ཉེ་ལམ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་བོད་རིཊ་གཞོན་སྐྱེས་ ༣༠ བརྒལ་བར་བོད་ཀྱི་ཆོས་དང་རིག་གཞུང སྐོར་ཟབ་སྦྱོང་ཚོཊ་འདུག
ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༢ ཉིན་བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ནང་། བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་དང་ལོ་རྒྱུས་ངོ་སྤྲོད་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས་ཡོད་ཅིང་། དུས་ཡུན་ཉིན་གསུམ་རིང་གི་ཟབ་སྦྱོང་དེར་གྲོང་ཁྱེར་སེག་ནེ་དང་ཀེན་བྷེ་ར། ཨ་ཌི་ལེ་ཌི། ཊ་སི་མ་ནི་ཡ། ཁོན་སེ་ལན་ཌི། ནིའུ་ཛི་ལན་ཌི་བཅས་ནས་བོད་རིགས་ན་གཞོན་ ༣༠ ལྷག་མཉམ་ཞུཊ་གནང་ཡོད་འདུག
ཐེངས་ཟབ་སྦྱོང་སྐབས་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་དོན་ཆེད་ལས་པ་དང་མཁས་དབང་། ཉམས་ཞིབ་པ། གཞུང་ཞབས་གཙོས་གནད་ཡོད་མི་སྣ་བཅུ་གྲངས་ཤིག་གདན་ཞུས་ཐོག བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས། བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་རིགས་ན་གཞོན་བར་མཐུན་ལམ་བཟོ་སྟངས། བོད་དོན་ཞུ་གཏུག་གནང་སྟངས། བཙན་བྱོལ་བོད་མིའི་གཞིས་ཆཊ། བོད་ནང་གི་ཁོར་ཡུག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།