མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷན་ངྷི་ཡི་དགོངས་ཚུལ་དང་འཚེ་མེད་ཞི་བའི་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

མཱོ་ལུ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

བི་ཇཱ་ཡ་ཁང་ཏེ་(Vijay Kranti)ཡི་དྲི་བ་གཉིས་པ་དེ་ནི་དམངས་གཙོ་དང་འཚེ་མེད་ཞི་བའི་ཐབས་ལམ་གྱིས་འཁྲུག་རྩོད་ཞི་འཇགས་ལ་བཏོན་པའི་རེ་འདུན་དེ་དངོས་ནས་ཕན་ཐོགས་ཡོད་དམ་ཟེར་བ་འདི་རེད། མི་རྣམས་ཀྱིས་ནམ་རྒྱུན་རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་ངྷི་ཡི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་བསམ་བློ་ལ་བསྔགས་བརྗོད་དང་ཡི་རངས་བྱེད་ཞོར་དུ། དེ་ལྟ་བུའི་བསམ་བློ་ནི་འཛམ་གླིང་ཞི་བདེ་བསྐྲུན་བྱེད་ཀྱི་ལམ་ཁ་ཞིག་ཡིན་པ་རྗོད་བཞིན་ཡོད།

ཡིན་ན་ཡང་། གྷན་ངྷི་ཡིས་ངོ་རྒོལ་བྱེད་ས་ནི་དམངས་གཙོའི་གཞུང་ཞིག་ཡིན་པ་མ་ཟད་ཡེ་ཤུ་ཆོས་ལ་དད་མོས་བྱེད་མཁན་གྱི་དབྱིན་ཇི་བཙན་རྒྱལ་གཞུང་ཡིན། དབྱིན་ཇི་ཡིས་དབང་བསྒྱུར་བྱེད་པའི་འགྲོ་སོང་ལ་རྩིས་རྒྱག་གི་ཡོད། དེ་བས། མི་སེར་སྤེལ་བའི་འགྲོ་སོང་ཆེ་བ་དང་གཅིག དེ་ནས་གྷན་ངྷི་ཡི་འཐབ་རྩོད་ནི་འཚེ་མེད་ཞི་བ་ཡིན་ཡང་ཧ་ཅང་གི་འཇམ་པོ་ཞིག་ཀྱང་མིན་པ་དང་གཉིས་ལ་བརྟེན་ཏེ། དབྱིན་ཇི་བཙན་རྒྱལ་གྱི་མི་སེར་སྤེལ་བའི་དབང་བསྒྱུར་དེ་མཇུག་བསྒྲིལ་བར་བྱས། དེ་དང་ཕྱོགས་མཚུངས། གྷན་ངྷི་ཡི་བསམ་བློའི་རྗེས་འཇུག་པ་མར་ཏིན་ལུ་ཊིར་ཁིན་གྱིས་ངོ་རྒོལ་བྱེད་ས་དེ་ཡང་དམངས་གཙོ་ཅན་གྱི་ཨ་རིའི་མི་རིགས་དཀར་པོའི་སྲིད་གཞུང་ཆགས་ཡོད་པས་མི་ནག་བཅིངས་གྲོལ་ཡང་བྱེད་ཐུབ་སོང་བ་རེད།

ཡིན་ན་ཡང་། རྒྱ་དམར་གཞུང་ནི་དམངས་གཙོའི་གཞུང་ཞིག་མིན་པ་མ་ཟད་ཆོས་ཁས་མི་ལེན་མཁན་ཞིག་ཀྱང་ཡིན། མ་ཟད་ཁོ་ཚོས་བོད་མིའི་དབང་བསྒྱུར་བྱེད་པའི་འགྲོ་སོང་ལ་ཡང་ཁ་ཡ་བྱེད་ཀྱི་མེད། སྔོན་ཆད་རྒྱ་གཞུང་གིས་ཆབ་སྲིད་དང་ས་ཁོངས་ཀྱི་དབང་གིས་དཔལ་འབྱོར་གྱི་ཐོག་ནས་“བོད་ལ་རོགས་སྐྱོར”བྱས་ཀྱང་། ད་ལྟ་ཁོ་ཚོས་བོད་ཀྱི་རང་བྱུང་གི་གཏེར་ཁ་འབོར་ཆེན་སྔོག་འདོན་བྱས་ཏེ། ཕྱིར་ཁེ་ཕན་མང་པོ་རག་ཡོད། དེར་བརྟེན།  དེང་སྐབས་ཕྱོགས་མཚམས་གང་ནས་ལྟོས་ཀྱང་། རྒྱ་གཞུང་གིས་ལས་སླ་བོར་བོད་མི་ལ་རང་དབང་མི་སྟེར། གྷན་ངྷི་ཡི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་རིག་པ་དེར་རྒྱ་ནག་ནས་ད་དུང་གྲུབ་འབྲས་གང་ཡང་བྱུང་མེད།

དེ་ན་རང་དབང་ལ་རྔམ་པའི་བོད་མི་ཚོས་ཅི་ཞིག་བྱེད་ན་འོས་སམ་ཞེ་ན། ཏག་ཏག་འོད་ཟེར་གྱི་ཟིན་བྲིས་ངོས་ན་བོད་མི་ཞིག་གིས་དཔྱད་མཆན་བཞག་ཡོད་ལྟར། “ཞི་བའི་ཁྲོམ་སྐོར་ལ་ཡང་དྲག་གནོན་བྱེད། ཟས་བཅད་ངོ་རྒོལ་ལ་ཡང་དྲག་གནོན་བྱེད། འཇིགས་སྐུལ་གཏོར་རྒོལ་ལ་ང་ཚོའི་རིན་ཐང་ལ་མི་འོས། ཁྲིམས་མ྇ཐུན་གྱི་སྒོ་ནས་ཐོབ་ཐང་གི་ཕྱོགས་ལ་སྙན་གསེང་ཞུས་ཀྱང་། རྒྱ་མི་ནང་ཁུལ་ཡིན་ཡང་ཕན་མི་ཐོགས་པས། བོད་མི་ཚོར་བཤད་མི་དགོས། ”ཞེས་བྲིས་ཡོད་ལྟར་རེད།

སྔོན་མ་རྗིའུ་མི་རིགས་ལ་ཡང་ད་སྔ་བོད་མིར་འཕྲད་བཞིན་པའི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་དེ་འདྲར་འཕྲད་མྱོང་། ཕྱི་ལོ་ ༡༩༣༨ ལོར་འཇར་མན་ནཱ་རྩི་ཡིས་རྗིའུ་མི་རིགས་ལ་གཉའ་གནོན་དྲག་པོ་བྱས། དེ་ནས་མི་ཞིག་གིས་གྷན་ངྷི་ལ་ “རྗིའུ་མི་རིགས་ཚོས་ཅི་ཞིག་བྱེད་ན་འོས་སམ་” ཞེས་དྲི་བ་བཏོན་པའི་ལན་དུ་ཁོང་གིས། “རྗིའུ་མི་རིགས་ཚོ་སྡེབ་དང་སྡེབ་བྱས་ཏེ་རང་སྲོག་གཅོད་འོས། དེ་ཡིས་འཛམ་གླིང་གི་མི་མང་རྣམས་གཉིད་ལས་དཀྲོགས་ཐུབ་པ་མ་ཟད་འཇར་མན་མི་མང་གིས་ཧེ་ཐུ་ལུ་ཡི་གཏུམ་སྤྱོད་ལ་དོ་སྣང་ཡང་སློང་ཐུབ།” ཅེས་བརྗོད་ཡོད། དེ་ལ་བརྟེན་ཏེ་མི་རྣམས་གྷན་ངྷི་ཡི་དགོངས་ཚུལ་ལ་ཧ་ལས་ཤིང་ཧང་སངས་བར་གྱུར། དེ་ནས་འཐབ་འཁྲུག་མཇུག་སྒྲིལ་རྗེས། གྷན་ངྷི་ཡིས་གསལ་བཤད་གནང་དོན། “རྗིའུ་མི་རིགས་ཇི་ལྟར་གསད་སོང་བ་རེད། ཁོ་ཚོ་ཅིའི་ཕྱིར་གཟི་བརྗིད་ལྡན་པའི་སྒོ་ནས་འཆི་མེད་དམ” ཞེས་བརྗོད། 

གལ་སྲིད་སྐབས་དེར་རྗིའུ་མི་སྐོར་ཞིག་གིས་རང་སྲོག་རང་གིས་བཅད་པའི་དབང་དུ་བཏང་ཡང་། ནཱ་རྕིའི་ཕྱོགས་ནས་ཁོ་ཚོ་ལ་སྙིང་རྗེ་དང་ཁེ་ཕན་ཞིག་རག་མི་སྲིད། ཡིན་ཡང་། མཇུག་མཐར་རྗིའུ་མི་རིགས་སྐྱོབ་མཁན་དེ་ནི་མཉམ་འབྲེལ་དམག་གི་མེ་སྒྱོགས་རེད། ཁོ་བོ་ལ་སྤྲོ་སེམས་ཆེར་འཕེལ་བ་ཞིག་ནི་རྗིའུ་མི་རིགས་ཀྱིས་ཅིའི་ཕྱིར་གྷན་ངྷི་ཡི་དགོངས་ཚུལ་ལ་མ་ཉན་པར་རང་སྲོག་རང་གིས་མ་བཅད་པ་དེ་ཡིན། དེ་ནི་རྗིའུ་མི་རིགས་ཀྱིས་ཚེ་སྲོག་གི་རིན་ཐང་ལ་གཙིགས་ཆེན་དང་རང་སྲོག་རང་གིས་གཅོད་པ་ནི་ཆོས་ལུགས་ཀྱི་འཛེམ་བྱ་ཞིག་ལ་རྩི་བཞིན་ཡོད་པས་རེད། མདོར་ན། རྗིའུ་མི་རིགས་རེ་རེ་བཞིན་ནཱ་རྩི་ཡིས་འཛིན་བཟུང་བྱས་ཏེ་མེར་བསྲེགས་ཁང་དུ་གཡུག་ཀྱང་། མི་གཅིག་གིས་ཀྱང་རང་ལུས་མེར་བསྲེགས་བྱས་ཏེ་འཆི་མེད།

ཨ་རི་ཡི་དགེ་རྒན་ཆེན་མོ་ཇི་ཨིན་ཤ་པུ་ཡིས་བརྩམས་གནང་བའི་<<འཚེ་མེད་ཞི་བའི་ལས་འགུལ་གྱི་ཆབ་སྲིད་རིག་པ་>>ཞེས་པའི་ནང་། འཚེ་མེད་ཞི་བའི་ངོ་རྒོལ་གྱི་ཐབས་ལམ་ ༡༩༨ ཕྱོགས་སྡོམ་བྱས་ཡོད་ཀྱང་། དེའི་ཁྲོད་ལ་ད་དུང་རང་སྲེག་འདུས་མེད། རྒྱུ་མཚན་རང་སྲེག་ནི་རང་ལུས་ལ་འཚེ་བ་བྱེད་པ་ཞིག་ཡིན་པ་མ་ཟད། ཕྱིར་ཡོང་མེད་པའི་ལམ་ཁ་ཞིག་ཀྱང་ཡིན་པས་རེད། མར་ཏིན་ལུ་ཐར་ཁིན་གྱིས་རང་ཉིད་ཀྱི་སྤུན་ཟླ་ཚོར་འདི་ལྟར་བརྗོད་མྱོང་ཡོད། “བཙོན་ཁང་བཀང་དུ་བཅུག” བཙོན་པ་རྣམས་བཙོན་ཁང་ནས་ཕྱིར་ཐོན་རྒྱུ་ཡོད་ལ་ཟས་བཅད་པ་ཚོས་སླར་ཡང་ཟ་མ་ཟས་ན་ཆོག འོན་ཀྱང་། རང་སྲེག་ལ་བསྐྱར་དུ་གོ་སྐབས་གཞན་ཅི་ཡང་མེད།

གལ་སྲིད། བོད་མི་ཚོས་རང་སྲེག་མཚམས་འཇོག་བྱས་ཏེ། རང་མི་རིགས་སྐྱོབ་པར་སྲི་ཞུ་ཅི་ཞིག་སྒྲུབ་ནུས་ཤེ་ན། ངས་བསམ་ན་ཁོ་ཚོས་བསྒྲུབ་ནུས་པའི་བྱ་བ་མང་པོ་འདུག་སྙམ། དཔེར་ན། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་དང་། ལས་ལ་བརྩོན་པའི་སྒོ་ནས་ཕ་གཞིས་འཛུགས་སྐྲུན་དང་ཁོར་ཡུག་བདག་གཅེས། ཐོབ་ཐང་སྲུང་སྐྱོབ། གྲོང་མི་རང་སྐྱོང་ལ་སྐུལ་བ། གཞི་རྩའི་འོས་ཤོག་འགྲེམས་སྤེལ་ལ་སོགས་ཡོད། དེ་དང་མཉམ་དུ་ཁོ་ཚོས་སྤེལ་རུང་བའི་ངོ་རྒོལ་གྱི་རྣམ་པ་གཞན་སྤྱད་དེ་མུ་མཐུད་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་དང་ལྷན་དུ་ཧུར་ཐག་འབད་ཐག་གིས་ངོ་རྒོལ་བྱས་ན་ཡང་ཆོག མདོར་ན། བོད་མི་རྣམས་དཔའ་ངར་ཞུམ་མེད་ཀྱིས་གསོན་ནས་བསྡད་ན། ད་གཟོད་བོད་ལ་རེ་བ་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ མདོར་ན། བོད་མི་རྣམས་དཔའ་ངར་ཞུམ་མེད་ཀྱིས་གསོན་ནས་བསྡད་ན། ད་གཟོད་བོད་ལ་རེ་བ་ཡོད། ་་་་་ཟེར།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ ཁོ་བོ་ལ་སྤྲོ་སེམས་ཆེར་འཕེལ་བ་ཞིག་ནི་རྗིའུ་མི་རིགས་ཀྱིས་ཅིའི་ཕྱིར་གྷན་ངྷི་ཡི་དགོངས་ཚུལ་ལ་མ་ཉན་པར་རང་སྲོག་རང་གིས་མ་བཅད་པ་དེ་ཡིན། ་་་་ཟེར།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་ སྔོན་མ་རྗིའུ་མི་རིགས་ལ་ཡང་ད་སྔ་བོད་མིར་འཕྲད་བཞིན་པའི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་དེ་འདྲར་འཕྲད་མྱོང་། ཕྱི་ལོ་ ༡༩༣༨ ལོར་འཇར་མན་ནཱ་རྩི་ཡིས་རྗིའུ་མི་རིགས་ལ་གཉའ་གནོན་དྲག་པོ་བྱས།
    དེ་ནས་མི་ཞིག་གིས་གྷན་ངྷི་ལ་ “རྗིའུ་མི་རིགས་ཚོས་ཅི་ཞིག་བྱེད་ན་འོས་སམ་” ཞེས་དྲི་བ་བཏོན་པའི་ལན་དུ་ཁོང་གིས། “རྗིའུ་མི་རིགས་ཚོ་སྡེབ་དང་སྡེབ་བྱས་ཏེ་རང་སྲོག་གཅོད་འོས། དེ་ཡིས་འཛམ་གླིང་གི་མི་མང་རྣམས་གཉིད་ལས་དཀྲོགས་ཐུབ་པ་མ་ཟད་འཇར་མན་མི་མང་གིས་ཧེ་ཐུ་ལུ་ཡི་གཏུམ་སྤྱོད་ལ་དོ་སྣང་ཡང་སློང་ཐུབ།” ཅེས་བརྗོད་ཡོད།
    དེ་ལ་བརྟེན་ཏེ་མི་རྣམས་གྷན་ངྷི་ཡི་དགོངས་ཚུལ་ལ་ཧ་ལས་ཤིང་ཧང་སངས་བར་གྱུར། དེ་ནས་འཐབ་འཁྲུག་མཇུག་སྒྲིལ་རྗེས། གྷན་ངྷི་ཡིས་གསལ་བཤད་གནང་དོན། “རྗིའུ་མི་རིགས་ཇི་ལྟར་གསད་སོང་བ་རེད། ཁོ་ཚོ་ཅིའི་ཕྱིར་གཟི་བརྗིད་ལྡན་པའི་སྒོ་ནས་འཆི་མེད་དམ” ཞེས་བརྗོད། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese