མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟབ་སྦྱོང་འདིའི་འགྲོ་སོང་ཚང་མ་ང་སྒེར་ངོས་ནས་གཏོང་གི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp


ཧོང་ཀོང་
གི་རྒྱ་རིཊ་དགེ་རྒན་ ༧ གྱིས་དང་བླངས་ཐོག་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ ༡༠༠ ལྷག་ལ། དུས་ཡུན་ཟླ་གཅིག་དང་ཕྱེད་རིང་དེང་རབས་རི་མོ་འབྲི་ཐབས་དང་པར་རྒྱག་སྟངས། རོལ་དབྱངས་དང་གློག་བརྙན་བཟོ་སྟངས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་སྤྲོད་བཞིན་འདུག

ཧོང་ཀོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ཧོས་སིན་མིན་ (hui sin ming) ལགས་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག ཕྱི་ཟླ་ ༡ ཚེས་ ༡༤ ནས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བར་གྱི་དུས་ཡུན་ཟླ་གཅིག་དང་ཕྱེད་ཀའི་རིང་། ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་རྙིང་པའི་ནང་། བོད་རིགས་གཞོན་སྐྱེས་ཚོར་བརྒྱུད་ལམ་ལས་འཆར་ (Tibetan youth media program) ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་འཚོགས་བཞིན་འདུག་ལ། ཟབ་སྦྱོང་དེར་ཧོང་ཀོང་ནས་དང་བླངས་དགེ་རྒན་ ༧ དང་ངྷ་སྟེང་བོད་ཁྱིམ་ནས་དགེ་རྒན་ ༢ བཅས་ཀྱིས་སྣེ་འཁྲིད་དེ། ངྷ་སྟེང་བོད་ཁྱིམ་གཙོས་ཅོང་ཏ་རཱ་དང་གྷོལ་པཱ་པུར། སུ་ཇཱ་བོད་ཁྱིམ་བཅས་ཀྱི་འཛིན་རིམ་མཐོ་བའི་སློབ་ཕྲུག་ ༡༠༠ ལྷག་མཉམ་ཞུགས་གནང་འདུག

ཟབ་སྦྱོང་དེའི་ཁྲིད་གཞི་གཙོ་བོ་དག་ནི་དེང་རབས་རི་མོ་འབྲི་ཐབས་དང་དེའི་སྒྱུ་རྩལ་ངོ་སྤྲོད། རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད་གནང་ཕྱོགས། ཁོར་ཡུག་དང་འཚམ་པའི་རི་མོ་འབྲི་བཞེངས། རོལ་དབྱངས་བསླབ་ཁྲིད། པར་རྒྱག་སྟངས་དང་དངོས་བྱུང་གློག་བརྙན་བཟོ་སྟངས། རྒྱ་གཞུང་གིས་བོད་དང་འབྲེལ་བའི་གློག་བརྙན་བཟོ་སྟངས་ཐོག་གི་ནོར་འཁྲུལ་ངོས་འཛིན་གནང་ཕྱོགས། དྲ་ལམ་ཁག་ཏུ་བོད་དོན་གློག་བརྙན་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་ཕྱོགས་བཅས་ཡིན་འདུག

གསར་འགོད་པས་ཟབ་སྦྱོང་གོ་སྒྲིག་གནང་མཁན་ལྕམ་ཧོས་སིན་མིན་ལགས་སུ་ཟབ་སྦྱོང་སྐོར་ལ་བཅར་འདྲི་ཞུས་པར། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་དང་བོད་ཀྱི་རིག་གཞུང་གཏོར་བཤིག་ཚད་མེད་བཏང་བའི་རྐྱེན་གྱིས་བོད་མི་ཚོས་རང་ལུས་མེར་བསྲེཊ་གཏོང་དགོས་བྱུང་ཡོད་ཅིང་། ཁོང་མོར་བོད་ནང་རང་སྲེག་གཏོང་བཞིན་པའི་གནས་ཚུལ་ཐོས་ཐེངས་རེར་སེམས་ནང་མ་སྐྱིད་པ་ཤུཊ་ཆེན་པོ་ཡོང་གི་ཡོད་པ། མོ་རང་གིས་བོད་ནང་རང་སྲེག་གཏོང་མཁན་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད། ད་ཐེངས་ཆེད་དུ་ངྷ་རམ་ས་ལར་ཡོང་སྟེ་བོད་ཕྲུག་ཚོར་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཞིག་དང་། བོད་ནང་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་འོག་མི་རིཊ་ཀྱི་ཐོབ་ཐང་དང་ངོ་བོ་སྲུང་སྐྱོབ་ཁག་པོ་ཆགས་ཡོད་སྟབས། བཙན་བྱོལ་ནང་གནས་སྡོད་བོད་པ་དང་ལྷག་པར་དུ་བོད་རིཊ་གཞོན་སྐྱེས་ཚོས་ངེས་པར་དུ་དེང་དུས་འཕྲུལ་ཆས་བེད་སྤྱོད་གཏོང་ཕྱོགས་དང་། བརྒྱུད་ལམ་ཁག་ཏུ་བོད་ཀྱི་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་སྟངས་བཅས་ལ་ཤུགས་སྣོན་དགོས་ཚུལ་བརྗོད་བྱུང་།

ཁོང་མོར་ཟབ་སྦྱོང་དེ་ངྷ་སྟེང་བོད་ཁྱིམ་དུ་གོ་སྒྲིག་ཞུ་དགོས་དོན་དང་འགྲོ་སོང་ག་ཚོད་བཏང་ཡོད་མེད། བོད་ཁྱིམ་སློབ་གྲྭའི་ངོས་ནས་ཟབ་སྦྱོང་དེར་རྒྱབ་སྐྱོར་ག་འདྲ་གནང་ཡོད་མེད་དྲིས་སྐབས། “ངྷ་རམ་ས་ལ་ནི་གནས་བབ་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་གནས་སྟངས་ཤེས་རྟོཊ་ཡོང་སའི་ས་ཆ་གལ་ཆེན་ཞིག་ཡིན་སྟབས། ལས་ཀ་བྱེད་བདེ་བ་དང་གནས་ཚུལ་གོ་སླ་བ་ཡོང་གི་འདུག ལྷག་པར་དུ་བོད་ཁྱིམ་སློབ་གྲྭ་ངྷ་སའི་སློབ་གྲྭ་ཆེ་ཤོས་དེ་ཡིན་སྟབས། ཐོག་མར་ང་རང་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་ཕུན་ཚོཊ་རྣམ་རྒྱལ་ལཊ་སུ་འབྲེལ་བ་བྱས་པ་ཡིན། ཁོང་གིས་ང་ཚོར་ཟབ་སྦྱོང་སྤྲད་ཆོག་པའི་ཁས་ལེན་གནང་བ་མ་ཟད།  ཧོང་ཀོང་ནས་ཡོང་མཁན་དགེ་རྒན་ཚོར་ཁང་པ་དང་ཞལ་ལག་སོཊ་ཕྱོགས་གང་ཐད་ནས་གོ་སྒྲིག་ཡག་པོ་གནང་སོང་། མ་གཞི་ཐེངས་འདིའི་ཟབ་སྦྱོང་ཆེད་ང་རང་གིས་རི་མོ་འབྲི་བྱེད་ཀྱི་རྒྱུ་ཆ་དང་པར་ཆས། བརྙན་ལེན་འཕྲུལ་ཆས་སོཊ་ཧོང་ཀོང་ནས་ཉོས་ཡོང་བ་ཡིན། ཟབ་སྦྱོང་དེའི་ཆེད་དུ་འགྲོ་སོང་ཧོང་ཀོང་ཌོ་ལོར་འབུམ་ ༢ ལྷག་བཏང་བ་ཡིན། ཟབ་སྦྱོང་སྐབས་བོད་པའི་སློབ་མ་ཚོས་དོ་སྣང་དང་དགའ་བོ་བྱས་ཏེ་གྲུབ་འབྲས་ཐོན་ས་རེད་བསམ་པ་ཞིག་འདུག གལ་སྲིད་སློབ་ཕྲུག་ཚོར་དགའ་མོས་དང་བོད་ཁྱིམ་སློབ་གྲྭའི་ངོས་ནས་ཀྱང་ཆོག་མཆན་གནང་བ་ཡིན་ན། ལོ་རྗེས་མར་ཡང་འགྲོ་སོང་ཆ་ཚང་སྒེར་ངོས་ནས་བཏང་སྟེ། ཟབ་སྦྱོང་གཉིས་པ་གོ་སྒྲིག་བྱ་འཆར་ཡོད། སྐབས་རྗེས་མའི་ཟབ་སྦྱོིང་སྐབས་ཧོང་ཀོང་ནས་སློབ་ཕྲུག་སྐོར་ཞིག་ཁྲིད་ཡོང་སྟེ་སློབ་ཕྲུག་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ཟབ་སྦྱོང་འཚོཊ་ན་བསམ་བསྡད་ཡོད། ”ཟེར།

ཟབ་སྦྱོང་དེའི་སྐོར་ལ་བོད་ཁྱིམ་འབྱུང་རིག་སྡེ་ཚན་གྱི་སློབ་མའམ་ཟབ་སྦྱོང་དེའི་སློབ་མའི་འགན་ཁུར་བ་རིན་ཆེན་དབང་རྒྱལ་ལགས་སུ་དྲིས་པར། “ མ་གཞི་ད་ལྟ་སློབ་གྲྭ་ཡོངས་གུང་གསེང་བཏང་ཡོད་པ་རེད། སློབ་གྲྭའི་འཛིན་སྐྱོང་གིས་ཟབ་སྦྱོང་དེར་སློབ་མ་རང་ངོས་ནས་འགན་འཁུར་ན་ཡག་པོ་འདུག་གསུངས་ཏེ། ང་རང་ཟབ་སྦྱོང་འདིའི་སློབ་མའི་འགན་ཁུར་བར་བསྐོས་སོང་། ཟླ་གཉིས་ཀྱི་གུང་གསེང་སྐབས་ཕྱི་ལོགས་སུ་སོང་ན་དུས་ཚོད་འཕྲོ་བརླག་ཏུ་འགྲོ་གི་ཡོད་སྟབས། ང་རང་ཟབ་སྦྱོང་འདིའི་ནང་མཉམ་ཞུགས་བྱས་ཏེ་དངོས་བྱུང་གློག་བརྙན་བཟོ་རྒྱུ་དང་པར་རྒྱག་སྟངས་སྐོར་སློབ་སྦྱོང་བྱེད་ཀྱིན་ཡོད། ཕྱི་རྒྱལ་ནས་ཕེབས་མཁན་དགེ་རྒན་ཚོའི་ཟབ་སྦྱོང་སྤྲོད་སྟངས་དེ། བོད་པ་དང་མི་འདྲ་བར་ཧ་ཅང་གུ་ཡངས་པོ་དང་ཁ་གསང་པོ་ཞེ་དྲག་རེད། ཟབ་སྦྱོང་ནང་ཞུཊ་མཁན་སློབ་ཕྲུག་ཚོར་ཆ་བཞག་ནང་ཐེངས་འདིར་རང་གི་དགའ་ཕྱོགས་ལྟར་ཟབ་སྦྱོང་སྤྲོད་ཀྱི་ཡོད་སྟབས། ཚང་མས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག ”ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 5

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    དུས་དང་འཚམ་ཞིང་དགོས་མཁོ་ཅན་གྱི་ཟབ་སྦྱོང་རིན་མེད་གནང་པར་སྙིང་ནས་དགའ་བསུ་ཞུ།

    དམིགས་བསལ་མཐོ་སློབ་ཏུ་སྐྱོད་ཀྱིན་གྱི་སློབ་མ་དོ་དབྱིངས་ཅན་ལ་ཟབ་སྦྱོང་འདི་སྤྲོད་ཐུབ་ན་སྤྱི་ཚོགས་དང་ཉེ་ལམ་ཆེ་བས་དམིགས་ཡུལ་ལ་གྲུབ་འབྲས་འབུར་འཐོན་ཡོང་ངེས་སྙམ།

    ཧོང་ཀོང་མ་དང་འབྲེལ་ཡོད་ཆེད་ལས་པ་རྣམ་པར་བཀའ་དྲིན་ཆེ་ཞུ།

    ཞལ་སྐྱིད།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    དེང་རབས་རི་མོ་འབྲི་ཐབས་དང་པར་ལེན་སྟངས། རོལ་དབྱངས་དང་གློག་བརྙན་བཟོ་སྟངས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲོད་པ་འདི་ཡང་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་འབྲེལ་ཡོད་ཟབ་སྦྱོང་སྤྲོད་མཁན་དག་ལ་སྙིང་ནས་བཀའ་ཆེ་ཞུ་རྒྱུ་ཡིན། མ་ཟད་ལས་རིགས་འདི་དག་ལ་ངེས་པར་ཆེད་ལས་བྱེད་དགོས་པ་ཞིག་ཀྱང་རེད།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    རེད་ཡ། གནམ་སྟོང་གི་ཟླ་བ་ཁྱོད་མིག་བགྲད་ནས་བལྟོས་ཨ། ངས་མཆན་བཏབས་ཚད་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བགྱིས་དང་། དེ་ནས་ཞེན་ཁོག་སྐམ་པོ་ག་ཚོད་འཁུར་འདུག་སྐྱེ་བོ་སྒེར་ལ་སྐྱོན་བརྗོད་ག་ཚོད་བྱས་འདུག་བཏོན་ཤོག་ཨ། དེ་ནས་ང་གཉིས་རྩོད་པ་གཞི་ནས་འགོ་འབུད་ཆོག། གོ་ཨེ་ཐལ།

    Reply
  4. ཟླ་བ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་གསེར་འབྲུག་སྡེར་ལྔ་ཟེར་བ་འདིའི་མཆན་བཏབས་པ་དག་ལ་ཞིབ་འཇུག་ཅིག་བྱེད་རོགས་གནོངས། ག་དུས་ཡིན་ན་ཞེན་ཁོག་དང་མི་སྒེར་ལ་སྐྱོན་བརྗོད་ཁོ་ན་བཙལ་ཡོང་མཁན་ཞིག་ཡིན།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཧོང་ཀོང་གི་རྒྱ་རིགས་ལྕམ་ Hui sin ming ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཐད་ལག་ལེན་དངོས་ནང་བཞུགས་ནས་བོད་ཀྱི་འབྱུང་འགྱུར་གྱི་བདག་པོ་ཚོར་དུས་རབས་དང་མཐུན་པའི་ཁྱད་ཆོས་རང་བཞིན་ལྡན་པའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཟབ་སྦྱོངས་སྤྲོད་གནང་མཛད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་ལྟ་བས་ན་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ལྕམ་ཧཱུཡི་སིན་མིང་ལ་མིག་དཔེ་བལྟ་དགོས་པ་དེ་གནད་ཀྱི་དོན་པོ་རེད།
    དེ་དང་ཆབས་གཅིག་དུས་བབས་དྲ་བ་འདིར་དོན་གྲུབ་བཀྲ་ཤིས་ཟེར་བ་དེ་སླེབས་པ་ནས་བཟུངས་དྲ་བ་འདི་སྒེར་བདག་ཅན་ལ་གྱུར་ནས་མཐུན་ཕྱོགས་ཀྱི་བསམ་ཚུལ་མ་གཏོག་མི་འགོད་པའི་ལམ་ལུགས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྗེས་ཕྱོགས་དེ་འདྲ་མི་མཛད་རྒྱུའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese