མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་ཁ་བ་བབས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp


མདང་དགོང་
རྒྱ་གར་བྱང་ཕྱོགས་བཞུགས་སྒར་ངྷ་རམ་ས་ལར་ཕྱི་ལོ་གསར་པའི་ཁ་བ་ཐོག་མ་དེ་བབས་སོང་། 

ཉེ་ལམ་ཞིག་ནས་བཞུགས་སྒར་ངྷ་རམ་ས་ལའི་གནམ་གཤིས་གློ་བུར་དུ་ཇེ་འཁྱག་ཏུ་སོང་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ནས་ངྷ་ས་ཁུལ་དུ་ཆར་བ་རྒྱུན་ཆད་མེད་པར་བབས་ཏེ། ཁ་སང་ཕྱི་ཚེས་ ༡༨ ཉིན་གནམ་གཤིས་སྔར་ལས་ཇེ་འཁྱག་ཏུ་ཕྱིན་ཏེ་ཆར་བ་ཤུགས་ཆེན་བཏང་ཞིང་། མདང་ནུབ་མཚན་གུང་ཆུ་ཚོད་ ༢ པ་ཙམ་ནས་ལོ་གསར་པའི་ཁ་བ་ཐོག་མ་དེ་བབས་སོང་། ད་ལོའི་ཁ་བའི་ཐུག་ཚད་ལོ་སྔོན་མ་དང་བསྡུར་ན་ཅུང་སྲབ་པོ་ཡིན་སྟབས། ངྷ་ས་ཁུལ་གྱི་ལམ་ཁ་དང་འགྲིམ་འགྲུལ་སོགས་ལ་གནོན་སྐྱོན་ཆེར་མེད་ཀྱང་། ད་ནང་ཞོགས་པར་མེག་གྷན་ཁུལ་ཧྲིལ་བོར་ཁ་བས་གཡོགས་ཡོད་པ་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཁག་གི་ཁང་སྟེང་དུའང་ཁ་བ་སྲབ་པོ་རེ་ཆགས་འདུག་ལ། ས་གནས་རྒྱ་གར་བ་དང་བོད་མི། ཕྱོགས་ཡོང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་ཁ་བའི་ནང་དུ་པར་རྒྱག་པ་དང་ཕན་ཚུན་ལ་ཁ་བས་གཞུ་རེས་བྱས་ཏེ་རྩེད་མོ་རྩེད་བཞིན་འདུག

ངྷ་རམ་ས་ལའི་གནམ་གཤིས་རྟོག་ཞིབ་ཚན་པས་བརྗོད་གསལ་ལ། མ་འོངས་པའི་ཆུ་ཚོད་ ༤༨ རིང་ངྷ་རམ་ས་ལའི་གནམ་གཤིས་དེ་རྒྱུན་ལྡན་མིན་པ་ཆགས་སྲིད་སྟབས། ས་གནས་མང་ཚོགས་ཀྱིས་ལ་བ་མཐུག་པོ་གྱོན་ཏེ་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག




གསར་འགོད་པ། བནྡེ་སྐྱབས།  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. མྱི་དཀར says:
    ལོ་ 13 སྔོན།

    ཁ་བ་དཀར་པོ་ཨ་སྔོན་གནམ་ནས་བབས།།
    ཁ་བ་དཀར་པོའི་ས་གཞིའི་རྡུར་རྣམས་བཅོམ།།
    ཁ་བ་མ་བབས་རྡ་སའི་གླིང་ལ་བབས།།
    ཁ་བའི་བུ་ཆུང་ཡ་མཚན་ལྟེད་མོར་འཁོར།།

    Reply
  2. ཨ་ཚེ་འབར། says:
    ལོ་ 13 སྔོན།

    རེད། གསར་འགྱུར་ཟེར་ན་དངོས་གནས་རེད། འོན་ཀྱང་ཁ་སང་ཝཱ་ར་ཎ་སཱིར་ཡང་སེར་རྡེའུ་ཅན་གྱི་ཆར་བ་ཤུགས་ཆེན་ཞིག་འབབ་སོང་། དུས་ཚོད་ལྔ་ཡས་མས་རེད། རྒྱ་གར་ཧ་སངས་སངས་འདྲ་བྱེད་ཀྱིན་འདུག

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁ་བ་དཀར་པོ་མཐོང་དུས།།
    ཁ་བ་གངས་ཅན་དྲན་བྱུང་།།
    རང་ཡུལ་ཁ་བ་དཀར་པོ།།
    ཡིད་ལ་ལྷམ་མེར་འཆར་སོང་།།

    Reply
  4. སྟོང་བཙན་མགར་བུ། says:
    ལོ་ 13 སྔོན།

    ངྷ་སར་ཁ་བ་ཅི་ཙམ་བབས་ན་སེམས་པ་དེ་ལས་འཁྱག་གི ངྷ་སའི་འཁོར་ཡུག་ན་གནས་བའི་བཙན་བྱོལ་བ་ཚོ་གླ་ཁང་རེའི་ནང་དུ་གླ་བརྒྱངས་རེ་བྱས་ནས་གློག་གི་ཐབ་ཀའི་ཉེ་སར་བཅར་ཚུལ་ལ་བལྟས་ན། ཁ་བ་ཐོག་ཏུ་མ་བབས་པར་སེམས་ནང་ལ་འབབ་པ་དང་འདྲ་གི

    Reply
  5. བློ་དགའ། says:
    ལོ་ 13 སྔོན།

    སེམས་ལ་འབབ་པའི་གསར་འགྱུར་ཞིག་བྲིས་འདུག དུས་བབ་ཚང་གིས་ལོ་ལྟར་ངྷ་སར་ཁ་བ་བབས་པའི་གནས་ཚུལ་རེ་སྤེལ་ཡོང་དུས་སེམས་པ་དྲན་ལྷང་ལྷང་ཞིག་བཟོས་ཡོང་གི་འདུག

    Reply
  6. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    ཁ་བ་དཀར་པོ།
    ཁ་བ། གྲང་བསིལ་བསིལ་དང་། འདར་སིག་སིག་གིས་བབས་ཏེ།
    གཡའ་རྫ་ནགས་གསུམ་དང་།
    རི་ལུང་ཐང་གསུམ་གྱི་ས་གཞི་ལེབ་མོ་དེ་དཀར་བོང་བོང་དུ་བསྒྱུར་སོང་།
    ས་མཐའི་གདུང་ཡུས་རུམ་གང་དང་བཅས་ཏེ། ང་སྒོ་ལ་བུད་དེ།
    དཀར་འཚུབ་འཚུབ་ཀྱིས་བབས་པའི་ཁྱོད་ཉིད་ཀྱི་ཡོང་ཁུངས་དང་འབབ་སྟངས་ལ་དཔྱད་དེ།
    བསམ་གཞིགས་ཁྲི་ཕྲག་གི་རུས་གདུང་ལ་བསྡད་ཙ་ན།
    དགའ་སྐྱོ་ཆགས་གསུམ་གྱི་མིག་ཆུ་ནུར་མོ་ཞིག་གིས་ངོ་གདོང་བཀབས་སོང་། ཡོངས་སུ་བཀབས་སོང་།
    ཁ་བ། ཁྱོད། གླང་ཆེན་ཁ་འབབ་ཀྱི་རླབས་སྒྲ་དང་འགྲོགས་ནས་ཕྱི་རྒྱལ་ལ་བཙན་འཛུལ་དུ་ཡོང་བ་ཨེ་ཡིན།
    ཁྱོས། མི་ལོ་ལྔ་བཅུའི་ཁ་བྲལ་གྱི་གདུང་བ་མ་ཐེག་པར་ཕེབས་བསུའི་སྟ་གོན་བཤམས་པ་ཨེ་ཡིན།
    ཁྱོས། མི་རིགས་དང་ལོ་རྒྱུས་ཀྱི་གླེགས་བམ་བློས་མ་ཐོངས་པར་ས་མཚམས་བདག་བཟུང་བྱེད་དུ་ཡོང་བ་ཨེ་ཡིན།
    ཁྱོད། གཤིན་པོ་འབུམ་ཕྲག་གི་རྣམ་ཤེས་དང་མཉམ་དུ་སྲིད་དབང་དམར་པོའི་རང་གཟུགས་དེ་ཐེར་འདོན་བྱེད་དུ་ཡོང་བ་ཨེ་ཡིན།
    ཇོ་མོ་གླང་མའི་དབུ་རྩེ་ནས་མཆེད་པའི་མེ་ཏོག་དཀར་པོ་སྟེ། ངའི་འཇིག་རྟེན་ནས་བབས་པའི་བདུད་རྩི་སིལ་མ།
    ཅུང་ཙམ་འགོར་བ་ན། སྐོམ་དྲགས་པ་དང་།
    དྲན་དྲགས་པའི་ངས་ཁྱོད་ལ་སྦར་བཞབས་གཅིག་གིས་ཁམ་བུ་གང་དོ་ཡིས་འགམས་ཚེ།
    ཁངས་ཀྱི་ཐིགས་པ་རེ་རེ་ལུས་ཕུང་ཧྲིལ་བོའི་རྩ་ཁམས་སུ་ཁྱབ།
    དེ་དུས། ཁྱོད་དང་ང་ཡི་ཐུན་མིན་གྱི་བདག་སྒྲ་ཐོབ་ས་སྟེ།
    ཁ་བ་ཅན་གསལ་ལེར་ལྷང་ངེར་འཆར་བྱུང་ལ།
    བཙན་ཤེད་དང་ཉེས་གཏག་གི་མཚོན་འོག་ན་མྱངས་པའི་སྡེ་འབངས་དེའི་ཤུགས་རིང་ནར་མོ་དེ་ཡང་གོ་ཡོང་གི
    ཁ་བ། ཁྱོད། རང་རྐང་བརྟན་པོ་དང་རེ་བ་མཐོན་པོས་སླེབས་ཡོང་ན།
    ཁྱོས། མི་ཡི་བདག་དབང་དང་ས་ཆའི་ཁྱབ་ཁོངས་གསུངས་ཡོང་ན།
    ཁྱོས། དམ་ཚིག་གཙང་མ་དང་གཞུང་དྲང་ཁྲེལ་ཡོད་གནང་ཡོང་ན།
    ཁྱོད། ཤི་བོའི་ཁ་ཆེམས་དང་གསོན་པོའི་དྲན་གདུང་གིས་འཐམས་ཡོང་ན།
    ང་ལ་ཡང་། འགན་འཁྲི་ལྕི་མོ་ཞིག་དང་།
    གོ་རྟོགས་མཐོན་པོ་ཞིག་དགོས་པའི་གསལ་བརྡ་བཏང་བ་ཤེས་ཏེ།
    རང་གིས་རང་ལ་ཁོ་ཐག་ཆད་དེ་བརྒྱལ་འགྲོ།
    ༢༠༡༡/༠༡/༡༥སྟེ། ཁངས་ཆེན་བབས་པའི་ཉིན་དེར་རྡ་རམ་ས་ལ་ནས་བྲིས།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྷ་སར་ཁ་བ་བབས་སོང་། །
    ཁ་བ་དཀར་པོ་བབས་སོང་། །
    ཁ་བ་འཁྱགས་པ་ཆགས་སོང་། །
    འཁྱགས་པ་མིག་ཆུར་བཞུར་བགྱིད། །

    Reply
  8. དབང་ཕྱུག says:
    ལོ་ 13 སྔོན།

    དགའ་སྣང་དང་སྐྱོ་སྣང་། དྲན་སྣང་གསུམ་མཉམ་དུ་སྐྱེས་སོང་། ད་དུང་ང་ཚོས་ཁ་བ་འབབ་ཐེངས་རྩིས་ཏེ་ག་ཚོད་སྡོད་དགོས་པ་རེད། དྲན་གདུང་དང་སྐྱོ་གདུང་རིམ་ནས་ཅི་ཙམ་བསྒུག་དགོས་པ་རེད།

    Reply
  9. ཤག་སྒང་པ། says:
    ལོ་ 13 སྔོན།

    དཀར་པོ་གངས་ཀྱི་ཁ་བ་བབས་སོང་།།

    སེམས་པ་སྐྱིད་པའི་གངས་རྩེད་བརྩེར་འགྲོ།།

    ཞེ་བློ་ཕམ་པའི་སེམས་ངལ་ཐམས་ཅད།།

    རེ་ཞིག་བསྐྱུར་ཏེ་ང་ཚོ་དགའ་དང་།།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གསར་འགྱུར་འདི་དངོས་གནས་སྙིང་རྗེ་བོ་ཡིད་ལ་འཐད་པ་ཞིག་འདུག འདི་ལ་འདྲ་པར་ཁ་ཤས་ཤིག་ཡོད་ན་དེ་བས་ཀྱང་སྙིང་རྗེ་བ་ལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese