མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་བྲང་དུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རིང་གནས་ཚུལ་འབྱོར་བཞིན་པ་ལྟར་ན། དེ་རིང་ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། ཨ་མདོ་བླ་བྲང་གྲོང་ཁྱེར་གྱི་དྲག་ཆས་ཉེན་རྟོག་དཔུང་དམག་གི་ལས་ཁུངས་སྒོ་མདུན་གཞུང་ལམ་སྟེང་དུ་བོད་མི་ཞིག་གིས་རང་ལུས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

ས་གནས་མི་མང་ཚོས་མཐོང་ཚུལ་ལྟར་ན། མེ་ཤུགས་ཧ་ཅང་ཆེ་བའི་དབང་གིས་ཁོང་སྐུ་གྲོངས་ཡོད་པ་དང་། ཉེ་འགྲམ་དུ་འཕྲུལ་རྟ་ཞིག་བཞག་ཡོད་ཚུལ་ལ་བལྟས་ན་མི་སྐྱ་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པས་མེར་བསྲེགས་གནང་མཁན་ཁོང་གི་མིང་དང་ལོ། གྲོང་སྡེ་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་མ་ཐུབ་པས་རིམ་པས་ཇེ་རྒྱས་སུ་གཏོང་རྒྱུ་ཡིན།

རིམ་པ་གཉིས་པ། ད་ལྟ་སླར་ཡང་གནས་ཚུལ་དང་ངོས་འཛིན་ལག་འཁྱེར་འབྱོར་བ་ལྟར་ན། དེ་རིང་ཕྱི་དྲོར་བླ་བྲང་བསང་ཆུ་རྫོང་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཁོང་ནི། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་བའི་གནམ་ལྷ་ཚེ་རིང་ཞུ་བ་ཁོང་ཡིན་པ་དང་། ངོས་འཛིན་ལག་འཁྱེར་ལྟར་ན། ཁོང་ཕྱི་ལོ་ ༡༩༦༤ ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་ཡིན་ཚུལ་བཀོད་འདུག ཁོང་ལ་བུ་བཞི་ཡོད་པ་ལས་གཅིག་གྲྭ་བྱས་ཡོད་འདུག

རིམ་པ་གསུམ་པ། དེ་རིང་རང་ལུས་མེར་བསྲེགས་གནང་མཁན་ཁོང་ལ་ཡོངས་གྲངས་སུ་ཧྭོ་བྷ་རུ་འབོད་ཅིང་། ཁོང་གི་ཕ་མིང་ལ་བསམ་འགྲུབ་དང་མ་མིང་ལ་བསོད་ཁོ། སྐྱེས་དམན་གྱི་མིང་ལ་འཚོ་ལོ་བཅས་ཟེར་ཞིང་། ཁོང་གཉིས་ལ་བུ་བཞི་ཡོད་པ་ལས་ཆེ་བ་གྲྭ་བ་བྱས་ཡོད་པ་དང་འབྲིང་བ་གཉིས་མཚེས་ཡིན་འདུག ཆུང་བའི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་མེ་ཤུགས་ཧ་ཅང་ཆེ་བས་དབང་གིས་འདས་གྲོངས་སུ་སོང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. རྨེའུ་དཀོན་རྒྱམ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་གི་ཐུགས་འདོད་འགྲུབ་པའི་སྨོན་འདུན་དང་གདུང་སེམས་མཉམ་བསྐྱེད་ཞུ།
    ངོ་མ་བཀའ་དྲིན་ཆེ། ཁྱེད་ཀྱི་ཆོད་སེམས་དང་བློས་གཏོང་འདིས། བོད་ལ་བདེན་པའི་སྟོབས་ཤུགས་ཡོད་པ་གསལ་སྟོན་བྱས་སོང་།

    Reply
  2. ཀླུ་སྨྱོན། says:
    ལོ་ 14 སྔོན།

    དང་པོར་མེ་བསྲེགས་མཁན་ལ་བསྟོད་གླུ་བླངས། །
    བར་དུ་མེར་བསྲེགས་མཁན་ལ་དོགས་པ་ཟོས། །
    མཐའ་མར་མེར་བསྲེགས་ལ་ཞུ་བ་འཐེན། །
    དགྲ་བོའི་མདུན་ནས་གསོན་ལམ་ངེས་པར་ཚོལ། །

    Reply
  3. ལྷག་པ་ཚེ་རིང༌། says:
    ལོ་ 14 སྔོན།

    གངས་ཅན་བསྟན་འགྲོའི་ཆེད་དུ་གཤེགས་པ་ཡི།།
    གངས་ཅན་དཔའ་བོ་ཐམས་ཅད་བྱང་ཆེན་བར།།
    གངས་ཅན་མགོན་པོས་རྗེས་སུ་བཟུང་དང་སྦྲགས།།
    གངས་ཅན་པར་དམིགས་བཞེད་དོན་མྱུར་འགྲུབ་ཤོག།

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན།

    Reply
  4. བདེ་རྒྱལ། says:
    ལོ་ 14 སྔོན།

    གཤམ་གསལ་མཆན་འདི་འགོད་ནོར་ཤོར་ཡོད་པ་འདྲ། གོང་གསལ་མེ་སྲེག་འདི་དང་འབྲེལ་བ་མཐོང་མ་སོང་། རྒྱལ་གཅེས་དཔའ་བོ་ཁྱེད་ལ་སེམས་གཏིང་ནས་གུས་འདུད་ཞུ། མངོན་མཐོ་བླ་མིའི་གོ་འཕང་ཐོབ་པར་སྨོན་ལམ་འདེབས། མཆོད་མེ་རྐོང་བུ་གཅིག་དང་མ་ཎིའི་འདིས་ཁྱེད་ལ་སྐྱེལ་མ་བྱེད། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

    Reply
  5. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    མིག་གིས་ལྟ་བས་མི་བཟོད་གི སེམས་ལ་དྲན་པས་མི་ལོངས་གི རྒྱལ་སྲེས་བྱང་ཆུབ་སེམས་དཔའ་འདི་དག་ལ་ཡི་རིངས་བསྔགས་བརྗོད་དང་། ཚེ་རབས་ཀུན་དུ་བདེ་བ་ནས་བདེ་བའི་ལམ་ན་འདྲེན་པར་ཤོག་ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན།

    Reply
  6. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་མའི་བུ། ཡིད་འགུལ་ཐེབས་བྱུང་། སྤྱིར་བཏིང་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེར་མོས་མཐུན་ཡོད་མེད་སོ་སོའི་ངོས་ནས་བཤད་ཚོད་ཐུག་མ་སོང་མོད། གང་ལྟར་ལངས་ཕྱོགས་དང་ཆོད་སེམས་བརྟན་པོས་ཐོག་ནས་བསྡད་པ་དེར་བསྟོད་བསྔགས་ཞུ་རྒྱུ་ཡིན། མི་རིགས་ཀྱི་དཔའ་རྒོལ་རེད། ལྷག་པར་དུ་ཤ་ལས་མཆེད་པའི་བུ་ཕྲུག་དང་བཟའ་ཚང་། ཕ་མ་སྤུན་སྲིང་སོགས་ཡོངས་རྫོགས་བློས་བཏང་གནང་སྟེ་ལས་འགུལ་མུ་མཐུད་པ་འདིས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་རེ་འདུན་སྒྲུབ་ཀྱི་ཡོད་པ་མ་ཟད། བཙན་བྱོལ་ནང་གི་མི་མང་ཚོ་ལའང་སེམས་ཤུགས་དང་གསོན་ཤུགས་འཕར་ཡོང་གི་རེད། ཐུགས་རྗེ་ཆེ།

    Reply
  7. མིག says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese