མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་རང་སྐྱོན་འགེབས་ཆེད་རྫུན་སྒྲིག་བྱས་པ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་གཙོད་རྡོ་དཀར་རྫེ་རོ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་ཆོས་རྒྱ་མཚོ་ཟེར་བས་ངན་སྐུལ་བྱས་པ་ཡིན་སྐོར་དང་། གྲྭ་ཆོས་རྒྱ་མཚོ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་སྐོར་སོགས་ཀྱི་མ་ཉེས་ཁག་གཡོགས་བྱས་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ཀན་ལྷོ་གཙོད་རྡོ་དཀར་རྫེ་རོ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས།  རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་རྗེས། རྒྱ་གཞུང་གིས་ཉེན་རྟོག་པ་དང་མི་སྣ་ཆེད་གཏོང་གིས་དཔའ་བོ་ཁོང་གི་ཁྱིམ་དུ་ཡོང་སྟེ། སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེཊ་བཏང་བ་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཡིན་པར། བཟའ་ཚང་ནང་ཁུལ་མ་འཆམ་པའི་དཀའ་ངལ་འོག་རང་སྲེག་བྱས་སྐོར་ཡི་གེར་བྲིས་ཏེ་མཚན་རྟགས་བཀོད་པ་ཡིན་ན།  རྒྱ་སྒོར་ཁྲི་ ༡༠༠ སྤྲོད་རྒྱུ་ཡིན་ཚུལ་བརྗོད་དེ་ཁོང་གི་ནང་མི་བསླུ་ཐབས་བྱས་ཡོད་ཀྱང་།  དཔའ་བོ་ཁོང་གི་བཟའ་ཟླ་རྡོ་རྗེ་སྐྱིད་དང་ནང་མི་ཚོས་གཡོ་ཐབས་དེར་ངོས་ལེན་རྩ་བ་ནས་མ་བྱས་པར་བརྟེན།  ཉེ་ཆར་རྒྱ་གཞུང་གིས་སླར་ཡང་སངས་རྒྱས་རྒྱ་མཚོ་ལགས་ཀྱི་རང་སྲེག་བྱས་དོན་ནི། རྒྱ་གར་ནང་ཡོད་པའི་གྲྭ་པ་ཆོས་རྒྱ་མཚོ་ཟེར་བས་ངན་ཇུས་བརྒྱུད་སྐུལ་བྱས་ཚུལ་གྱི་སྐྱོན་འཛུགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབྲེལ་བ་ཡོད་ཚུལ་དྲིལ་བསྒྲགས་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་།  ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཡོད་པའི་གྲྭ་ཆོས་རྒྱ་མཚོ་ལགས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། ༢༠༡༡ ལོར་ཁོང་བོད་ནང་གཉེན་འཕྲད་དུ་བསྐྱོད་སྐབས། སངས་རྒྱས་རྒྱ་མཚོ་ལགས་ལ་བོད་རང་བཙན་སྐུལ་སློང་དང་། ༢༠༡༢ ལོའི་དུས་འཁོར་དབང་ཆེན་སྐབས་གཞོན་ནུ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ། བོད་ནང་རང་བསྲེགས་གཏོང་དགོས་པའི་ངལ་ཇུས་འཐེན་ཡོད་སྐོར་ཉེས་འཛུགས་བྱས་ཡོད། དེའི་ཐད་གྲྭ་ཆོས་རྒྱ་མཚོ་ལགས་ཀྱིས་ “ རྒྱ་གཞུང་གིས་ང་རང་འདིར་མི་དངོས་སུ་གསོན་པོར་ཡོད་མཁན་ཞིག་ལ།  འདི་ལྟར་ཉེས་འཛུགས་རྫུན་སྒྲོག་བྱས་ཡོང་དུས།  སོ་སོའི་སེམས་ནང་དུ་ག་རེ་ཚོར་ཡོང་གི་འདུག་ཟེར་ན། རྒྱ་གཞུང་གིས་བོད་མི་ཚོར་གང་འདོད་མ་ཉེས་ཁག་གཡོགས་བྱས་ཏེ་མནར་གཅོད་གཏོང་རྐྱང་བྱེད་བཞིན་ཡོད་པ་ཤེས་ཐུབ་ཀྱི་འདུག་ལ།  ད་ལྟའི་བར་བོད་ནང་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་བྱས་ཡོད་པའི་བོད་མི་དེ་ཚོར།  གལ་སྲིད། རང་དབང་ཐོག་སྐད་ཆ་བཤད་ཆོག་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན།  མིག་ནས་མཆི་མ་འདོན་བཞིན་སེམས་ཚོར་བགྲང་མེད་པ་ཞིག་བཤད་རྒྱུ་ཡོད་པ་གསལ་བོ་རེད།  ཡིན་ནའང་། ཁོང་ཚོར་སྐད་ཆ་བཤད་རྒྱུའི་ཐོབ་ཐང་རག་གི་ཡོད་པ་མ་རེད།” ཅེས་བརྗོད་དེ།  སྤྱིར་རྫུན་སྒྲིག་གིས་མ་ཉེས་ཁག་གཡོགས་བྱེད་རྒྱུ་ནི་རྒྱ་གཞུང་གི་འཆར་ཅན་ལས་ཀ་ཆགས་ཡོད་སྟབས།  དེར་ལན་འདེབས་གསལ་བཤད་བྱས་ཀྱང་སྙིང་པོ་མེད་པས།  གལ་སྲིད་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པའི་ཉིན་དེར་ངས་ལན་འདེབས་གསལ་བོ་བྱ་ངེས་ཡིན་སྐོར་བརྗོད་བྱུང་།   

གསར་འགོད་པས་བཅར་འདྲིའི་སྐབས་གྲྭ་ཆོས་རྒྱ་མཚོ་ལགས་ཀྱིས། “ ང་རང་ནི་༸གོང་ས་མཆོག་གི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ།  བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་མིན་པ་དེ་གསལ་བོ་གསལ་རྐྱང་ཡིན།  དེ་བཞིན།  དུས་འཁོར་དབང་ཆེན་སྐབས་བོད་ནང་མེར་བསྲེགས་བརྒྱུད་སྐུལ་རིགས་བྱེད་མྱོང་མེད་ལ།  སྤྱིར་མི་གཞན་པར་ཁྱེད་རང་མེར་བསྲེགས་བཏང་ཞོག་ཟེར་མཁན་ཧ་ལམ་ཡོང་མི་སྲིད་པ་ཞིག་རེད། ལྷག་པར་དུ་རང་ཉིད་གྲྭ་བ་ཞིག་ཡིན་སྟབས།  མི་གཞན་པར་མེར་བསྲེགས་སྐུལ་སློང་བྱ་རྒྱུ་ནི་སྡོམ་ཁྲིམས་དང་འགལ་ཡོད་པས་བཤད་མི་སྲིད་པ་ཞིག་རེད། ཡིན་ནའང་། རྒྱ་གཞུང་གིས་འདི་ལྟར་མང་ཚོགས་ཁྲོད་རྫུན་སྒྲོག་མང་པོ་བྱས་ཡོང་དུས། མི་མང་དཀྱིས་མའི་སེམས་སུ་བློ་དོགས་རིགས་ཡོང་སྲིད་པ་རེད། ” ཅེས་བརྗོད་དེ། རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་བསྲེགས་ཐད་ཞིབ་འཇུག་ཡང་དག་ཅིག་བྱེད་འདོད་ཡོད་ན། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་གསར་འགོད་པ་བོད་ནང་ཡོང་བཅུག་སྟེ།  བོད་མིའི་སེམས་ཁམས་དང་མངོན་འདོད་ལ་རྒྱུས་ལོན་བྱེད་འཇུག་དགོས་པ་རེད་ཟེར།  

རྒྱ་གཞུང་ཞིན་ཧྭ་གསར་ཁང་གི་གནས་ཚུལ་དེའི་མགོ་བརྗོད་དུ། ཏཱ་ལའི་རུ་ཁག་གི་གཞོན་ལྷན་ཚོགས་མིས་རང་བསྲེགས་རྩ་འཛུགས་བྱས་སྐོར་བཀོད་དེ།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བསྲེགས་ལ་སྐུལ་སློང་བྱས་ཡོད་སྐོར་ཉེས་འཛུགས་བྱས་ཡོད། དེའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་འཇིགས་མེད་ལགས་ཀྱིས་བརྗོད་དོན། “གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་དང་། བཙན་བྱོལ་བོད་གཞུང་དང་། ལྷག་པར་དུ་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་རྒྱུ་ནི། ད་ལྟའི་བར་དུ་རྒྱ་གཞུང་གིས་བྱེད་བསྡད་པའི་ལས་འགུལ་ཞིག་རེད། ང་ཚོས་ངོས་ནས་ལན་བརྡ་སྤྲོད་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་ལ་མཐོང་གི་མེད།  བོད་ནང་རང་ལུས་མེར་བསྲེགས་བྱུང་བ་དེས། བོད་དང་རྒྱའི་ལོ་རྒྱུས་ཆིངས་ཡིག་ནང་གསལ་བསྡད་ཡོད་པའི་ ‘བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།’ ཅེས་པའི་ལོ་རྒྱུས་ཀྱི་བདེན་པ་དེ་གསལ་འདོན་དང་།  བོད་མི་རྣམས་རྒྱ་གཞུང་གི་བཙན་གནོན་དབང་སྒྱུར་འོག་སྡོད་འདོད་མེད་པ། རྒྱ་གཞུང་གི་བྱེད་སྟངས་དང་སྲིད་ཇུས་ནོར་འཁྲུལ་ཅན་ཡིན་པ་གསལ་འདོན་བྱས་ཏེ། འཛམ་གླིང་རྒྱལ་སྤྱིའི་སྒང་བརྡ་ལན་གསལ་བོ་ཞིག་བསྟན་ཡོད་སྟབས། རྒྱ་གཞུང་གིས་སོ་སོའི་སྐྱོན་ཆ་སྦས་གསང་བྱ་ཆེད། གནས་ཚུལ་གྱི་ཁ་སྒྱུར་ཐབས་ཀྱིས་རྫུན་སྒྲིག་ཧམ་བཤད་བྱེད་བཞིན་ཡོད་པ་རེད།” ཅེས་བརྗོད་དེ། རྒྱ་གཞུང་གི་ཧམ་བཤད་དེ་གཞི་རྩ་མེད་པ་ཞིག་རེད་ཟེར།   

མཇུག་མཐར། འཇིགས་མེད་ལགས་ཀྱིས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་རྫུན་སྒྲིག་སྣ་ཚོགས་བྱས་ཏེ། བོད་མི་མང་པོ་འཇུ་བཟུང་བཙོན་འཇུག་བྱ་ཐབས་དང་། བོད་པའི་འཐབ་རྩོད་ཀྱི་ངོ་བོ་དེ་དངོས་ཤུགས་བརྒྱུད་གསུམ་ནས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པས། ང་ཚོ་བོད་པ་སུ་ཡིན་ཡང་རིག་པ་བསྒྲིམས་ཏེ་ཐབས་མཁས་པོའི་ཐོག་ནས། སོ་སོའི་མི་རིགས་ཀྱི་བདེན་དོན་འཐབ་རྩོད་གནང་དགོས་པ་དང་། རྒྱ་གཞུང་གི་རྫུན་སྒྲིག་འཁྲབ་སྟོན་དེ་དག་གི་ཐད་ངེས་པར་དུ་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. བློ་དགའ། says:
    ལོ་ 13 སྔོན།

    རྒྱ་ནག་གི་ཁྱི་བཤད་ལ་དུས་ཐོག་ཏུ་གསལ་བཤད་ལན་འདེབས་བྱས་པ་ཡག་པོ་འདུག དགྲ་ཁ་ཤོར་རྒྱ་ཡན་དུ་གཏོང་ཡ་ཡོད་པ་མ་རེད། གྲྭ་བ་ཆོས་རྒྱ་མཚོ་ལགས་ཀྱིས་སྐད་ཆ་གནད་དུ་འཁེལ་བ་འགའ་བཤད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ད་རེས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ལན་འདེབས་ཚ་ཐག་གཅོད་རྒྱག་དགོས་པ་རེད། བོད་པ་ནང་ཁུལ་ལ་ཐུག་དུས་གསར་འགོད་གསལ་བསྒྲགས་སྤེལ་རྒྱུར་རྔམ་ནས་བསྡད་ཡོད། བོད་པ་མི་སྒེར་བའི་སྒང་ལ་གསར་འགོད་གསལ་བསྒྲགས་ཐེངས་གཅིག་མིན་གཉིས་མིན་སྤེལ་ཡོད་པ་རེད། རྒྱ་དམར་ལ་ཐུག་དུས་མཐོ་བཤད་དམའ་བཤད་རེ་བྱས་ཏེ་ལག་པ་འཆིང་ས་གཅིག་ཀྱང་མེད་པ་རྐྱང་རྐྱང་ལས་ཤོད་ཐུབ་ཀྱི་མེད། གཞོན་ནུའི་ཚོགས་གཞོན་གྱིས་ཀྱང་སྔོན་མའི་སྐད་ཆ་རྙིང་པ་དག་བསྐྱར་བཤད་བྱས་ནས་བསྡད་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས། གྲྭ་ཆོས་རྒྱ་མཚོ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་སྐོར་སོགས་ཀྱི་མ་ཉེས་ཁག་གཡོགས་བྱས་དོན་ནི། གཞོན་ལྷན་གྱིས་ལངས་ཕྱོགས་ཁ་ནས་རང་བཙན་ཤོད་སྡོད་པ་འདི། བོད་མིར་མི་ཕན་ལ། རྒྱ་གཞུང་ལ་ཁག་དཀྲིས་བྱ་ས་ཐན་ཐོགས་ཡག་པོ་ཅིག་ཆགས་མི་འདུག་གམ། ལགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཉེ་ཆར་རྒྱ་གཞུང་གིས་གཙོད་རྡོ་དཀར་རྫེ་རོ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་ཆོས་རྒྱ་མཚོ་ཟེར་བས་ངན་སྐུལ་བྱས་པ་ཡིན་སྐོར་དང་། གྲྭ་ཆོས་རྒྱ་མཚོ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་སྐོར་སོགས་ཀྱི་མ་ཉེས་ཁག་གཡོགས་བྱས་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese