མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་གནས་མཇལ་དུ་སྐྱོད་པར་ཡིག་ཆ་བཞི་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་ལ་གསར་བོད་ནས་གསར་དུ་འབྱོར་བའི་ཕ་ཡུལ་ཨ་མདོ་རྔ་པ་ནས་ཡིན་པའི་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་བོད་ནང་གི་མཐོང་ཐོས་འགའ་བརྗོད་པ་ལྟར་ན། དེང་སྐབས་མདོ་སྨད་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་ཞིག་ཡིན་ན། སོ་སོའི་ས་གནས་གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་རྒྱབ་གཉེར་ཡི་གེ་དང་ཞང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ རྫོང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཡིག་ཆ་བཅས་དགོས་ཀྱི་ཡོད་འདུག

ལྷག་པར་དུ་སྔར་ལོ་ལྷ་སའི་ཇོ་ཁང་མདུན་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས། མདོ་སྨད་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་ཡིན་ན། ལྷ་སར་བརྟན་འཇགས་སུ་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཡོད་མཁན་ཞིག་གིས་བདེ་འཇགས་འགན་ལེན་མེད་ན། གཉེན་འབྲེལ་གྲོགས་པོ་སུ་གང་གིས་ཀྱང་སྣེ་ལེན་བྱས་མི་ཆོག་པ་མ་ཟད། ཐ་ན་གླ་ཁང་དང་མགྲོན་ཁང་སོགས་སུའང་སྡོད་མི་ཆོང་ཅིང་། ཕྱོགས་ཡོང་གནས་མཇལ་བ་སུ་ཞིག་ཡིན་ཡང་ལྷ་སར་འབྱོར་མ་ཐག་གནས་སྡོད་ལག་འཁྱེར་བཟོ་དགོས་ཤིང་། གལ་སྲིད་ལག་འཁྱེར་མེད་ན། ཇོ་ཁང་མདུན་དང་བར་སྐོར་གཡས་གཡོན་ཀྱི་ཉེན་རྟོག་པས་གང་བྱུང་འཛིན་བཟུང་དང་། ཕྱིར་རང་ཡུལ་དུ་བཙན་འཕུད་གཏོང་བ་སོགས་བྱེད་ཀྱི་ཡོད་འདུག

ཁོང་གིས་ལྷ་ས་དང་འགྲམ་ནས་ཕྱིར་རང་ཡུལ་དུ་ལོག་མཁན་ཚོའི་སྐོར་བརྗོད་པར། བོད་མི་སུ་ཞིག་ཡིན་ཡང་ས་གནས་ནས་འགྲོ་ལུགས་བསྒྲུབ་མེད་ཚེ་ལམ་བར་དུ་སྔོག་བཤེར་དང་འདྲི་རྩད་བྱེད་ཀྱི་ཡོད་སྟབས། ཆ་རྐྱེན་ཡག་པོ་ཡོད་རིགས་ཚོ་གནམ་གྲུ་ལས་སྐྱོད་ཀྱི་ཡོད་ཀྱང་འབྱོར་བ་མེད་མཁན་དག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག སྔོན་ཆད་འགྲམ་དང་ལྷ་སའི་བར་གླ་འཁོར་གཏོང་མཁན་ཚོར་ཟླ་རེའི་འགྲུལ་སྐྱོད་ལག་འཁྱེར་དང་། གནས་སྡོད་བོད་མི་ཚོར་ཟླ་གསུམ་རེའི་གནས་སྡོད་ལག་འཁྱེར་སྤྲོད་ཀྱི་ཡོད་ཀྱང་། ལྷ་སའི་མེར་བསྲེཊ་རྗེས་སུ་ས་གནས་གླ་འཁོར་གཏོང་མཁན་ཚོར་ཟླ་ ༡ དང་། ཁམས་དང་ཨ་མདོའི་ཁ་ལོ་བ་ཚོར་ཉིན་ ༡༥ ཡས་མས་ཀྱི་ལག་འཁྱེར་ལས་སྤྲོད་ཀྱི་མེད་པ་དང་། ཉེ་ལམ་ཞིག་ནས་ཉིན་ ༣ ལས་སྤྲོད་ཀྱི་མི་འདུག་ཟེར།

འགྲམ་དུ་སྡོད་མཁན་ཚོས་གནས་སྡོད་ལག་འཁྱེར་ངེས་པར་དུ་ལེན་དགོས་པ་དང་། ལག་འཁྱེར་དེ་རྒྱ་ནག་གི་ལས་ཁུངས་ཁག་ ༥ ཙམ་བརྒྱུད་དེ། མཐའ་མར་ཟླ་ཤས་ཀྱི་དུས་ཡུན་ལས་མེད་པའི་ལག་འཁྱེར་ཞིག་སྤྲོད་ཀྱི་ཡོད་འདུག་ལ། ཁྱིམ་ཚང་མང་ཆེ་བར་ “ལྐོག་མིག” ཟེར་བ་དེ་བཞག་སྟེ་བོད་མི་ཕན་ཚུན་བར་གྱི་ཁ་པར་ལ་ལྐོག་ཉན་དང་། འདུ་འཛོམས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས་ཚོང་པ་ཚོས་རྒྱ་གཞུང་གི་བྱེད་ཐབས་དེ་ནི་བོད་པའི་ཚོང་པ་ཚོ་སྡོད་ཐབས་མེད་པ་བཟོ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག  

ཁོང་གི་ཕ་ཡུལ་རྔ་པ་ཕྱོགས་ཀྱི་གནས་སྟངས་སྐོར་གླེང་མོལ་བྱས་སྐབས་ཁོས་འདི་ལྟར་བརྗོད་བྱུང་“ ཕྱི་ལོ་ ༢༠༠༩ ལོ་ནས་བོད་མདོ་སྨད་རྔ་པ་ཁུལ་དུ་སྐྱ་སེར་མང་པོས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱུང་རྗེས། ལྷ་ས་དང་འགྲམ་དུ་ཡོད་པའི་རྔ་པའི་བོད་མི་ཚོར་དམིགས་བསལ་ལྟ་རྟོག་དམ་དྲག་བྱེད་ཀྱི་འདུག རྔ་པའི་ཕྱོགས་ཀྱི་མི་ཞིག་ཡིན་ཚེ་ལྷ་ས་ནས་འགྲམ་དང་། ལྷ་ས་ནས་རྔ་པར་འགྲོ་སྐབས་ཞིབ་འཇུག་ནན་མོ་བྱེད་ཀྱི་འདུག སྔ་ལོའི་ལོ་མཇུག་ལ་ང་རང་ཁྱིམ་དུ་ཐེངས་གཅིག་སོང་བ་ཡིན། རྔ་པ་ཀིརྟི་དགོན་པ་དང་གྲོང་རྡལ་ཚང་མ་དམག་གིས་བསྐོར་འདུག གོ་ཐོས་སུ་མི་ཁྲི་གཅིག་ཙམ་ཡོད་པ་རེད་ཟེར། དེའི་ནང་རྒྱ་མི་དང་བོད་མི་གཉིས་ཀ་འདུག ཁོང་ཚོར་ཉིན་རེར་རྒྱ་སྒོར་ ༡༠༠ རེའི་གླ་ཆར་སྤྲད་དེ་གསང་ཉུལ་སྐོར་སྲུང་གི་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཟེར། གློ་བུར་དུ་རང་ལུས་མེར་བསྲེགས་དེ་འདྲ་བྱུང་ཚེ་གཅར་རྡུང་དང་འཛིན་བཟུང་གི་དབང་ཆའང་ཡོད་པ་རེད་ཟེར། སྐད་ཆ་འདི་དག་རྒྱ་མི་ཞིག་གིས་ང་ལ་ལབ་སོང་། མི་རེ་གཉིས་འཛོམས་ཏེ་མེར་བསྲེཊ་དང་བོད་དོན་གནས་ཚུལ་བཤད་ཚེ་ལམ་སེང་འཇུ་བཟུང་བྱེད་ཀྱི་འདུག” ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་གླེང་སློང་བྱས་སྐབས་ “ རྒྱ་གཞུང་གིས་དམ་དྲག་ཅི་ཙམ་བྱས་ཀྱང་། ས་གནས་ཁག་གི་མེར་བསྲེཊ་གནས་ཚུལ་དེ་གོ་ཡོང་གི་འདུག མེར་བསྲེཊ་རེ་རེ་བྱུང་སྐབས་མཆོད་མེ་བསྒྲོན་ཏེ་༸གོང་ས་མཆོག་ལ་སྐྱབས་མཇུག་དང་མ་ཎི་བགྲང་རྒྱུ་ལས་དམིགས་བསལ་གང་ཡང་ལས་རྒྱུ་མི་འདུག ཁོང་རྣམ་པས་ལམ་ཁ་དེ་འདྲ་ཞིག་བདམས་དགོས་པ་དེ་ཡང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རེད། ཁོང་ཅག་གི་ནང་ལ་མྱ་ངན་དུ་འགྲོ་རྒྱུ་དང་ནང་མི་ཚོར་ཡོང་ཚོད་ཐུབ་ཚོད་ཀྱིས་རོགས་རམ་བྱེད་རྒྱུ་དེ་ཚང་མས་ལས་འགན་ཞིག་ཏུ་བརྩི་བཞིན་འདུག བོད་ནང་ལ་མཚོན་ན་ད་ལྟའི་ཆར་བཟའ་འཐུང་དང་དངོས་པོའི་ཆ་རྐྱེན་གྱི་ཕྱོགས་ནས་དམིགས་བསལ་དཀའ་ངལ་ཡོད་པ་མ་རེད། དཀའ་ངལ་གཙོ་བོ་རང་དབང་མེད་པ་དང་དམ་དྲག་ཆེན་པོ་བྱེད་པ་དེ་རེད། ད་དུང་བོད་རིགས་ལས་བྱེད་ནང་ཁུལ་དུ་དཀྲུག་ཤིང་དང་། དགོན་པ་དང་སློབ་གྲྭ ཐ་ན་གྲོང་སྡེ་བཅས་སུའང་བོད་པ་ནང་ཁུལ་དཀྲུག་ཤིང་བཟོ་བཞིན་འདུག ང་རང་གི་བསམ་པར་ཕྱི་ལོགས་ཀྱི་བོད་པ་ཚོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ཐོག་ཤུགས་རྒྱག་དགོས་ཀྱི་འདུག གང་ཡིན་ཟེར་ན་བོད་ནང་གི་བོད་བོད་མི་ཚོའི་རེ་བ་ཉག་གཅིག་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་དེ་ཁོ་ན་ཆགས་འདུག”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ འདི་གའི་གསར་འགོད་པར་བོད་ནང་གི་མཐོང་ཐོས་འགའ་བརྗོད་པ་ལྟར་ན། དེང་སྐབས་མདོ་སྨད་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་ཞིག་ཡིན་ན།
    སོ་སོའི་ས་གནས་གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་རྒྱབ་གཉེར་ཡི་གེ་དང་ཞང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ རྫོང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཡིག་ཆ་བཅས་དགོས་ཀྱི་ཡོད་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese