མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀོན་མཆོག་གིས་མ་རྙེད་པའི་བོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་ཉིན་ང་གངས་སྐྱིད་དུ་སྐྱོད་སྐབས་སྐུ་སྒེར་དྲུང་ཆེ་ཟུར་པ་རྟ་ར་བ་མཆོག་སྐུ་གཤེགས་པའི་གནས་ཚུལ་དེ་ཐོས་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འགའ་ཡང་ཡར་རྒྱུག་མར་རྒྱུག་གིས་ཁོང་གི་ལོ་རྒྱུས་འཚོལ་བཞིན་འདུག ངས་ཀྱང་དེ་མ་ཐག་དུས་བབ་ཀློག་པ་པོ་ཚོར་སྙན་གསེང་ཞུ་ཆེད་གསར་འགྱུར་འབྲི་བར་སྟ་གོན་བྱས་པ་ཡིན། ཡར་སྔོག་མར་སྔོག་ཇི་ལྟར་བྱས་ཀྱང་ང་ལ་གསར་འགྱུར་འཐུས་སྒོ་ཚང་བ་ཞིག་རག་མ་སོང་། གྷོ་གྷིལ་དཀོན་མཆོག་ཡིན་(Google is God)ཟེར་བ་བཞིན། ངས་དཀོན་མཆོག་བཞི་བ་དེ་ལ་སྐྱབས་སུ་མཆི་བ་ཡིན། མ་མཐར་ཡང་རྟ་ར་བ་མཆོག་གི་སྐུ་པར་ཞིག་གི་དངོས་གྲུབ་འཐོབ་རེ་བྱས་པ་ཡིན། བོད་རྒྱ་དབྱིན་གསུམ་ཁ་གཅིག་གྲག་ཐོག་གྷོ་གྷིལ་གྱིས་ཀྱང་མི་འདི་འདྲ་ཞིག་ངོ་མི་ཤེས་ཟེར། བོད་པའི་སྤྱི་ཚོགས་འདི་ད་དུང་བརྡ་འཕྲིན་བརྒྱུད་ལམ་ཁྲོམ་རྭའི་ལྟག་རྒྱབ་ན་ལྷག་འདུག འཛམ་གླིང་གི་གསར་འགོད་པ་ཚོས་ཀྱང་བོད་པའི་སྤྱི་ཚོགས་འདི་རྩ་བ་ནས་རྙེད་མི་འདུག

            བོད་མིའི་ལུས་ནས་མེ་འབར་ཏེ་དུ་བའི་ནང་ནས་ཀི་བཏབས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ཐོས་མ་མཐོང་ཐལ་ཟེར་ནས་ང་ཚོས་སྡུག་སྐད་བརྒྱབ་པ་རེད། འདི་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀ་འཛོམས་ཡོད་པ་ངོས་ལེན་བྱེད་དགོས་ཀྱི་འདུག བོད་པའི་སྤྱི་ཚོགས་ཆུང་དྲགས་པ་དང་འཛམ་གླིང་ཆེ་དྲགས་པའི་ཁར་རིག་ཚན་མང་པོ་ཞིག་གི་ཐོག་བོད་མི་ཚོ་རྗེས་ལུས་ཐེབས་ཡོད་པ་འདི་ཕྱི་རྐྱེན་རེད། དེང་གི་བརྡ་འཕྲིན་བརྒྱུད་ལམ་གྱི་རྒྱ་སྒོ་བརྒྱངས་ནས་བཞག་ཡོད་ཀྱང་བོད་མི་ཚོས་གནའ་ནས་དཀོན་མཆོག་གསུམ་མ་གཏོགས། དེང་གི་དཀོན་མཆོག་བཞི་བ་ཞིག་རྩད་ནས་ཁས་མི་ལེན་པའི་ཞེ་གྱོང་གི་གཤིས་ཀ་འདི་ནང་རྐྱེན་རེད། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གླེང་བཞིན་གངས་ཅན་སྐྱིད་གཤོངས་ན་གང་འདོད་དུ་བརྡ་འཕྲིན་བརྒྱུད་ལམ་ལ་འབྲེལ་འདྲིས་བྱས་མི་ཆོག་པའི་སྒྲིག་གཞི་དམ་པོ་ཞིག་ཀྱང་བག་ལ་ཞ་བའི་ཚུལ་དུ་གནས་ཡོད།

            ངྷ་རམ་ས་ལའི་སྒྲིག་འཛུགས་འདི་ཡང་རྒྱལ་ཁབ་ཅིག་གི་ཚབ་མཚོན་བྱེད་དགོས། རྒྱལ་ཁབ་ཅིག་ལ་ཅི་ཞིག་ཚང་དགོས་པ་དང་རྒྱལ་ཁབ་ཅིག་གིས་ཅི་ཞིག་བསྒྲུབ་དགོས་པ་དེར་ངྷ་རམ་ས་ལའི་སྒྲིག་འཛུགས་འདིས་ཀྱང་འབད་བརྩོན་བྱེད་ཀྱིན་ཡོད། འདས་པའི་ཟླ་ངོ་བཅོ་ལྔའི་ནང་ཚུད་དུ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་གསུམ་སྔ་རྗེས་སུ་སྐུ་གཤེགས་སོང་། ཁོང་རྣམ་པ་བོད་པའི་འཐབ་རྩོད་ཀྱི་བདེན་པའི་མཐའ་ལ་རེ་བའི་འཕྱང་ཐག་ཆད་སོང་བ་མིན་ཡང་། མི་ལོ་ལྔ་བཅུའི་རིང་དཀའ་ལས་བརྒྱབ་སྟེ་སྐུ་ཐང་ཆད་སོང་བ་རེད། ལྷུན་པོ་ལྟ་བུ་ཁོང་རྣམ་པ་གློ་བུར་གློ་བུར་དུ་བཞུད་སྟངས་དེས་ཉི་མ་ལྟ་བུའི་སྐྱེས་ཆེན་གཞན་ཞིག་གི་བཞུད་ལམ་ཡང་བོད་པ་ཚོ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་འགྲོ་བཞིན་ཡོད།

            བོད་མི་ཚོས་འདོད་ཀྱང་རུང་ལ་མ་འདོད་ཀྱང་རུང་རང་བཞིན་ཆོས་ཉིད་ཀྱི་བདེན་པ་ལ་ཕྱོགས་རིས་མེད་སྟབས། སྐྱེས་ཆེན་ཁོང་བཞུད་པའི་ཉི་མ་ནག་པོ་དེར་ད་ལྟ་ནས་བོད་མི་ཚོའི་བསམ་བློའི་ནང་དུ་གྲ་སྒྲིག་ཅིག་ཡོད་དགོས། གོ་ཐོས་ལ་བྷེ་བྷེ་སེ་དང་སི་ཨན་ཨན་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གིས་བོད་པའི་སྐྱེ་ཆེན་ཁོང་བཞུད་སྟངས་ཀྱི་གསར་འགྱུར་སྒྲོམ་གཞི་སྔ་མོ་ནས་བཟོས་ཚར་ཡོད་རབས་འདུག ས་བྱི་ཞི་རྒོལ་དང་ལྕགས་ཡོས་མེ་རྒོལ་ལས་ལྷག་པའི་གནས་ཚུལ་ཆེན་པོ་ཞིག་ལ་རེ་སྒུག་བྱས་ཡོད་རབས་འདུག དུས་ཚོད་ཀྱི་སྔ་ཕྱི་ཙམ་རྩོད་པར་ཁེ་ལས་པ་འདི་ཚོར་དེ་འདྲའི་བྲེལ་འཚུབ་རྔམ་སྐྲག་ཡོད་ན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆག་འཇིག་ལ་མཐུད་ནས་ཡོད་པའི་བོད་པ་ཚོར་ཅིའི་ཕྱིར་ཤ་འགུལ་ཙམ་ཡང་མེད་སོང་བ་ཡིན་ནམ།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese