མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱ་ཁྱུང་དགོན་དུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

མདང་ནུབ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་ལ། ཨ་མདོ་བྱ་ཁྱུང་དགོན་པའི་ནང་། མཚན་ལ་ཕག་མོ་དོན་གྲུབ་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

མདང་དགོང་བོད་ནང་གི་ཆུ་ཚོད་ ༨ ཡས་མས་ལ། མཚོ་སྔོན་མངའ་ཁུལ་བྱ་ཁྱུང་དགོན་པའི་ནང་དུ། བོད་མི་རང་ལོ་ ༢༡ ཡས་མས་ཡིན་པ་ཕག་མོ་དོན་གྲུབ་ཞུ་བ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཁོང་སྨན་ཁང་དུ་འཁྲིད་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་ནང་དུ་འབྱོར་ཡོད་འདུག ཁོང་འདས་གྲོངས་སུ་སོང་ཡོད་མེད་གསལ་ཁ་མེད་ཀྱང་། དེའི་རྗེས་སུ་གནས་ཚུལ་ཐོན་པའི་ནང་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུང་བཞིན་ཡོད་སྐོར་ཞིག་བསྟན་འདུག  

རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་ཕག་མོ་དོན་གྲུབ་དང་། རང་ལོ་ ༢༡ ཡས་མས་ཡིན་ཞིང་། ཁོང་གི་སྐྱེས་ཡུལ་ནི། བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་བ་ནས་ཡིན་འདུག

ཨ་མདོའི་ཕྱོགས་ཀྱི་ལོ་ཐོ་རྩི་སྟངས་ལྟར། ཁ་སང་ནི་ལུགས་རྙིང་གི་ཟླ་ ༡ ཚེས་ ༡༥ ལ་ཁེལ་ཡོད་ཅིང་། དགེ་ལུགས་པའི་དགོན་སྡེ་མང་ཆེ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་པ་དང་། ཚེས་ ༡༥ ཉིན་གྱི་མཚན་མོར་དགོན་པ་སོ་སོའི་ནང་མེ་ཏོག་གི་མཆོད་པ་བཤམས་ཏེ་མི་མང་ལ་མཇལ་ཁ་གཏོང་བའི་དུས་ཚོད་ལ་ཁེལ་ཡོད་འདུག 

བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དགོན་པ་ནི། ས་གླང་ཕྱི་ལོ་ ༡༣༤༩ ལོར་ཆོས་རྗེ་དོན་རིན་པོ་ཆེ་༼དོན་གྲུབ་རིན་ཆེན༽མཆོག་དགུང་གྲངས་ཞེ་གཅིག་ཐོག་ཁོང་གིས་ཕྱག་བཏབས་གནང་ཤིང་། དུས་དེ་ནས་བཟུང་དགེ་ལུགས་པའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དུ་འཇོག རྗེ་ཙོང་ཁ་བ་ཆེན་པོས་ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་སྒྲུབ་གནས་ཀྱང་འདི་ཡིན་པ་སོགས་ཀྱིས། མདོ་སྨད་ཆོས་འབྱུང་སོགས་སུ་ལྷོ་རྒྱུད་གནས་ཀྱི་སྙིང་བོ་དང་། ཞཱ་གསེར་བསྟན་པའི་འབྱུང་ཁུངས་ཞེས་བསྔགས་བརྗོད་གནང་ཡོད།

དགོན་པ་འདི་ལ་བུ་དགོན་ ༢༥ དང་། སྡེ་ཚ་ནང་སོ་དང་ཚེར་ཕུག་དཔོན་པོ། ཀྱོའུ་ཀྱ་དཔོན་པོ། ལུང་བཟང་དཔོན་པོ་བཅས་ཀྱི་མངའ་འོག་ཏུ་རོང་བོ་ཉིན་ཐུབ་བཅུ། ཨ་འདར་ཆ་གའི་དཔོན་པོ། ཁོ་ཚེ་དཔོན་པོ། མདོ་བ་ཡར་ནང་མར་ནང་གི་དཔོན་པོ་གཉིས། ཤིས་བཞིན་དཔོན་པོ་བཅས་ཀྱི་མངའ་ཞབས་སུ་གཅན་ཚ་ཉིན་ཐུབ་བརྒྱད། གཤོང་ཤན་ཚོ་བ་ལྔ། དོར་ཤུལ་ཚོ་བ་ལྔ། ཚེར་ཕུག་ཚོ་བ་བཅུ་གསུམ། བྲ་ནག་ཁག་བཞི། གཟི་ལུང་ཚོ་དགུ། བྱ་ཁྱུང་གི་ལྷ་སྡེ་ས་དཀར་གོང་བ། ཚྭ་ཆུ། ཞིང་བའི་སྒང་། ཁྲོམ་ཚང་རྣམས་དང་། ཁོ་ཚེ་དགོན་གྲོང་བཅོ་བརྒྱད། དཔྱི་མར་ནང་ཚོ་བ་བརྒྱད། མདོ་བ་ཡར་ནང་ཚོ་བ་ལྔ། སོ་སྨན་ལྕང་ཤར་ཚོ་བ་བཅུ་གཉིས། ཀ་རྒྱ་ཚོ་བ་དགུ་སོགས་མཆོད་གཞིས་རྒྱ་ཆེན་པོ་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 4

  1. གསེར་སེར་པོ། says:
    ལོ་ 14 སྔོན།

    ཡུལ་གྱར་བོད།
    སྐྱོ་གར་གྱི་ལོ་ཟླ་ཞིག་གི་དབུ་ནས
    ཁྱེད་ཀྱིས་མིའི་གཟུགས་སུ་གྲུབ་པའི་མེ་ལྕེའི་གྲངས་བགྲངས་ཙམ་གྱིས་བྲང་ཁོག་བསྲེགས་སོང་ངམ
    ན་ཟུག་ལངས་སོང་ངམ
    ཚོར་བ་རྒྱས་བྱུང་ངམ
    པོ་ཏ་ལའི་ཁ་མདངས་དྲི་མེད་ཅིག་ཁྱེད་ཀྱིས་མ་འོངས་མ་འོངས་ཤིག་ཏུ་མཐོང་པར་སྒུག་ཡོད་པ་ཡིན་ནམ
    གཞོན་ནུ་ཁྱུ་གཅིག་གི་ཕྱི་ཡུལ་སྤྲོ་སྐྱིད་ཁྲོད་ཀྱི་རང་བཙན་ལ་སྒུག་ཡོད་པ་ཡིན་ནམ
    ཇ་ཁང་དང་སྐོར་ལམ་ནང་གི་དབུ་མའི་ལམ་ལ་སྒུག་ཡོད་པ་ཡིན་ནམ
    ཡང་ན་མགོ་བདེ་དྲན་འཕྲུལ་འགས་རང་གི་ཕོར་བ་ཕྱིལ་ཕྱིལ་བཏང་བའི་རུལ་དྲིས་ཟིན་པའི་བོད་དོན་ཕྱི་བསྒྲགས་ལ་སྒུག་ཡོད་པ་ཡིན
    ད་ནི་སྣང་བ་མཐའ་ཡིས་གཡོ་སྒྱུ་ཡིས་སྦས་པ་ཤེས་རན་འདུག
    ད་ནི་ཕྱག་ན་པད་མོ་བགྲེས་པ་ཤེས་རན་འདུག
    ཚོར་བ་ཡོད་ན་རྒྱས་རན་འདུག
    ལས་འགུལ་ཡོད་ན་སྤེལ་རན་འདུག
    གསོན་ལ་རེ་བ་ཞིག་ཨེ་རྙེད་ལྟ་རན་འདུག་གོ།།།།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    གཅིག་འབར་གཉིས་འབར་ཞི་བའི་མེ་ལྕེ་ཡིས།།
    བོད་ཀྱི་རང་དབང་དང་ནི་༧གོང་ས་མཆོག།
    འབོད་པའི་སྒྲ་ནི་ས་སྟེང་ཡོངས་ཁྱབ་ཀྱང་།།
    མུན་པའི་མཁའ་དབྱིངས་ད་དུང་འཇིགས་སུ་རིང་།།
    ཤི་བོའི་རྗེས་ཀྱི་གསོན་པོ་ང་ཚོ་ཡིས།།
    ཞི་བའི་གྱེན་བླངས་ཤུགས་ཀྱིས་མ་བྱས་པར།།
    ཞི་བའི་དུ་སྤྲིན་གནམ་མཁའི་ཁ་ཟས་ཉིད།།

    Reply
  3. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ད་ནི་ཐུགས་རྗེ་གཟིགས་ལྷག་བསམ་རབ་ཏུ་དཀར་བའི་གཞིས་བཞུགས་སྤུན་ཟླ་ཚོ། ཁྱེད་ཚོའི་རླབས་ཆེ་བའི་གཟི་བརྗེད་ལབསྔགས་བརྗོད་དང་གུས་བཀུར་ཡོད། ཡིན་ན་དེ་རིང་ནས་གཟུང་རང་ལུས་མེ་བསྲེགས་ལས་འགུལ་འདི་འཚམས་འཇོག་གནང་རོགས་ཞེས་འབུལ་བསྐུལ་ཞུ།

    Reply
  4. བདེ་རྒྱལ། says:
    ལོ་ 14 སྔོན།

    ས་གནས་འདི་མཚོ་ཤར་ཕྱོགས་རེད། ཙོང་ཁ་ཉིན་སྲིབ་གཉིས་སུ་ཕྱེ་བའི་ཙོང་ཁ་སྲིབ་ཀྱི་དཔལ་ལྡན་བྱ་ཁྱུང་དགོན་པ་དང་། སྔོན་གྱི་ཁྲི་ཆེན་ངག་མཆོག་ལྡན་དང་ཁྲི་སྦྱིན་པ་རྒྱ་མཚོ། ཁྲི་ངག་དབང་སྙན་གྲགས། ཁྲི་ངག་དབང་ཆོས་གྲགས་རྣམས་ཀྱི་གདན་ས་ཡང་ཡིན་འདུག གཙོ་བོ་རྒྱལ་གཅེས་པ་དེའི་ད་ལྟའི་གནས་ཚུལ་ཞིབ་ཕྲ་ས་གནས་མི་དམངས་ཀྱིས་རྒྱུས་ལོན་དུས་ཐོག་བྱ་ཐུབ་པ་ཞིག་བྱེད་ཐུབ་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese