མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅཱང་ཞིས་གཉིས་ཀྱི་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཅཱང་ཧུའུ་གཉིས་ཀྱི་འགལ་བ་དེ་ཅཱང་ཞིས་གཉིས་བར་གྱི་འཐབ་རྩོད་དུ་འགྱུར་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། རྒྱ་གཞུང་དབུས་དམག་དོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཟུར་པ་ཡཱང་པའེ་པེན་གྱི་དུར་མཆོད་མཛད་སྒོའི་གནས་ཚུལ་སྤེལ་སྐབས།  ཅཱང་ཙེ་མཱེན་གྱི་མིང་རིམ་དེ་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྣམས་ཀྱི་ཆེས་མཐའ་མར་བཞག་ཡོད་སྟབས། ཅཱང་ཙེ་མཱེན་རྒྱ་གཞུང་གི་ཆབ་སྲིད་གར་སྟེགས་ལས་མར་དབབ་རྒྱུའི་རྣམ་འགྱུར་ཞིག་ཡིན་མིན་ཐད།  རྒྱལ་ཁབ་ཕྱི་ནང་གི་གསར་ལམ་ཁག་ཏུ་ཚོད་བགམ་དང་གླེང་སློང་སྣ་ཚོགས་བྱུང་ཡོད།

དེ་བཞིན། ཕྱི་ཚེས་ ༢༢ ཉིན་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཏེ། “ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཅཱང་ཙེ་མཱེན་གྱིས་དབུས་གཞུང་ལ་རེ་བ་བཏོན་ཏེ། རྗེས་ཕྱོགས་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོའི་མིང་རིམ་སྒྲིག་སྐབས། ཁོ་རང་མགོ་ཁྲིད་རྒན་རབས་པ་དང་མཉམ་དུ་འཇོག་དགོས་པ་བརྗོད་ཡོད་ལ།  དེ་ཡིས་དམར་ཤོག་རིང་ལུགས་པའི་ཡ་རབས་གཞུང་བཟང་དང་བློ་རྒྱ་ཆེན་པོ་མཚོན་ཡོད།” ཅེས་བཀོད་འདུག 

ཅང་ཙེ་མཱེན་གྱི་མིང་ཐོབ་གོ་རིམ་འགྱུར་ལྡོག་ཐད། ཧོང་ཀོང་གསར་ལམ་ཁག་གིས་ཅཱང་དངོས་སུ་རྒྱ་གཞུང་གི་ཆབ་སྲིད་གར་སྟེགས་ལས་མར་དབབ་རྒྱུའི་སྔོན་བརྡ་ཞིག་ལ་ངོས་འཛིན་བྱས་ཡོད་ཀྱང་། ཆབ་སྲིད་དཔྱད་བརྗོད་པ་ལིག་རིས་ཧྲོ་ཡིས་དེ་ལས་ལྡོག་སྟེ།  “ཅཱང་ཙེ་མཱེན་གྱི་ཆབ་སྲིད་ཤུགས་རྐྱེན་འབྱུང་འགྱུར་དུས་ཡུན་ངེས་ཅན་ཞིག་གི་རིང་མུ་མཐུད་གནས་རྒྱུ་རེད”  ཅེས་བརྗོད་ལ།  སྐབས་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཀྱང་། ཅཱང་གིས་མུ་མཐུད་དུ་ཞིས་ཡི་སྲིད་བྱུས་ལ་ཐེ་གཏོགས་བྱས་པར་བརྟེན།  ཞིས་ཡིས་ཉེ་ཆར་དམར་ཤོག་དཔོན་རིགས་ཀྱི་སྤྱོད་ལམ་ཐད་ཀྱི་སྒྲིག་གཞི་ཚན་པ་བརྒྱད་བཏོན་པ་དང་། ཅཱང་ཤོག་ཁག་གིས་དེར་ཁ་གཏད་གཅོག་ཆེད་ལྷོ་ཕྱོགས་གཟའ་མཇུག་གསར་ཁང་གི་དོན་རྐྱེན་བསླངས་ཡོད་ལ། ད་ལྟ་ཅཱང་གི་མིང་རིམ་མར་ཕབ་དང་ཞིན་ཧྭ་གསར་ཁང་གིས་དེ་ལ་གསལ་བཤད་འཕར་མ་སྐྱོན་པ་བཅས་ཕྱི་ཚུལ་གྱི་རྣམ་འགྱུར་དག་གིས།  འདས་པའི་ལོ་བཅུའི་རིང་གི་ཅཱང་ཧུའུ་གཉིས་བར་གྱི་དབང་ཤུགས་འཐབ་རྩོད་ཀྱི་འགལ་བ་དེ།  ད་ལྟའི་ཆར་ཅཱང་ཞིས་གཉིས་བར་གྱི་དབང་ཤུགས་འཐབ་རྩོད་ཀྱི་ངོ་བོར་འགྱུར་བཞིན་པ་བརྗོད་འདུག   

ཚོགས་ཆེན་བཅོ་བརྒྱད་པའི་སྔོན་དེ། ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་གཞུང་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་ཏེན་ཀུང་ཞོན་གྱི་དུར་མཆོད་གནས་ཚུལ་སྤེལ་སྐབས། ཧུའུ་དང་ཞིས་གཉིས་རྗེས་ཀྱི་མིང་རིམ་གསུམ་པར་ཅཱང་བཞག་ཡོད་ལ།  ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཅཱང་ཤོག་ཁག་གི་མཐུན་གྲོགས་ཀྲང་ཏིག་ཅཱང་དང་། ཡུས་ཀྲིན་ཧྲིན། ཀྲང་ཀོ་ལིན། ལིག་ཡོན་ཧྲན་བཅས་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་བདུན་ཁྲོད་བདམས་སྒྲིག་བྱུང་ཡོད་སྟབས། གསར་ལམ་ཁག་གིས་ཅཱང་ཙེ་མཱེན་གྱི་ཆབ་སྲིད་ཤུགས་རྐྱེན་མུ་མཐུད་གནས་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཅཱང་ཙེ་མཱེན་ནི་ད་ལྟ་ལོ་ ༨༦ ཡིན་ལ།  ༢༠༠༢ ལོར་རྒྱ་གཞུང་དམར་ཤོག་དྲུང་ཆེ་དང་སྲིད་འཛིན་གྱི་ལས་གནས་དང་།  ༢༠༠༤ ལོར་རྒྱ་གཞུང་དབུས་དོན་ལྷན་ཁང་གི་ལས་གནས་བཅས་རིམ་པར་ཕྱི་ཚུལ་ནས་ཧུའུ་ཅིན་ཐའོ་ལ་རྩིས་སྤྲོད་བྱས་རྗེས། ཧུའུ་ཝུན་གཉིས་ཀྱིས་རྒྱ་གཞུང་གི་སྲིད་འགན་ཁུར་པའི་ལོ་ ༡༠ དུས་ཡུན་རིང་ཅཱང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་ཇུས་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese