མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་གནའ་འབྲེལ་རྒྱལ་ཁབ་ལྟར་རྒྱ་ནག་འཐོར་ཞིག་འགྲོ་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བྷལབིར་ཀེ་པུནཇས་བརྩམས། ཝཱཎ།   རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཟླ་སྔོན་མར་རྒྱ་ནག་ལྷོ་རྒྱུད་ཀྱི་སྲིད་གཞུང་གིས་ལྷོ་ཕྱོགས་གཟའ་འཇུག་གསར་ཤོག་དོ་དམ་སྟངས་འཛིན་གྱི་བཀའ་རྒྱ་བཏང་པ་དེར་འབྱོར་འབྲིང་གྲལ་རིམ་མི་མང་ཚོས་ངོ་རྒོལ་བྱས་ཡོད། མིང་མང་གིས་གསར་ཤོག་དེ་ལ་རྒྱབ་སྐྱོར་བྱས་དོན་ནི། གསར་ཤོག་དེའི་སྟེང་སྨྲ་བརྗོད་རང་དབང་ལ་ཞུ་འབོད་བྱེད་ཀྱིན་ཡོད་པའི་རྩོམ་སྒྲིག་པའི་གླེང་བརྗོད་དེ་དག་དབང་ཆ་གཅིག་སྡུད་སྲིད་གཞུང་ལ་བསྟོད་བསྔགས་སུ་བཅོས་བསྒྱུར་བྱེད་ཐབས་བྱས་པས་རེད།

 

གསར་འགོད་པ་ཙམ་མིན་པར་འབྱོར་འབྲིང་མི་མང་བཅས་མཉམ་ཞུགས་ཐོག་ངོ་རྒོལ་བྱས་ཏེ། རྒྱ་ནག་ནི་སྨྲ་བརྗོད་བསམ་འཆར་ཚང་མ་དབང་འཛིན་པས་སྟངས་འཛིན་བྱེད་བཞིན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་སྟོན་གྱི་ཡོད། མི་མང་གི་ངོ་རྒོལ་དེས་དམར་པོའི་སྲིད་གཞུང་ནང་ཁུལ་འཁྲུག་བཞིན་ཡོད་པ་མཚོན་པ་མ་ཟད། དེ་ནི་ཡོང་རྒྱུའི་དབྱར་དུས་སུ་གསར་གཞོན་མགོ་ཁྲིད་ཚོས་རྒྱལ་ཁབ་འཛིན་སྐྱོང་བྱ་རྒྱུ་ཡིན་པའི་ཆ་ནས་ཀྱང་དམིགས་བསལ་གནད་དོན་ཞིག་ཆགས་ཀྱི་ཡོད།

 

དམིགས་བསལ་ངེས་དགོས་པ་ཞིག་ལ། ད་ལན་གྱི་ངོ་རྒོལ་བྱུང་ས་ནི་རྒྱ་ནག་གི་དཔལ་འབྱོར་ཡར་ཐོན་གྱི་མཚོན་རྟགས་ལྟ་བུར་འདོད་པའི་ཀོང་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་ཀོང་ཀྲིག་རེད། ངོ་རྒོལ་དེར་ཞིང་ཆེན་ཕྱི་ཕྱོགས་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། གནས་ཚུལ་འདི་དང་འབྲེལ་པའི་ཐད་ནིའུ་ཡོག་དུས་བབ་ནང་གྲགས་ཅན་འདྲེན་མ་ལི་ཏིང་ཏིང་(ཁོ་མོར་རྗེས་འཇུག་ས་ཡ་ ༡༩ ཙམ་ཡོད་)གི་དྲ་རྒྱ་ལས། “གྲངས་ངར་ཅན་གྱི་དགུན་ཁ་འདིར་དཔྱིད་ཀ་འཆར་བའི་རེ་བ་བྱེད་” ཅེས་བརྗོད་པ་ལུང་འདྲེན་བྱས་ཡོད། མཚོན་དོན་ཟབ་པའི་འགྲེལ་བརྗོད་དེས་དེང་སྐབས་དམར་པོའིི་སྲིད་གཞུང་འོག་གི་རྒྱ་ནག་གི་གནས་སྟངས་མཚོན་གྱི་ཡོད།

 

གཞན་ཡང་།  གྲགས་ཅན་འདྲེན་མ་ཡའོ་ཁྲན་(ཁོ་མོར་དགའ་མོས་བྱེད་མཁན་ས་ཡ་ ༣༡ཙམ་ཡོད་)གྱི་དྲ་རྒྱའི་ཐོག འདས་ཟིན་པའི་ཨུ་རུ་སུ་གནའ་འབྲེལ་རྒྱལ་ཁབ་སྐབས་ཀྱི་སྙན་གྲགས་དང་ཆེས་མནར་གཅོད་མྱངས་པའི་ཕྱོགས་འགལ་རྩོམ་པ་པོ་ཨེ་ལཱེག་རྫན་ཌིར་སོལ་ནེ་སན་(Alexander Solzhenitsyn)ཡི་སྐོར་བརྗོད་ཡོད་པ་དང་། ཁོ་མོས་“དྲང་བདེན་གྱི་འབོད་ཚིག་གཅིག་ནི་འཛམ་གླིང་ཧྲིལ་པོ་ལས་རིན་ཐང་ཆེ་”ཞེས་བརྗོད་པའང་ལུང་འདྲེན་བྱས་ཡོད། དངོས་དོན་‘རིན་ཐང་’ འདིའི་རྐྱེན་པས་དབང་ཆ་གཅིག་བསྡུའི་སྲིད་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཐོག་བཀག་རྒྱ་དང་དོ་དམ་བྱེད་ཀྱི་ཡོད། རྒྱ་གར་ལ་ཆ་མཚོན་ནའང་། ང་ཚོས་བརྗེད་མི་སྲིད་པ་ཞིག་ནི།  ཕྱོ་ལོའི་ལོ་རབས་བདུན་ཅུའི་ནང་གི་དུས་ཟིང་སྐབས་ཟླ་བ་བཅུ་དགུ་ཙམ་གྱི་རིང་གསར་འགྱུར་ཁག་ནས་སྲིད་གཞུང་ལ་བསྟོད་བསྔགས་ཕུལ་དགོས་པའི་བཙན་བཀའ་བཏང་ཡོད་མོད། སྙིང་སྟོབས་ཀྱི་ཕྱུག་པའི་གསང་བའི་གསར་ཤོག་ཁག་ཅིག་བརྒྱུད་ནས་མི་མང་གིས་བདེན་དོན་ངོ་མ་ཤེས་རྟོགས་ཐུབ་ཡོད།

 

རྒྱ་ནག་ནང་ལའང་ད་བར་སྐད་ཤུགས་ཆུང་བའི་བསམ་ཚུལ་མི་མཐུན་པའི་འབོད་སྒྲ་དེ་བཞིན།  དབང་ཆ་གཅིག་བསྡུའི་ཚོགས་པས་ལོ་ངོ་བཅུ་ཕྲག་དྲུག་ཙམ་དབང་འགྱུར་གྱི་རྗེས་སུ་སྐད་གྲགས་ཆེ་རུ་འགྲོ་བཞིན་ཡོད། ཞིབ་བཤེར་དོ་དམ་གྱི་བཀག་རྒྱ་ལས་ཕྱིར་སྒྲོག་གིན་པའི་དྲང་བདེན་གྱི་འབོད་སྒྲས་རིམ་བཞིན་རྒྱ་ནག་གི་དངོས་ཡོད་འཛམ་གླིང་ཕྱིར་མངོན་གསལ་འགྱུར་ངེས།  དེ་ནི་དཔའ་འབྱོར་འཕེལ་རྒྱས་ཀྱི་ངོ་སོ་བསྟོད་བསྔགས་ཀྱི་ལྐོག་ཏུ་གབ་པའི་ངོ་གདོང་ངོ་མ་དེ་རེད། མགོ་གཙོ་གཞོན་པ་ཞི་ཅིན་ཕེན་གཙོས་མགོ་ཁྲིད་གསར་པ་ཚོས་མྱུར་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པར་མ་ལྟོས་པར། རྒྱ་ནག་ནང་བརྟན་བརླིང་མེད་པའི་དོན་རྐྱེན་ཇེ་མང་འགྲོ་བཞིན་པ་བཏང་སྙོམས་སུ་འཇོག་ཐུབ་མི་སྲིད།

 

ཕྱི་ལོ་ ༢༠༡༢ ཟླ་ ༤ པའི་ལས་འགུལ་པ་ཁྲན་ཀོང་ཁྲན་གྱི་ཐབས་མཁས་པའི་སྒོ་ནས་བཀག་ཉར་ཁང་ནས་བྲོས་བྱོལ་ཕྱིན་ཏེ། པེ་ཅིན་ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་ཞུས་པ་ནི། འཛམ་གླིང་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་སོ་སོའི་མི་སེར་ལའང་ལྟ་སྐྱོང་ཅི་འདྲ་ཞིག་བྱེད་ཀྱི་ཡོད་པ་གཤམ་སྟོན་བྱས་ཡོད། རྒྱ་ནག་རྒྱལ་ཡོངས་སུ་ཞིང་པ་དང་ངལ་རྩོལ་པས་དུས་ཚོད་འདྲ་མིན་ཐོག་ངོ་རྒོལ་བྱུང་གི་ཡོད་པ་མ་ཟད། ངལ་རྩོལ་པ་ཚོར་གླ་བབ་ཉུང་དྲགས་པ་དང་ཞིང་པར་ས་ཞིང་བཙན་འཕྲོག་བྱས་པར་གུན་གསབ་འོས་ཤིང་རན་པ་སྤྲོད་ཀྱི་མེད་སྟབས། སྲིད་གཞུང་ལ་ལས་ཀ་མཚམས་འཇོག་གི་ངོ་རྒོལ་གནས་ཚུལ་ཐོན་བཞིན་ཡོད།

 

ལྐོག་ཟ་རུལ་སུངས་དང་མི་གསོད་དོན་རྐྱེན་གྱི་ནག་ཉེས་འོག་གནས་བབ་མཐོ་བའི་ཆབ་སྲིད་པ་པའོ་ཞི་ལའེ་དབང་ཆ་ལས་ཕྱིར་འཕུད་བཏང་པའི་ཁྲབ་སྟོན་དང་། དེ་བཞིན་དམར་པོའི་གཞུང་འཛིན་མགོ་ཁྲིད་ཚོས་སོ་སོའི་བུ་ཕྲུག་ཚོར་ཨ་རི་དང་དབྱིན་ཡུལ་ནང་གི་སྙན་གྲགས་ཅན་གྱི་སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་སྤྲད་དེ་མཐར་ནུབ་ཕྱོགས་ནང་ཚད་ཡོད་ཕྱི་རྒྱལ་ཚོང་ལས་ཁང་དག་གི་ནང་བྱ་བཞག་བསྒྲུབ་གཉེར་བྱ་རྒྱུ་ཡོང་ཐབས་བྱེད། བྱེས་པ་སྐྱེས་མི་ཆོག་པའི་བཙན་དབང་གིས་བཤག་བཅོས་གཏོང་དགོས་པ་དང༌། སྐྱེ་སྒོ་སྔོན་འགོག་བཅས་ཀྱི་ཐད་མི་མང་ནང་དགའ་མོས་མེད་པའི་རྣམ་འགྱུར་འཕེལ་བཞིན་ཡོད། འདི་དག་ལ་བརྟེན་ནས། ༢༠༡༢ ཟླ་ ༥ པའི་དུས་བརྙན་དེབ་(Time Magazine)ནང་། “གཞུང་འཛིན་དཔོན་རིགས་ཁྲོད་དབང་ཆ་ལོག་སྤྱོད་པ་དང་ལྐོག་ཟ་རུལ་སུངས་པ་མང༌།” ཞེས་བཀོད་ཡོད།

 

རྒྱ་ནག་དམར་པོའི་དབང་འོག་ཏུ་ལོ་ངོ་བཅུ་ཕྲག་དྲུག་ཙམ་འདས་ཟིན་མོད། འོན་ཀྱང་། མ་ཁེ་སིའི་རིང་ལུགས་ནང་བཤད་པ་བཞིན་སྤྱི་ཚོགས་འདྲ་མཉམ་ཡོང་རྒྱུ་ལས་ལྡོག་སྟེ། སྣང་བརྙན་ཐ་དད་ཞིག་མངོན་བཞིན་ཡོད། ཧོང་ཀོང་ནང་རྟེན་གཞི་བྱས་པའི་དཔའ་འབྱོར་སློབ་སྟོན་པ་ཧུརུམ་ཡིས་ “རྒྱ་ནག་གི་གྲོས་ཚོགས་འཐུས་མི་བདུན་བཅུའི་འགྲོ་སོང་ཨ་སྒོར་ཐེར་འབུམ་ ༩༠ ཆགས་ཀྱི་ཡོད་” ཅེས་ཟེར།

 

རྒྱ་ནག་གི་རྒྱལ་ནང་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་ལ་གཞིགས་ན་ཕྱི་ལོ་ ༢༠༠༡ དང་ ༢༠༡༠ བར་གླ་བབ་ཚད་མངོན་གསལ་དོད་པོས་མར་ཆག་ཡོད། ཨ་རི་དང་རྒྱ་ནག་ཐོག་གི་ཆེད་མཁས་པ་ཀེན་ནེཐ་ལེ་བྷར་ཐལ་(Kenneth Liberthal)ཡིས་དུས་བརྙན་དེབ་ནང་རྒྱ་ནག་སྐོར་བརྗོད་དོན། “དཔལ་འབྱོར་དང་ཆབ་སྲིད་དབང་ཆའི་དབར་འབྲེལ་ཐག་ཉེ་པོ་རེད།” ཅེས་ཟེར། དཔེར་ན། དབང་ཆའི་འཐབ་རྩོད་ཁྲོད་ཕམ་ཁ་བྱུང་ཡོད་པར་མ་ལྟོས་པར། གང་ལྟར་ཡང་པའོ་ཞི་ལའེ་ཡིས་རང་ཉིད་ཙམ་མ་ཟད་སོ་སོའི་བཟའ་ཟླ་ཡང་ཕྱུག་བདག་བཟོས་ཡོད།

 

འདྲ་མཉམ་གོང་འཕེལ་འགྲོ་རྒྱུ་ལས་ལྡོག་སྟེ་དཔལ་འབྱོར་འདྲ་མཉམ་མེད་པ་ནི། རྒྱ་ནག་ནང་ཐུན་མོང་གི་མཐོང་ཆོས་སུ་འགྱུར་ཡོད། ཁྲག་ཁྲིག་ཆེན་པོ་བཅུའི་ཨ་སྒོར་རྔན་པ(The Ten Trillion Dollar Prize)ཞེས་པའི་དེབ་ནང་བཀོད་དོན། ཕྱི་ལོ་ ༢༠༠༡ ལ་རྒྱ་ནག་ནང་ཐེར་འབུམ་བདག་པོ་གཅིག་ལས་མེད་པ་དང་། ཕྱི་ལོ་ ༢༠༡༡ ལ་ཐེར་འབུམ་བདག་པོ་ ༡༡༥ ཟིན་ཡོད་པ་དང༌། ལོ་ངོ་བཅུའི་གོང་རིམ་པ་དམའ་ཤོས་གྲས་ཡིན་པ་དང་ཕྱི་ལོ་ ༢༠༡༡ ནང་རྒྱ་ནག་ནི་ཨ་རིའི་རྗེས་ཐོག་ཏུ་སླེབས་ཡོད།  དེབ་དེའི་ནང་གཞན་ཡང་།  ཕྱི་ལོ་ ༢༠༡༠ ནང་རྒྱ་ནག་ནང་ས་ཡ་བདག་པོ་ཁ་གྲངས་ས་ཡ་བརྒལ་ཡོད་པ་དང༌། ཉི་ཧོང་ནང་ ༡།༥ ས་ཡ་ཡོད་པ་དང་ཨ་རི་ནང་ ༥།༢ ས་ཡ་ཡོད་པར་འགྲེལ། འདྲ་མཉམ་མེད་པའི་དཔལ་འབྱོར་འཕེལ་རྒྱས་འདིས་རྒྱ་ནག་ནང་འབྱོར་འབྲིང་མི་མང་ཚོས་དགོས་དོན་དང་གནས་བབ་གསར་པ་ཞིག་མངོན་འདོད་བྱེད་ཀྱི་ཡོད།

 

མཱ་ཁི་སི་དང་མའོ་ཡི་གྲིབ་གཟུགས་རྒྱ་ནག་དམར་ཤོག་ནང་ཡུན་རིང་ནས་ཡལ་ཟིན་པ་རེད། ཁོང་གཉིས་ནི་ལོ་རབས་བརྒྱ་བཅུའི་ནང་གི་ཨུ་རུ་སུ་གནའ་འབྲེལ་རྒྱལ་ཁབ་ལྟར་གནས་མེད། འབྱོར་འབྲིང་མི་མང་གི་གྱེན་ལངས་ནང་མཉམ་ཞུགས་བྱེད་མཁན་ནི། བཟོ་པ་དང༌ཚན་རིག་པ། དགེ་རྒན་དང་བཟོ་བཀོད་འཆར་འགོད་པ། གཞན་ལས་རིགས་ཁག་གི་ཆེད་ལས་པ་ཚོས་སྤྱི་ཚོགས་རྙིང་པའི་ངལ་རྩོལ་མི་མང་གི་འབོད་ཚིག་ལ་ཡིད་མོས་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད། མི་མང་གི་མངོན་འདོད་ནི་སོ་སོར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་འདོད་པ་དེ་རེད། དེར་རྟེན།  མི་མང་གིས་སྲིད་གཞུང་མགོ་རྟིང་སློག་པ་རེད། ཨུ་རུ་སུ་གནའ་འབྲེལ་རྒྱལ་ཁབ་ལ་དམག་མི་འབོར་ཆེན་དང་རྡུལ་ཕྲན་མཚོན་ཆ་ཡོད་མེད་ལ་མ་ལྟོས་པར་དུས་ཡུན་ཐུང་ངུའི་ནང་འཐོར་ཞིག་ཕྱིན།

 

དེ་དང་ཕྱོགས་མཚུངས་པའི་གནས་བབ་རྒྱ་ནག་ནང་འབྱུང་ངེས། རྒྱལ་ནང་དུ་བརྟན་བརླིང་མེད་པ་དང་ཉེ་ཆར་གྱི་དོན་རྐྱེན་དག་ནི་འཐོར་ཞིག་འགྲོ་སྲིད་པའི་རྟགས་མཚན་རེད། ད་ལྟའི་ཆ་ལ་དེ་ནི་མི་སྲིད་པ་ལྟ་བུར་སྣང་སྲིད། ཕྱི་ལོ་ ༡༩༨༥ ལོར་མོསེ་ཀོའོ་ནང་བྱུང་བའི་གཅིག་མཚུངས་ཀྱི་དོན་རྐྱེན་ལ་སུ་ཞིག་གིས་སྔོན་དཔག་བྱས་མེད། རྒྱ་ནག་གི་འདོད་པ་ནི་རྟ་གཉིས་ལ་བཞོན་འདོད་པ་དེ་རེད། གཅིག་ནི་མ་ཁ་སི་དང་མའོ་ཡི་ལམ་ལུགས་ངོ་འབག་གྱོན་པའི་སྲིད་དབང་སྒེར་གཅོད་དང་། ཅིག་ཤོས་ནི་དཔལ་འབྱོར་ཁྲོམ་རྭ་རེད།

 

རྟ་དེ་གཉིས་ནི་ཁ་ཕྱོགས་ལྡོག་ནས་བརྒྱུག་ངེས། རྒྱུ་མཚན། གདམ་ག་རྒྱ་སྐྱེད་བྱེད་རྒྱུ་ནི་དཔལ་འབྱོར་ཁྲོམ་རྭའི་དགོས་མཁོ་ཞིག་ཡིན་མོད། སྲིད་དབང་སྒེར་གཅོད་པས་མི་མང་ཐོག་དོ་དམ་བཀག་རྒྱ་རྒྱུན་སྐྱོང་བྱེད། གྲོང་ཁྱེར་ཁ་ལེ་ཧྥོར་ནིཡཱ་(California)ཡི་ཁིལར་རེ་མོན་ཊ་(Claremont Mckenna)མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་མེན་སིན་པའེ་(Minxin Pei)ཡིས་ཕྱི་ལོ་ ༢༠༡༡ ཟླ་ ༧ པའི་ནང་ནེའུ་ཡོག་དུས་བབ་ཐོག “དེ་ནི་ཡང་དག་པའི་ལྟ་ཚུལ་གང་ཡང་མཚོན་གྱི་མེད་པར། དེ་འདྲའི་ལྟ་ཚུལ་ནི་དབང་ཆའི་ལྟ་ཚུལ་རེད།” ཅེས་བྲིས་ཡོད། ཁོང་གིས་ལམ་ལུགས་ནི་ ‘རང་དོན་དང་སྲིད་དབང་སྒེར་གཅོད། ཆབ་སྲིད་གནས་བབ་རྒྱུན་འཛིན་གྱི་སྒྲིག་འཛུགས་’ཤིག་ཡིན་པར་འགྲེལ་བརྗོད་བྱས་ཡོད། ཡང་ཁོང་གིས་ “དབང་ཆ་རྒྱུན་འཛིན་བྱེད་རྒྱུ་ལས་མི་མང་ཆེད་དགོས་དོན་གང་ཡང་མེད་པ་རེད།” ཅེས་ཟེར། དེ་འདྲའི་ལམ་ལུགས་ཤིག་ཡུན་རིང་གནས་ཐུབ་བམ།

           

མ་རྩོམ་གྱི་དྲ་ཐག  http://www.dailypioneer.com/columnists/item/53194-will-communist-china-go-the-soviet-way?.html  

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 1

  1. ཕུན་ཚོགས ། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིའི་བརྗོད་དོན་ལྟར་རྒྱ་གཞུང་ཡང་ཨུ་རུ་སི་ལྟར་འཐོར་བཤིག་ཏུ་འགྲོ་བར་རེ་བ་རྒྱག་རྒྱུ་སྣེ་གཅིག་དང། གཞན་ཡང་རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་བསྟན་དོན་ལྟར་གྲངས་ཉུང་མི་རིགས་མང་པོ་མཉམ་འདུས་ཀྱི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་འགྱུར་བར་རེ་བ་རྒྱག་རྒྱུ་གཉིས་ལྷག་ཡོད་པར་དཔྱད་བརྗོད་མང་ཙམ་སྤེལ་ཐུབ་ན་ཤིན་ཏུ་ཕན། རྩོམ་ཡིག་འདི་རིགས་ལ་དོ་སྣང་སྤྲོད་མཁན་གང་མང་དང་དཔྱད་བརྗོད་སྤེལ་མཁན་མང་ཙམ་ཡོད་ན་ཅི་འདྲའི་དགའ་ཨང་།
    དེ་མིན་དོན་དག་ཆུང་ཚགས་རིགས་ལ་དོ་སྣང་ཤུགས་ཆེན་སྤྲད་དེ་ལྟ་གྲུབ་དང་ལངས་ཕྱོགས་ཙམ་ལ་ཞེན་ཁོག་ཕྱོགས་ལྷུང་གི་དཔྱད་བརྗོད་དང་རྩོམ་ཡིག་འབྲི་མཁན་ཆུ་བཞིན་བརྡོལ་བ་འདི་ཡག་རྟགས་ཤིག་ཏུ་མ་མཐོང་ཕྱིར། རྩོམ་ཡིག་འདི་ལྟར་བསྒྱུར་འགོད་དང་རྩོམ་འབྲི་མུ་མཐུད་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese