར་དང་། སྐབས་དེར་ཚོགས་མི་གསར་བ་བསྐོ་བཞག་བྱ་རྒྱུ་ཡིན་ཚུལ་སོགས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ཀྱེ་མ་ཕྱོགས་བཅུའི་རྒྱལ་དང་དེ་སྲས་ཚོགས ། ། 
    ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། ། 
    བཀའ་དྲིན་མཚུངས་མེད་ཨོ་རྒྱན་སྤྲུལ་བའི་སྐུ ། ། 
    བདག་ཅག་ཆོས་ལྡན་སྐྱེ་བོའི་གདུང་འབོད་གསོན ། ། 

    འདི་ན་སྤྱི་མཐུན་དཀར་མིན་ལས་དབང་དང་། ། 
    ནག་ཕྱོགས་སྨོན་ལམ་ལོག་པའི་སྦྱོར་བ་ཡིས ། ། 
    དམྱལ་བའི་འཇིག་རྟེན་དངོས་སུ་བསྟར་འདྲ་བའི ། ། 
    བཟོད་མེད་དུཿཁའི་གླིང་ཕྲན་གཟིགས་ལགས་སམ ། ། 

    རྩ་ཆེན་གཏེར་དང་ཤིང་ནགས་ངོམས་མེད་དྲངས ། ། 
    དྲིན་ཆེན་ཕྱུགས་དང་རི་དྭགས་ཚད་མེད་བསད ། ། 
    རིན་ཆེན་ལུས་དང་ལོངས་སྤྱོད་བརྩེ་མེད་བཅོམ ། ། 
    གལ་ཆེན་ཆོས་དང་རིག་གཞུང་རྩིས་མེད་བརླགས ། ། 

    རང་གི་རྩ་བའི་བླ་མར་མཇལ་དབང་མེད ། ། 
    ཕྱག་ན་པད་མོར་གསོལ་བ་འདེབས་དབང་མེད ། ། 
    སྐུ་བརྙན་དད་པའི་རྟེན་ལ་འཆང་དབང་མེད ། ། 
    མདོར་ན་བོད་ལ་ཆོས་དད་རང་དབང་མེད ། ། 

    སྔོན་བྱོན་བཙན་པོའི་རྒྱལ་རབས་གླེང་དབང་མེད ། ། 
    མ་འོངས་འཚོ་བའི་ཐབས་ལམ་བཤད་དབང་མེད ། ། 
    ད་ལྟའི་བདེན་པའི་སྡུག་ཡུས་བརྗོད་དབང་མེད ། ། 
    མདོར་ན་བོད་ལ་སྨྲ་བརྗོད་རང་དབང་མེད ། ། 

    སྡེ་དང་ཚོ་བའི་བར་ལ་འགྲོ་དབང་མེད ། ། 
    སྲིད་དང་ཆོས་གཉིས་མ་བསྲེས་འདུག་དབང་མེད ། ། 
    གནས་མཇལ་ཡུལ་སྐོར་ཕྱོགས་སུ་སྐྱོད་དབང་མེད ། ། 
    མདོར་ན་བོད་ལ་འགྲོ་སྡོད་རང་དབང་མེད ། ། 

    བདག་མེད་གནས་ལུགས་སྒོམ་པའི་བྱ་བཏང་བཟུང་། ། 
    འཚེ་མེད་ཆོས་ལ་སྤྱོད་པའི་གྲྭ་བཙུན་བཀྲོངས ། ། 
    ཉེས་མེད་རང་ཁ་གསོ་བའི་ཁྱིམ་པ་བསད ། ། 
    དོན་མེད་བོད་ཡུལ་མི་ཡི་བཤས་རར་བསྒྱུར ། ། 

    བསིལ་ལྡན་གངས་རིའི་ལྗོངས་ཆེན་འཇིག་ལ་ཐུག ། 
    ཆོས་ལྡན་བོད་ཀྱི་མི་རྒྱུད་ཆད་ལ་ཉེ ། ། 
    བྱམས་ལྡན་ཁ་བའི་ལེའུ་རྫོགས་ལ་མྱུར ། ། 
    བརྩེ་ལྡན་ལྷ་དང་སྲུང་མས་གཟིགས་ལ་རན ། ། 

    སྔོན་ཚེ་ཐུབ་པའི་དབང་བོས་ཡང་དང་ཡང་། ། 
    ལུང་གིས་བསྔགས་པར་མཛད་པ་ཅི་བཞིན་དུ ། ། 
    ཆོས་རྒྱལ་མེས་དབོན་སྤྲུལ་བའི་ལོ་པཎ་ཚོས ། ། 
    བསྟན་པ་ཡོངས་རྫོགས་བོད་དུ་བཞད་པར་བྱས ། ། 

    དེས་ན་སངས་རྒྱས་བསྟན་པའི་སྲོག་མཁར་དང་། ། 
    འགྲོ་དྲུག་ཕན་དང་བདེ་བའི་རྩ་ལག་བཅས ། ། 
    བོད་ཁམས་གནས་དང་འཇིག་ལ་ཆེར་རག་པས ། ། 
    གངས་ལྗོངས་སྣོད་བཅུད་ཀུན་ནས་སྐྱོབས་པར་རེམ ། ། 

    དེང་འདིར་གཞན་ཕན་ཁོ་ནའི་སྙིང་སྟོབས་ཀྱིས ། ། 
    ལུས་སྲོག་ཡལ་བར་འདོར་མཛད་དཔའ་བོའི་དཔུང་། ། 
    མེ་མཚོན་འཇིགས་པའི་ཁྲིམས་ལ་མི་འཛེམས་པར ། ། 
    འཚེ་མེད་ཞི་བའི་རུ་འཕྲེང་བར་མེད་བསྒྲིགས ། ། 

    གཞན་གནོད་བསམ་པས་ཀུན་ནས་མ་བསླངས་ཤིང་། ། 
    དྲག་པོའི་མཚོན་ཆ་ཕྱག་དུ་མི་འཛིན་པའི ། ། 
    བྱང་སེམས་མར་དཀར་སྤུང་བའི་རི་བོ་དག ། 
    གདུག་པའི་མུན་ནག་སེལ་བའི་གཉེན་པོར་སྒྲོན ། །

    བདེན་པ་མཆོག་གསུམ་ལྷ་ལ་བདར་བ་དང་། ། 
    གནས་ལུགས་མི་ཡི་འགྲོ་བར་བགྲང་སླད་དུ ། ། 
    གཅེས་པའི་རང་ལུས་མེ་རུ་སྦར་བའི་མདངས ། ། 
    མཁའ་ལ་འཚམས་སྤྲིན་ཟོལ་གྱིས་བརྟན་པོར་ཆགས ། ། 

    ཤེས་བྲལ་གནམ་གྱི་རྒྱལ་མོས་མ་བཟོད་པར ། ། 
    སྤྱན་ཆབ་ཁ་ཆར་དུས་སུ་འཇོ་བྱས་ནས ། ། 
    དཔའ་བོའི་ལུས་མེ་གསོད་པའི་ཐབས་འབད་ན ། ། 
    སེམས་དང་ལྡན་པ་སུ་ཞིག་ཅི་མི་སྙམ ། ། 

    གསོང་པོར་སྨྲ་དང་གཟུ་བོར་གནས་སོ་ཞེས ། ། 
    ཁེངས་པ་སྲིད་ན་མཐོ་བའི་སྐྱེ་བོ་དག ། 
    བདེན་དོན་མངོན་སུམ་འཆར་བའི་མེ་ལོང་ལ ། ། 
    གཟིགས་ན་ཁས་སུ་འཆེ་བ་རྗེད་མ་བགྱི ། ། 

    རང་ལུས་ནད་ཀྱིས་གདུང་བ་བཅོས་སླད་དུ ། ། 
    འཚོ་བྱེད་མེ་བཙའི་དཔྱད་ཙམ་མི་བཟོད་པར ། ། 
    གཡས་འཇུ་གཡོན་བསྐྱོར་ཨམ་གཙིགས་བསྡམས་པ་དང་། ། 
    མིག་བཙུམས་སྐད་ངན་ཤོར་སོགས་མྱོང་བས་གྲུབ། ། 

    དེ་ལྟ་བས་ན་སྡར་མ་བདག་འདྲ་དང་། ། 
    བསྟན་འགྲོའི་སླད་དུ་རང་ལུས་མེ་སྦྱིན་ལ ། ། 
    དགྱེས་བཞིན་ཕུལ་བའི་དཔའ་བོ་དཔའ་མོ་ཚོའི ། ། 
    བར་ཐག་གནམ་ས་ལས་ཀྱང་ཆེས་ཆེར་རིང་། ། 

    སྟོབས་ལྡན་སྟག་དང་འབྲུག་གིས་རྩལ་འགྲན་ནས ། ། 
    འཛམ་གླིང་ཤར་ནུབ་སྐྱོམ་པའི་དུས་ཀྱི་ཚེ ། ། 
    གངས་སེང་གཡུ་ཡི་རལ་བ་བསིག་རན་ཞེས ། ། 
    ཚད་མའི་གཏེར་ལུང་དེང་འདིར་ཤིན་ཏུ་གཙིགས ། ། 

    མཐར་༧གོང་ས་རྒྱལ་བའི་དབང་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་།སྐུ་སྒེར་དགའ་ལྡན་ཕོ་བྲང་གི་མཛད་ཞབས་པ་རྣམ་པ། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་དབུས་དཔལ་ལྡན་རང་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་དང་ལས་སྣེ་བ་ཡོངས །གཞུང་འབྲེལ་མ་ཡིན་པའི་བོད་དོན་འཐབ་རྩོད་ལ་འབད་མཁན་ཚོགས་པ་ཁག་དང་སྒེར་བ་དག  སྒར་དང་དགོན་སྡེ་སོ་སོའི་གྲྭ་བཙུན་སྔགས་གསུམ། འཛམ་གླིང་ཡུལ་གྲུ་སོ་སོའི་བོད་དོན་རྒྱབ་སྐྱོར་བ་རྣམ་པ།ཁྱད་པར་དུ་ལུས་སྲོག་ལོངས་སྤྱོད་སོགས་ཉེན་ཁར་ཐུག་ཡོད་པའི་གཞིས་ལུས་སྤུན་ཟླ་ཕུ་ནུ་མིང་སྲིང་ཡོངས་བཅས་ལ། བོད་མིའི་ཆེས་ཚད་མཐོ་ཞིང་གཟི་བརྗིད་ལྡན་པའི་རང་་དབང་འཐབ་རྩོད་ཀྱི་དགེ་མཚན་དང་།སྤུན་ཟླ༨༣ གྱིས་རང་སྲོག་བློས་བཏང་ལ་གདུང་སེམས་སོགས་ཁུར་ཆེན་དཀར་ནག་གཉིས་ཁྱེར་བའི༢༠༡༢ ལོ་ཕར་བསྐྱལ་ནས་ཕུགས་འདུན་དང་སྤོབས་པ་བརྩེགས་པའི༢༠༡༣ལོ་འདི་ལ་བསམ་དོན་མཐའ་དག་ལྷུན་གྱིས་གྲུབ་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་གྲངས་མེད་ཞུ་ཞུ།ལྷ་རྒྱལ་ལོ།བོད་རྒྱལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese