མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་ལྡི་ལིའི་མི་མང་ལས་འགུལ་ཆེན་མོ་མགོ་འཛུཊ་གནང་།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐངས་ཏེ། ལས་འགུལ་དང་འབྲེལ་བའི་གསལ་བསྒྲགས་དང་དྲི་བར་ལན་འདེབས་བཅས་གནང་སོང་།

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཡས་མས་སུ་རྒྱལ་ས་ལྡི་ལིར་ཡོད་པའི་ (Press Club of India Conference Hall) ཞེས་པའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས། སང་ཉིན་ནས་མགོ་འཛུགས་གནང་འཆར་ཡོད་པའི་༼བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ༽སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་ལ། དེར་རྒྱལ་སྤྱི་དང་རྒྱ་གར། བོད་པ་བཅས་ཀྱི་གསར་འགོད་པ་ ༡༠༠ ལ་ཉེ་བ་འདུ་འཛོམས་བྱུང་སོང་།

ད་རེབ་བཀའ་སྤྱི་ཐུན་མོང་གི་ལས་འགུལ་སྤྱི་ཁྱབ་བཀོད་འདོམ་པ་དག་ནི། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཆེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ཀརྨ་ཡེ་ཤེས། འཇམས་དབྱངས་བཟོད་པ་བཅས་ཡིན་འདུག་ལ། སྐུ་མགྲོན་གདན་ཞུའི་ཚོགས་ཆུང་དང་ཕྱི་རྒྱལ་གཞུང་ཚབ་མཇད་འཕྲད་ཚོགས་ཆུང་། མི་མང་བཞུགས་གནས་གོ་སྒྲིག་ཚོགས་ཆུང་། དེ་བཞིན་གསར་འགོད་དང་། བདེ་འཇགས། འཕྲོད་བསྟེན། ཆུ་དང་གསོལ་ཇ་གོ་སྒྲིག་ཚོགས་ཆུང་བཅས་ལས་བགོས་གནང་ཡོད་འདུག སང་ཉིན་ཕྱི་ཚེས་ ༣༠ ཉིན་ནས་བཟུང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་ཕོན་ཆེན་མཉམ་ཞུགས་ཐོག་ཞི་བའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་རེད།

དེ་རིང་གསར་འགོད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། “བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་འདི་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ པའི་ཚེས་ ༢ བར་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་བྱེད་བཞིན་ཡོད།  ང་ཚོས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དང་། རྒྱལ་སྤྱིའི་ཐོག་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་དང་ཡིད་སྐྱོ་དགོས་པའི་གནས་སྟངས་མཁྱེན་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད་དུ་ཡིན” ཞེས་དང་། “བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོར་ཡང་ཡང་འབོད་སྐུལ་ཞུས་ཀྱང་། བོད་ནང་དུ་སྤྱི་སྲོལ་ལྟར་ཞི་རྒོལ་བྱེད་པའི་ཁོར་ཡུག་ཡེ་ནས་མེད་སྟབས། ལོ་རྒྱུས་ནང་བྱུང་མྱོང་མེད་པའི་རང་ལུས་མེར་བསྲེགས་ཀྱི་ཚ་རླབས་ཆེན་པོ་འཕྱུར་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་ཉེ་ལམ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་དཀོན་མཆོག་སྐྱབས་ལགས་ཀྱི་བར་བོད་ནང་ཁྱོན་བོད་མི་ ༩༩ ཡིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་གདུག་རྩུབ་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད” ཞེས་བཀོད་འདུག 

གསར་འགོད་བསྒྲགས་གཏམ་ནང་མུ་མཐུད་དུ་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེར་གདོང་ལེན་བྱེད་སྟངས་ནི་སྔར་བས་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། རང་ལུས་མེར་བསྲེགས་བྱུང་ཡུལ་ཁག་ཏུ་དམག་མི་དང་།དྲག་ཆས་ཉེན་རྟོག་པ་ཕོན་ཆེ་འགྲེམས་གཏོང་བྱེད་ཀྱི་ཡོད་པ་སོགས་ལ་བལྟས་ན། པེ་ཅིན་ནས་བོད་མི་ཚོའི་ཞི་རྒོལ་གྱི་ལམ་ཁ་འགོག་ཆེད་ཤིན་ཏུ་གདུག་རྩུབ་ཆེ་བའི་ཐབས་བྱུས་སྤེལ་བཞིན་པ་གསལ་བོ་ཡིན་པ་དང་། ཁོ་ཚོས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་གྲོགས་པོ་དོགས་ཡོད་ཡོངས་ལ་ནག་ཉེས་ཀྱི་ཁྲིམས་གཅོད་གཏོང་གི་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་སེམས་འཚབ་ཡོད་པའི་བསྒྲགས་གཏམ་སྤེལ་བར་ཡི་རངས་ཞུ་བཞིན་ཡོད་ཀྱང་། ད་དུང་དེ་བས་མང་བ་བྱེད་དགོས་པ་ཞིག་ནི་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་གི་སྐུ་ཚབ་མཉམ་ཞི་མོལ་བྱས་ཏེ་ཕན་ཚུན་གཉིས་ཕན་དབུ་མའི་ལམ་ནས་སེལ་དགོས་པའི་འབོད་བསྐུལ་གནང་དགོས་པ་དེ་ཡིན་སྐོར་སོགས་བཀོད་འདུག

ཐེངས་འདིར་བཀའ་སྤྱི་གཉིས་ནས་རྒྱ་གར་དང་རྒྱལ་སྤྱིའི་ཐོག་འབོད་སྐུལ་དོན་ཚན་ ༣ ཞུས་ཡོད་པ་དག་ནི། དང་པོ། གསར་འགྱུར་བརྒྱུད་ལམ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཁག་བཀག་སྡོམ་མེད་པར་བོད་དུ་སྐྱོད་བཅུག་སྟེ་བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་པའི་དངོས་ཡོད་རྒྱུ་རྐྱེན་གང་ཡིན་རྟོག་ཞིབ་ཀྱིས་སྙན་ཐོ་འདོན་ཐུབ་པ་གནང་དགོས་པ།  གཉིས་པ། བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད་རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས། གཞུང་ཚབ་ཁག་གི་སྐུ་ཚབ་བཅས་བོད་ནང་ལ་ཕེབས་ཐུབ་པ་གནང་དགོས་པ། གསུམ་པ། རྒྱ་ནག་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དང་། བོད་མིའི་དངོས་ཡོད་དཀའ་སྡུག་ལ་བསམ་གཞིགས་བྱས་ཏེ་བོད་ཀྱི་གནད་དོན་ཞི་མོལ་གྱི་ལམ་ནས་སེལ་དགོས་བཅས་རེད། 

གསར་འགོད་པས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ད་རེབ་ཀྱི་ལས་འགུལ་ཐོག་ཐུགས་རེ་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ། “ ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་བོད་མི་ ༩༩ ཆགས་ཡོད་སྟབས། ད་རེབ་བཀའ་སྤྱི་ཐུན་མོང་ཐོག་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་ཆེད་ལས་འགུལ་སྤེལ་གྱི་ཡོད་ལ། ལས་འགུལ་འདི་བཙན་བྱོལ་གྱི་ལོ་རྒྱུས་ནང་བཀའ་སྤྱི་ཐུན་མོང་གིས་ལས་འགུལ་སྤེལ་ཐེངས་ཐོག་མ་ཆགས་ཡོད།  གཙོ་བོ་བོད་ནང་ཛ་དྲག་གི་གནས་སྟངས་ཐད་ང་ཚོས་ག་རེ་ཡིན་ཡང་བྱེད་དགོས་སྟབས། ཐེངས་འདིར་ལྡི་ལིར་བཅར་ཏེ་གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཁ་ཡོད་ལག་ཡོད་ཀྱི་ཐུགས་སྣང་རྒྱབ་སྐྱོར་དང་བོད་དོན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ལ་འབད་བརྩོན་བྱ་ཆེད་ལས་འགུལ་འདི་སྤེལ་གྱིན་ཡོད” ཅེས་གསུངས་བྱུང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས “ ད་རེབ་ཐེངས་དང་པོ་བཀའ་ཤག་དང་སྤྱི་འཐུས་ཐུན་མོང་གིས་གོ་སྒྲིག་གནང་བཞིན་ཡོད་པ་རེད། རྩ་བའི་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་རྒྱུ་གནད་འགག་ཆེན་པོ་རེད། ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་རྟེན་གཞི་བྱས་ཡོད་པ་དང་། རྒྱ་གར་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་པ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་མང་པོ་ཞིག་འདིར་གནས་ཡོད་སྟབས། ད་རེབ་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་དབུས་པའི་སྤྱི་འཐུས་རྣམ་པ། རྒྱལ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཁག་ཚང་མའི་བོད་མིའི་སྐུ་ཚབ་ཡོང་ཡོད་པ་རེད། མངོན་འདོད་གཙོ་བོ་རྒྱ་ནག་མགོ་ཁྲིད་ཚོས་བོད་མིའི་གདུང་འབོད་གོ་སྟེ་བོད་ནང་ཡ་ང་བའི་གནས་ཚུལ་ཆགས་ཡོད་པ་དེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་དང་དེ་མི་ཡོང་བར་ག་རེ་བྱེད་དགོས་མིན། ཕུགས་རྒྱང་རིང་པོའི་ཐོག་ནས་བཤད་པ་ཡིན་ན་བོད་རྒྱའི་དཀའ་རྙོག་གཉིས་ཕན་གྱི་ཐོག་ནས་ཇི་ལྟར་སེལ་དགོས་མིན་ཐོག་རྒྱ་ནག་གི་མགོ་ཁྲིད་ཚོར་གོ་བརྡ་སྤྲོད་རྒྱུ་གལ་ཆེ་ཤོས་ཆགས་ཡོད། རྩ་བའི་རྒྱལ་ཁབ་སོ་སོའི་ཁེ་ཕན་གཙོ་བོ་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་འགྲོ་བ་མི་ཐམས་ཅད་ལ་དགོས་ཀྱི་ཡོད་པ་རེད། བོད་མི་ཚོ་ཡང་འགྲོ་བ་མི་ཡིན་པ་ལས་སེམས་ཅན་མིན་སྟབས། སེམས་ཅན་དུད་འགྲོ་ལྟ་བུའི་སྡུག་སྦྱོང་མི་གཏོང་བར་མི་ནང་བཞིན་བརྩི་བཀུར་དང་ཆེ་མཐོང་སྤྲོད་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་པའི་དཀའ་རྙོག་སེལ་དགོས་པའི་རེ་འདུན་ཞུ་ཆེད་ཡིན། ” ཞེས་གསུངས་བྱུང་།

ལས་འགུལ་འདིའི་ཐད་དེ་སྔོན་བོད་མི་མང་སྤྱི་འཐུས་འཇམས་དབྱངས་བཟོད་པ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཐེངས་འདིར་ཕྱོགས་མཐའ་ཁག་གི་མི་མང་ ༤༠༠༠ ལྷག་འཛོམ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད།

 གསར་འགོད་པ་དོན་གོས་རྒྱལ་ས་ལྡི་ལི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས།

ཆུ་ཚོད་ ༥ སྔོན་ལ།
Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦
Mobile App

ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་སྲུང་གཙི་གནང་སྐབས་རྒྱ་གར་རང་གི་ཐོན་རྫས་ཚོང་འགྲེམས་གནང་ཐུབ་པར་སྐུལ་འདེད་གནང་།

༢༠༢༥/༠༨/༡༥
CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

༢༠༢༥/༠༨/༡༥

མཆན། 4

  1. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ཆེན་པོ་བོད་ཀྱི་ལོ་རྒྱུས་ལ།། བདེན་དཔང་སྟོང་གི་མེ་ལོང་ཡོད།། ཡབ་མེས་གོང་མའི་ཕྱག་རྗེས་ལ།། རིན་ཐང་བྲལ་བའི་རིག་གཞུང་ཡོད།། ༧རྒྱལ་བའི་དབང་པོའི་ཐུགས་ཀློང་ན།། འགྲོ་ཁམས་སྐྱོབས་པའི་མཁྱེན་བརྩེ་ཡོད།། གཞིས་བཞུགས་བོད་མིའི་སེམས་ནང་ན།། རང་ལུས་སྲེག་པའི་སྤོབས་པ་ཡོད།། བྱེས་སོང་སྤུན་ཟླའི་ཞེ་གཏིང་ན།། བདེན་མཐའ་གསལ་བའི་ཆོད་སེམས་ཡོད།། དབུ་ཁྲིད་སྟག་སེང་ཁ་སྤྲོད་ལ།། རྒྱལ་སྤྱི་སྒུལ་བའི་ནུས་པ་ཡོད།། བཀའ་སྤྱི་གཉིས་ཀྱི་མཛད་ཇུས་ལ།། གཡུར་དུ་ཟ་བའི་མཇུག་འབྲས་ཡོད།། གཞུང་དམངས་གཉིས་ཀྱི་ཆིག་སྒྲིལ་ལ།། སྲོག་རྩ་གཅིག་པའི་འདུ་ཤེས་ཡོད།། གཞིས་བྱེས་གཉིས་ཀྱི་དམ་ཚིག་ལ།། འགྱུར་མེད་རྡོ་རྗེའི་མདུད་པ་ཡོད།། འཚེ་མེད་ཞི་བའི་ལས་འགུལ་ལ།། ཕུགས་འདུན་འགྲུབ་པའི་ཡིད་ཆེས་ཡོད།། བོད་རྒྱལ་ལོ།བོད་རྒྱལ་ལོ།བོད་རྒྱལ་ལོ། ལྷ་རྒྱལ་ལོ།

    Reply
  2. སྒྲོལ་མ་མེ་ཏོག says:
    ལོ་ 13 སྔོན།

    ལས་འགུལ་འདིའི་སྐོར་ལ་བཀའ་སྤྱི་གཉིས་ཀྱིས་ཟླ་བ་གཅིག་གོང་ནས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་ལས་ཁུངས་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད། སྤྱི་མཐུན་ཚོགས་པ། སློབ་གྲྭ་དང་དགོན་པ་གྲྭ་ཚང་། ཁ་ཐོར་བོད་མི་གནས་ཡུལ་སོགས་ལ་ཡོངས་ཁྱབ་གསལ་བསྒྲགས་དང་ལམ་སྟོན་རིམ་པར་ཕེབས་ཡོད་ཅིང་། འགྲུལ་བཞུད་ལམ་གྲོན་རྒྱག་རང་འཁུར་བྱ་རྒྱུ་དང་། ལས་འགུལ་སྐབས་བཞུགས་གནས་དང་ཞལ་ལག་སོགས་གོ་སྒྲིག་ཚོགས་ཆུང་ནས་གནང་རྒྱུ་རེད།
    དུས་རྒྱུན་ང་ཚོས་བཀའ་ཤག་གིས་གཅིག་བྱ་དགོས་ཀྱི་འདུག སྤྱི་འཐུས་ཀྱིས་གཉིས་བྱ་དགོས་ཀྱི་འདུག་ཟེར་བ་ཙམ་ལས། བཀའ་སྤྱི་གཉིས་ཀྱིས་ལམ་སྟོན་སྔ་ཕྱི་རིམ་པར་ཕེབས་པ་དེ་དག་ལ་མཐོང་ཐོས་ཙམ་ཡང་མ་བྱུང་བ་ནི་ཁ་ནང་བལྟས་ཀྱིས་བསམ་གཞིག་བྱ་དགོས་པ་ཞིག་ཅི་ལ་མིན།

    Reply
  3. བསྟན་འཛིན་དོན་ཡོད། says:
    ལོ་ 13 སྔོན།

    ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོའི་འགྲོ་སོང་སུ་ཞིག་གིས་གཏོང་གི་ཡོད་པ་རེད་དམ། འགན་རང་འཁུར་ཡིན་ནམ། ལས་འགུལ་སྣེ་འཁྲིད་མཁན་བཀའ་ཤག་དང་སྤྱི་འཐུས་ཀྱིས་གཏོང་གི་ཡོད་པ་རེད་དམ། མ་གཞི་རྩ་དོན་ཐོག་ལས་འགུལ་ཞིག་སྤེལ་སྐབས་འགན་རང་འཁུར་བྱེད་དགོས་པ་ཞིག་ཡིན་ནའང་། གཞུང་ཞིག་གིས་གཏོང་ཐུབ་པ་ཡིན་ན་ལས་འགུལ་འདི་འདྲའི་སྐབས་སུ་མི་མང་པོ་མཉམ་ཞུགས་ཡོང་བར་འཕན་ཐོགས་ཆེན་པོ་ཡོང་གི་རེད།

    Reply
  4. ཉི་མ་རྡོ་རྗེ། says:
    ལོ་ 13 སྔོན།

    ད་རེས་ཀྱི་བཀའ་སྤྱི་ཐུན་མོང་གི་ལས་འགུལ་གཞི་རྒྱ་ཆེན་པོ་དེར་བསྔགས་བརྗོད་ཡོད། ལྷག་པར་དུ་བོད་མིའི་དབུ་ཁྲིད་རྣམ་གཉིས་ཀྱིས་སྣེ་འཁྲིད་དེ་ལས་འགུལ་འདི་འདྲ་ཞིག་སྤེལ་བ་དང་། གྲ་སྒྲིག་དང་འཆར་གཞི་ཧ་ཅང་ཚགས་ཚུད་པོ་བཀོད་འདུག་པར་ཡིད་འགུལ་ཐེབས་སོང་། ཡིན་ནའང་གྲུབ་འབྲས་གང་འདྲ་ཞིག་འཐོན་མིན་ད་ལྟ་ནས་བཤད་དཀའ་ཡང་། རྒྱ་གར་ནང་དང་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གང་འཚམས་འགྲོ་རྒྱུ་ཡིན་པ་མ་ཟད། གཞིས་བཞུགས་མི་མང་ཚོར་ཡང་སེམས་ཤུགས་འཕར་བ་དང་གཅིག་རྒྱབ་གཉིས་ལངས་ཡོད་པའི་ཚོར་བ་ཡོང་གི་རེད།
    བསམ་ཚུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་པ་ནི། ལས་འགུལ་འདི་འདྲ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བར་སྔོན་ཆད་ནས་གསལ་བསྒྲགས་མ་བསྐྱངས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། ང་རང་སྒེར་ལ་མཚོན་ན་མཐོང་རྒྱ་ཐོས་རྒྱ་ཆུང་དྲག་པ་ཡིན་སྲིད་མོད། བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་དེ་མི་མང་མཉམ་ཞུགས་ཀྱི་ལས་འགུལ་འདི་ལྟའི་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་ད་བར་ཁྱོན་ནས་གོ་མ་སོང་། དེ་སྔོན་ནས་གསལ་བསྒྲགས་ཤུགས་ཆེན་གནང་བ་ཡིན་ན་ལས་འགུལ་ནང་མི་མང་མཉམ་ཞུགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། དེ་ལ་འབབ་པའི་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཡང་ཆེན་པོ་ཡོང་གི་རེད་སྙམ་མོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese