མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷུན་གྲུབ་རྫོང་དུ་གཏེར་ཁ་སྔོག་འདོན།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན་བྱས་ཏེ། ས་གནས་རོང་འབྲོག་གཉིས་ཀ་དཀའ་ངལ་ཁྲོད་ལྷག་ཡོད་འདུག

བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༠༥ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་། མདུང་གྲོང་ཚོའི་འབྲོག་པ་ཚོ་ས་གནས་གཞན་དུ་གནས་སྤོ་རུ་བཅུག་ཏེ། ཡུལ་མིའི་ཕྱུགས་ཟོག་འཚོ་སྐྱོང་བྱེད་སར་གཏེར་ཁ་སྔོག་འདོན་གྱི་བཟོ་གྲྭ་བཙུགས་ཡོད་པ་དང་། ༢༠༠༦ ལོར་གཏེར་ཁ་བཟོ་གྲྭའི་ཁང་པ་གསར་རྒྱག་གིས་ཉིན་རེར་སྐྱེལ་འདྲེན་རླངས་འཁོར་ཆེ་བ་ ༡༠ རེ་དབོར་འདྲེན་བྱེད་ཀྱི་ཡོད་འདུག་ལ། གཏེར་ཁ་སྔོག་འདོན་དང་གཏེར་རྫས་བཟོ་གྲྭ་བཙུགས་རྗེས་ས་གནས་ཀྱི་ཤིང་ནགས་དང་སྦང་རི། འཐུང་ཆུ་སོགས་འབག་བཙོག་བཟོས་ཡོད་པ་མ་ཟད། ཁ་རླུང་འབག་བཙོག་ཆགས་པའི་སྙིགས་རོ་རྣམས་རྒྱུགས་ཆུའི་ནང་བཞུར་བཅུག་པ་སོགས་ཀྱིས་འབྲོག་པའི་རྩྭ་སར་རྩྭ་ཡག་པོ་མི་སྐྱེ་བ་དང་ཕྱུགས་ཟོག་མང་པོ་ཤི་རྨས་ཐེབས་པ། རོང་པ་རྣམས་ཀྱི་ཞིང་ཁ་མ་སྐྱེ་བ་སོགས་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་འདུག

འདིའི་ཐད་ས་གནས་མི་མང་གིས་གཏེར་རྫས་སྔོག་འདོན་པར་བརྡ་ལན་དང་རྒྱ་ནག་གཞུང་ཕྱོགས་ལ་ཞུ་གཏུག་ཐེངས་མང་བྱས་ཀྱང་། གཞུང་ཕྱོགས་ནས་མི་མང་གི་རེ་འདུན་ངོས་ལེན་བྱས་མེད་པའི་ཁར་མི་མང་གི་རེ་སྐུལ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ས་གནས་མི་མང་དཀའ་ངལ་ཁྲོད་ལྷག་ཡོད་འདུག་ལ། ས་གནས་ཀྱི་གཏེར་ཁ་སྔོག་མཁན་ཚང་མ་རྒྱ་རིགས་ཡིན་སྟབས། མི་མང་གིས་གསེར་དཀར་པོའི་གཏེར་རྫས་སྔོག་གི་ཡོད་པ་གོ་ཐོས་བྱུང་བ་ཙམ་ལས། གཏེར་རྫས་ཅི་ཞིག་སྔོག་གི་ཡོད་མེད་ཤེས་ཀྱི་མེད་པ་དང་། ཉེ་བའི་ལོ་འགའི་རིང་ནས་གཏེར་ཁ་སྔོག་འདོན་པ་ཁྲི་ ༡ ལྷག་གིས་ལོ་རེར་ཕྱི་ཟླ་ ༣ པ་ནས་གཏེར་ཁ་སྔོག་འདོན་དང་། དགུན་ཁར་མཚམས་འཇོག་བྱེད་ཀྱི་ཡོད་འདུག  

གཞན། ༢༠༠༤ ལོ་ནས་བཟུང་རྒྱ་གཞུང་གིས་འཕེན་པོ་ལྷུན་གྲུབ་རྫོང་གི་མངའ་འོག་དུ་ཡོད་པའི་ཕུ་མདོ་གྲོའཕེན་པོ་ལྷུན་གྲུབ་རྫོང་ཕུ་མདོ་གྲོང་ཚོ་དང་གསེར་རྩ་གྲོང་ཚོ་བཅས་ཀྱི་ཁྱིམ་ཚང་ ༤༠༠ ལྷག་གཏེར་ཁ་སྔོག་འདོན་དང་ཆུ་ཁ་བསྒྱུར་རྒྱུར་ཁ་གཡར་ཏེ་ས་གནས་གཞན་དུ་གནས་སྤོར་བྱས་བཅུག་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 2

  1. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    གནས་ཚུལ་མཁོ་སྤྲོད་གནས་བ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ངས་སྐུར་བའི་གནས་ཚུལ་དང་ལྷ་སྲས་བསོད་ནམས་ཀྱིས་སྐུར་བའི་གནས་ཚུལ་གཉིས་མ་བསྲེས་པར་ཁ་ཁར་གཏོང་རོགས་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ནང་གི་གཏེར་ཁ་སྔོག་འདོན་གང་དུ་བྱུང་ན་ཡང་གསལ་སྟོན་དང་། གཏེར་དངོས་གང་དང་། གོང་ཚད་ག་ཚོད་བཏོན་པ། ད་དུང་ཇོར་ལ་མི་མང་ལ་ཕན་ཐོགས་དང་གནོད་ཚབ་གང་བྱུང་བ་སོགས་བོད་རིགས་རང་གིས་ཤེས་རྒྱུ་དེ་ནི། ཤིནད་ཏུ་གལ་ཆེན་པོ་རེད། འདིར་ཁུངས་འཕེར་ར་སྤྲོད་སྟོན་པ་བཀའ་དྲིན་ཆེ་ཞེས་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese