མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་ལཊ་ཀྱིས་བོད་སྐྱོད་ཞི་བའི་གོམ་བགྲོད་བསྐྱར་དུ་མགོ་འཛུགས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་གླིང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན་ཏེ། བོད་དང་རྒྱ་ནག་རྒྱ་གར་གསུམ་གྱི་རྒྱལ་དར་བསྣམས་ཏེ་ངྷ་ས་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ལས་འགུལ་ཐེངས་གཉིས་པ་མགོ་འཛུཊ་གནང་རྒྱུ་རེད།   

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་མེག་གྷན་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ། ཉེ་ཆར་བལ་ཡུལ་བཙོན་ཁང་དུ་བཙོན་གྲོལ་ཐོབ་མ་ཐག་པའི་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཕྱི་ནང་གི་གསར་འགོད་པ་ཉི་ཤུ་བརྒལ་བར་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན་ཏེ། སྒེར་ངོས་ནས་བཞུཊ་སྒར་ངྷ་ས་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ལས་འགུལ་བསྐྱར་དུ་མགོ་འཛུཊ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བསྐྱངས་སོང་།

གསར་འགོད་ལྷན་ཚོགས་ཐོག་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ཁོང་གིས་འདས་པའི་ལོ་གཅིག་རིང་བོད་བསྟན་སྲིད་ཆེད་ཞི་བའི་འཐབ་རྩོད་གནང་སྐབས། དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་གནང་མཁན་ངྷ་སའི་ཚོཊ་སྐྱིད་བཅུ་གཅིག་དང་། འཛམ་གླིང་གང་སར་གནས་སྡོད་བོད་མི་ལྷག་བསམ་ཅན་ཚང་མར་སེམས་གཏིང་ནས་ཡི་རངས་བསྔཊ་བརྗོད་དང་། བོད་ནང་རང་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་མདུན་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ཁོང་གིས་ཞི་བའི་འཐབ་རྩོད་ཀྱི་འབོད་ཚིག་དོན་ཚན་ ༥ མུ་མཐུད་རྒྱུན་འཁྱོངས་ལག་ལེན་ཡོང་ཆེད། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན། བཞུགས་སྒར་ངྷ་རམ་ས་ལར་སླར་ཡང་འཕགས་བོད་རྒྱ་གསུམ་གྱི་རྒྱལ་དར་འཕྱར་ཏེ་བོད་ཀྱི་ས་ཁོངས་བར་ཞི་བའི་གོམ་བགྲོད་མགོ་འཛུགས་བྱ་རྒྱུ་དང་། ཐེངས་འདིའི་གོམ་བགྲོད་དེ་སྔོན་མ་དང་མ་འདྲ་བར་བལ་ཡུལ་བརྒྱུད་མ་དགོས་པར་ཐད་ཀར་རྒྱ་བོད་ས་མཚམས་བརྒལ་ནས་བོད་དུ་བསྐྱོད་འཆར་ཡོད་འདུག

ཚེ་བརྟན་རྡོ་རྗེ་ལགས་ཀྱི་འབོད་ཚིག་ལྔ་ནི། གཅིག ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་ནས་ཆོས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ལྔ། ད་ལྟ་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་ཡིན་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གསལ་བསྒྲགས་ནང་འཁོད་དོན་ལྟར་ན། ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་ས་མཚམས་གང་ནས་འགྲོ་མིན་ཐད་ད་སྔ་ཡོངས་བསྒྲགས་བྱ་རྒྱུ་མིན་པ་དང་། གོམ་བགྲོད་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་བོད་མི་སུ་ཡིན་རུང་དགའ་བསུ་བྱེད་ཀྱི་ཡོད་ཀྱང་། ལས་འགུལ་དེར་ཞུཊ་འདོད་ཡོད་མཁན་དག་ངེས་པར་དུ་རང་ལོ་ ༡༨ ནས  ༥༥ བར་ཡིན་དགོས་ཤིང་། གལ་སྲིད་ལོ་ཚད་ཀྱི་ཆ་རྐྱེན་ཚང་གི་མེད་ན་གོམ་བགྲོད་སྐབས་ཉིན་ཤས་ལྷག་མཉམ་ཞུགས་ཀྱི་གོ་སྐབས་སྤྲོད་ཀྱི་མེད་པ་དང་། གོམ་བགྲོད་ཐེངས་གཉིས་པའི་སྐབས་ལམ་བར་དུ་ཉེན་རྟོག་པས་བཀག་འགོག་སོཊ་བྱས་ཚེ། གོམ་བགྲོད་པས་ས་གནས་དེ་ག་རང་དུ་ཟས་བཅད་ངོ་རྒོལ་དང་ཞི་བའི་ངག་བཅད་ལས་འགུལ་བཅས་སྤེལ་རྒྱུ་དང་། ས་གནས་གང་དུ་ཀློད་ན་ས་གནས་དེ་ནས་ཞི་བའི་གོམ་བགྲོད་མགོ་བཙུགས་ཏེ་བོད་ཀྱི་ས་ཁོངས་སུ་བརྒལ་ཐབས་བྱ་རྒྱུ་སོཊ་མདོར་ན། གོམ་བགྲོད་གཉིས་པ་དེ་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་ལག་ལེན་འཁེལ་ཐབས་བྱ་རྒྱུ་ཡིན་འདུག

གསལ་བསྒྲགས་དེའི་མཇུག་ཏུ་མུ་མཐུད་འཁོད་དོན། “ཞི་བའི་འཐབ་རྩོད་ཐེངས་དང་པོའི་སྐབས་གཏོང་ཕོད་དང་བོད་ཞེན་ཆེ་བའི་རྒྱལ་གཅེས་པ་ཚོས་དང་བླངས་ཐོག་ཕུལ་བའི་ཞལ་འདེབས་རྣམས། ཞི་བའི་འཐབ་རྩོད་ཐེངས་གཉིས་པའི་ཐོག་བེད་སྤྱོད་གཏོང་རྒྱུ་ཡིན། ཞི་བའི་འཐབ་རྩོད་ཐེངས་གཉིས་པའི་མཉམ་ཞུཊ་གནང་མཁན་ཚོར་ཞལ་འདེབས་ཀྱི་དངུལ་མ་རྫོཊ་པར་འགྲོ་སོང་གཏོང་ཐབས་བྱ་རྒྱུ་ཡིན། ངས་རྩོད་བཞིན་པ་འདི་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཡིན་ལ། ངས་བོད་མི་རིགས་ཀྱི་བདེན་མཐའ་བསལ་རྒྱུ་ཡོད་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད” ཅེས་འཁོད་ཡོད།

གསར་འགོད་པས་ཚེ་བརྟན་རྡོ་རྗེ་ལཊ་སུ་བལ་ཡུལ་བཙོན་ཁང་གི་གནས་སྟངས་དང་ད་ལྟའི་གཟུཊ་གཞིའི་གནས་བབ། ༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་པའི་གནས་སྟངས་བཅས་ཀྱི་ཐད་བཀའ་འདྲི་ཞུས་པར། “ང་རང་དུས་ཚོད་ཐུང་ཐུང་ཞིག་གི་ནང་སྐུ་མདུན་ལ་མཇལ་ཁ་རག་ཡོད་པ་མ་གཏོཊ། སྐུ་མདུན་ཀྱིས་མ་འོངས་པར་ལས་འགུལ་འདི་འདྲ་སྤེལ་དགོས་པ་རེད་ཟེར་ནས་བཀའ་སློབ་གང་ཡང་བསྩལ་ཡོད་པ་མ་རེད། དེ་བཞིན། ངའི་ལས་འགུལ་འདི་བོད་མི་སྒེར་བ་ཞིག་གིས་བོད་མི་རིཊ་ལ་བཅངས་པའི་ལྷག་བསམ་དང་ལས་འགན་ཆཊ་ཡོད་པ་རེད་བསམ་གྱི་ཡོད་ལ། ཞི་བའི་འཐབ་རྩོད་ལས་འགུལ་འདི་ཐོག་མར་མགོ་འཛུཊ་སྐབས། ངའི་ལུས་ངག་ཡིད་གསུམ་བོད་མི་ས་ཡ་དྲུག་ལ་ཕུལ་ཡོད་ཅེས་བཤད་ཡོད། དེ་ཡིན་དུས་ང་རང་ད་བར་བཙོན་ཁང་དུ་བསྡད་ཀྱང་སེམས་ནང་དཀའ་ངལ་གང་ཡང་འཕྲད་མ་སོང་། སེམས་ལ་དཀའ་ངལ་མ་འཕྲད་ན་རང་བཞིན་གྱིས་ལུས་ལ་དཀའ་ངལ་འཕྲད་ཀྱི་མི་འདུག གོམ་བགྲོད་དང་པོའི་སྐབས་ངྷ་སའི་ཚོཊ་སྐྱིད་བཅུ་གཅིག་གི་སྐུ་ཚབ་ཀྱིས། རྒྱ་གར་ས་མཚམས་བར་མི་བརྗེ་བོ་བརྒྱབ་སྟེ་རོཊ་རམ་ཆེན་པོ་གནང་ཡོད་སྟབས། ངའི་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་སྐབས་དཀའ་ངལ་གཅིག་ཀྱང་འཕྲད་མ་སོང ” ཟེར།

ཡང་ཁོང་ལ་གཞོན་ནུ་ལྷན་ཚོཊ་ཀྱིས་ཁྱེད་ཀྱིས་རྒྱ་ནག་རྒྱལ་དར་འཕྱར་བར་ངོ་རྒོལ་བྱེད་བཞིན་པ་དེར་བསམ་ཚུལ་ཅི་ཡོད་དྲིས་པར། “ང་རང་ཟ་ཁང་མ་བྱན་གྱི་ལས་ཀ་བྱེད་པའི་བོད་མི་དཀྱུས་མ་ཞིག་ཡིན། རྒྱལ་དར་འཕྱར་བར་མ་དགའ་མཁན་དེ་ཚོར་ཁོང་ཚོར་རང་གི་ལྟ་གྲུབ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད། སྐད་ཆ་དེའི་འགན་ཁོང་ཚོས་འཁུར་དགོས་ཀྱི་རེད། ངས་དེར་ལན་རྒྱག་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད། ང་ལ་སྐད་ཆ་ངན་པ་བཤད་སོང་སྙམ་པའི་ཀུན་སློང་གང་ཡང་སྐྱེས་མ་སོང་ལ། མ་འོངས་པར་ཡང་བསམ་བློ་དེ་འདྲ་འཁོར་སྲིད་ཀྱི་མ་རེད། ངས་ལས་འགུལ་ཐོག་མར་སྤེལ་སྐབས་ནས་ང་ཚོ་རྒྱ་ནག་གི་མངའ་ཁོངས་རེད་ལབ་ནས་རྒྱལ་དར་འཁྱེར་ཡོད་པ་མ་རེད་ལ། ལོ་རྒྱུས་ཐོག་བོད་རྒྱ་ནག་གི་མངའ་ཁོངས་རེད་ཅེས་བཤད་ཡོད་པ་མ་རེད། ངས་རྒྱ་ནག་གི་རྒྱལ་དར་འཕྱར་དོན་དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས། བོད་རྒྱ་ནག་ནང་ཆེས་མཐོའི་རང་སྐྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར་བའི་མཚོན་བྱེད་ཡིན། དེའི་སྟབས་ཀྱིས་ངས་སྔོན་མ་རྒྱ་ནག་རྒྱལ་དར་འཕྱར་མྱོང་ལ་ད་དུང་ཡང་འཕྱར་རྒྱུ་ཡིན། གོམ་བགྲོད་ཐེངས་གཉིས་པ་རྒྱ་གར་དང་བོད་ཀྱི་ས་མཚམས་བརྒྱུད་བོད་ལ་འགྲོ་དགོས་དུས། ད་ཐེངས་བོད་དང་རྒྱ་གར། རྒྱ་ནག་རྒྱལ་དར་གསུམ་ཀ་མཉམ་དུ་འཕྱར་རྒྱུ་ཡིན་པ་ལས། བལ་ཡུལ་རྒྱལ་དར་འཕྱར་རྒྱུ་མིན། ང་རང་གིས་སྐར་ལྔའི་དར་དམར་ནི་རྒྱ་ནག་གི་དར་ཆ་ཡིན་པ་ལས་གུང་ཁྲན་དམར་ཤོག་གི་དར་ཆ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ངས་རྒྱལ་དར་འཕྱར་བ་དེ་རྒྱ་ནག་ལ་མགོ་བཏཊ་པ་མ་རེད་ལ། ངས་བོད་མི་དམངས་ལའང་ཕོག་ཐུག་གང་ཡང་བཏང་མེད ” ཅེས་བརྗོད།

གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་ན། ཁོང་ཕ་མ་གཉིས་ཀ་ལོ་ཚད་ཀྱིས་རྐྱེན་པས་ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་ཞུཊ་རྒྱུའི་ཆ་རྐྱེན་ཚང་གི་མེད་ཀྱང་། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་མགོ་འཛུཊ་ཀྱིས་དུས་ཡུན་བདུན་ཕྲག་གཅིག་རིང་ཁོང་ཕ་མ་གཉིས་བུ་ཚེ་རྡོར་ལཊ་ཀྱི་གོམ་བགྲོད་ནང་མཉམ་ཞུཊ་གནང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བལ་ཡུལ་སྲིད་གཞུང་གིས། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་ཁྲིམས་འགལ་གྱིས་བལ་ཡུལ་ས་ཁོངས་འཛུལ་བའི་ཉེས་འཛུཊ་ཀྱིས། ཁྱོན་ལོ་ ༥ དང་ཟླ་ ༥ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་བར་ཟླ་ ༩ ལྷག་དང་། བཙོན་ཁང་དུ་ངག་བཅད་ལས་འགུལ་སྤེལ་ཏེ་ཟླ་ ༤ ཙམ་ཕྱིན་སྐབས་གཞི་ནས་བཙོན་གྲོལ་ཐོབ་ཡོད་འདུག་ལ། འདི་ནི་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༣ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༤ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 12

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    སེམས་ཀྱི་འབབས་ས་བོད་མིའི་བདེ་སྐྱིད་དང་།།
    ཕུགས་ཀྱི་རེ་འབྲས་རྒྱ་བོད་ཞི་འགྲིག་གཉིས།།
    ང་ཡིས་འབད་པའི་ཞི་བའི་འཐབ་རྩོད་འདིའི།།
    སྔ་གཞུག་ཀུན་ལ་ཡོད་པའི་རིགས་མཐུན་སྤུན།།
    གང་ན་སུ་བཞུགས་ཡོངས་ལ་གོ་སྐབས་འདི།།
    བཟུང་ནས་སྙིང་ནས་བཀའ་དྲིན་བདག་གིས་ཞུ།།
    ཚུར་ལ་བྱམས་པའི་མིག་གིས་བལྟ་བ་དང་།།
    ལྐོག་ནས་ཚིག་གི་མདའ་མོ་འཕེན་པ་སོགས།།
    སྤྱི་དོན་ལས་ལ་འཕྲེང་བའི་ལྟ་ཚུལ་གཉིས།།
    ཕལ་བའི་མི་ཆུང་ང་ལ་གནོད་མི་འགྱུར།།

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    ཁ་ཤག་སྒྱུར་རྩ་བ་མགོ་ལོ་ཟླ་བྷེ་ལགས་ཀྱིས་གསུངས་པ་ངོ་མ་བདེན་གི །གླིང་ཚ་ལགས་ཀྱིས་གཏོང་ཕོད་འདིའི་གཟུར་ཅན་ཚོར་ཡིད་སྨོན་ཤོར་དགོས་པ་བཟོས་ཡོད་ལ། སེམས་ཆུང་ཅན་ཚོ་མིག་ཆུ་ཤོར་དགོས་པ་ཡང་བཟོས་ཡོད། དེ་བཞིན་ཡོད་ཚད་ཁ་ལ་འཁྱེར་ཏེ་འུར་སྒྲོག་མཁན་ཚོ་མགོ་བོ་སྒུར་དགོས་པ་ཡང་བཟོས་ཡོད། ཡིན་ཡང་གདོང་ལ་ལྕགས་འབག་གྱོན་མཁན་གྱི་མི་བུ་ཁ་ཤས་ཀྱིས་ད་དུང་ཁོང་ལ་སློབ་གསོ་སྤྲོད་ཁུལ་་ཧ་ཧ་ཧ་ཧ་ཧཧ

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    བོད་ཀྱི་ཤེས་སྤོབས་གཉིས་ལྡན་གྱི་དཔའ་རྒོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། སྔོན་མ་གུས་པས་ཉིད་ལ་གྲོགས་པོ་ཞེས་འབོད་ཀྱིན་ཡོན་ན་ཡང་། ཁྱེད་ནི། མི་རིགས་ཀྱི་ཆེད་དུ་གཏོང་ཕོད་ཅན། དྲང་བདེན་གྱི་ཆེད་དུ་སེམས་ཤུགས་ཅན། གནས་ལུགས་ཀྱི་ཆེད་དུ་འཐབ་རྩོད་ཅན། ཕུགས་འདུན་གྱི་ཆེད་དུ་བསམ་བློ་ཅན། གཞན་ཕན་གྱི་ཆེད་དུ་རང་དོར་ཅན་དངོས་མ་སྟེ། གཡུ་འབྲུག་གྱེན་འགྲོ་ཞིག་ལ། བདག་ལྟ་བུ་རང་གི་ལྟོ་གོས་ཙམ་གྱི་ཆེད་ཁོ་ནས་རྒྱལ་ཁམས་གཡོན་སྐོར་བྱེད་མཁན་སྦྲུལ་ནག་ཐུར་འགྲོ་ཞིག་གིས།གྲོགས་པོ་ཞེས་ཚད་གཞི་གཅིག་པའི་ཐ་སྙད་བེད་སྤྱོད་གཏོང་ག་ལ་རུང་། དེ་ཆ་འདྲ་བར།འདི་མཛོད་དང་དེ་མ་བྱེད་སོགས་ཞར་བོས་མིག་ལྡན་ལ་ལམ་ཁྲིད་ཀྱི་ངལ་བ་ཡང་བྱེད་མི་འོས་པ་ཞིག་དུ་ངེས་ཡོད། དེས་ན་འདིར་ཁོ་བོས་ནི། ཉིད་ཀྱི་རིགས་ཞེན་ལ་ཧ་ལུས། སྤོབས་པ་ལ་ཧོན་འཐོར། བསམ་བློ་ལ་སེམས་ཤོར། གཏོང་ཕོད་ལ་ཡ་མཚན་ཏེ། ཉིད་ཀྱི་བསམ་པའི་འདོད་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་སྨོན་ནོ།།

    Reply
  4. ཅང་མེད། says:
    ལོ་ 13 སྔོན།

    གངས་ཅན་བོད་པ་ཆེད་ཪགྱལོ།

    Reply
  5. ཨ says:
    ལོ་ 13 སྔོན།

    སྐར་ཁྲི་བཙན་ལགས་ཀྱི་སྐད་ཆ་དང་གོ་རྟོགས་དེས་ངོ་མ་སེམས་འགུལ་ཐེབས་སོང་། བཀའ་དྲིན་ཆེ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལས་འགུལ་གང་ལ་འཇུག་ན་ཡང་སྨན་བཅོས་དང་ངལ་གསོ་ཡག་པོ་བྱས་ནས་ཕེབས་རོགས་གནོངས། དྲ་གྲོགས་ཚེ་བརྟན་ལགས།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཁྱེད་ཁ་བཤད་དོན་ལ་གནས་པའི་མི་བུ་སྒལ་ཚིག་ཅན་ཞིག་ཡིན་པས་སྙིང་ཐག་པ་ནས་ཁྱེད་ཀྱི་བྱ་བཞག་ལ་རྒྱབ་སྐྱོར་དང་ཡི་རངས་བྱེད་བཞིན་ཡོད། ཁྱེད་ཀྱིས་གསུང་བ་དངོས་ཡོད་གནས་ཚུལ་རེད་རྒྱ་དར་དམར་པོ་དེ་རྒྱ་ནག་མི་མང་ཡོངས་ལ་དབང་གི་རེད་མ་གཏོགས། གུང་ཁྲན་ཚོགས་པ་གཅིག་པོར་དབང་བ་མ་རེད།

    Reply
  8. བདེ་རྒྱལ། says:
    ལོ་ 13 སྔོན།

    དཔའ་རྒོད་ཁྱེད་ཀྱི་ཆོད་སེམས་དང་ལས་འགུལ་གཉིས་ཀ་དོ་མཉམ་རེད། སེམས་གཏིང་ནས་གུས་འདུད་ཡོད། མི་བུ་ཁྱེད་ནི་སྤྱིར་བཏང་གི་མི་བུ་ཞིག་དང་མི་མཚུངས་པ་ད་གཟོད་གཞི་ནས་ངོས་ཟིན་བྱུང་ཡོད། བོད་ལ་ཁྱེད་ལྟ་བུ་མང་ན་ང་ཚོ་བོད་ཀྱི་ལས་དབང་དེ་འདི་ལྟ་བུ་ཞིག་ཡིན་ག་ལ་དགོས།

    Reply
  9. ཟླ་བ་ཚེ་རིང་། says:
    ལོ་ 13 སྔོན།

    ཨ་མའི་བུ། ཡིད་འགུལ་ཐེབས་བྱུང་། སྤྱིར་བཏིང་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེར་མོས་མཐུན་ཡོད་མེད་སོ་སོའི་ངོས་ནས་བཤད་ཚོད་ཐུག་མ་སོང་མོད། གང་ལྟར་ལངས་ཕྱོགས་དང་ཆོད་སེམས་བརྟན་པོས་ཐོག་ནས་བསྡད་པ་དེར་བསྟོད་བསྔགས་ཞུ་རྒྱུ་ཡིན། མི་རིགས་ཀྱི་དཔའ་རྒོལ་རེད། ལྷག་པར་དུ་ཤ་ལས་མཆེད་པའི་བུ་ཕྲུག་དང་བཟའ་ཚང་། ཕ་མ་སྤུན་སྲིང་སོགས་ཡོངས་རྫོགས་བློས་བཏང་གནང་སྟེ་ལས་འགུལ་མུ་མཐུད་པ་འདིས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་རེ་འདུན་སྒྲུབ་ཀྱི་ཡོད་པ་མ་ཟད། བཙན་བྱོལ་ནང་གི་མི་མང་ཚོ་ལའང་སེམས་ཤུགས་དང་གསོན་ཤུགས་འཕར་ཡོང་གི་རེད། ཐུགས་རྗེ་ཆེ།

    Reply
  10. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    སྙིང་སྟོབས་ཀྱི་གོ་ཆ་གྱོན་པའི་བོད་ཀྱི་དཔའ་རྒོད་ལགས། ཁྱེད་ནི་གངས་ཅན་པའི་དོན་གྱི་དཔའ་བོ་ཡིན། ལ་རྒྱ་ཅན་གྱི་བུ་རྒོད་ཁྱེད་དང་མཉམ་དུ་ང་ཚོ་བོད་པ་ཡོངས་རྫོགས་ལངས་ཡོང་།

    Reply
  11. འཇམ་གཅེས ། says:
    ལོ་ 13 སྔོན།

    ས་ཡ་དྲུག་གི་བུ་་བོད་ཤ་ཁྲག་རུས་གསུམ་་་་་ངོ་མ་མིང་དོན་མཚུངས་པའི་ཕོ་རྒོད་ཁྱེད་ཀྱིས་ལས་འགུལ་ལ་སེམས་གཏིང་ནས་ཡིད་རངས་ཞུ་རྒྱུ་ཡིན་ལ་ཁྱེད་ཀྱིས་ལྟ་གྲུབ་ལ་རྒྱབ་སྐྱོར་གཙང་མ་ཡོད།

    Reply
  12. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    རྒྱལ་གཅེས་པ་དང་རྩོམ་པ་པོ་ཁྱེད་ཀྱི་བློས་གཏོང་དང་ཆོད་སེམས་ལ་ཡི་རངས་ཞུ།

    རིགས་ཞེན་དཀར་བོའི་རྒྱ་མཚོའི་འཇིངས་སུ།།
    ལག་ལེན་གསེར་ཉ་འཁྱུག་རྩལ་མྱུར་བས།།
    ཁ་ཕྱོགས་རླབས་རྒྱུན་ཆད་མེད་འགུལ་དུས།།
    ཚིག་སྐམ་ཅན་ལ་བརྡ་ཞིག་བསྟན་སོང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese