མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་ཕའི་སློབ་ཚན།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་སྤྱི་ཚོགས་ནང་སླར་ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་མགོ་བརྩམས་སོང་། ན་ནིང་གླིང་ཚས་རྒྱ་ནག་གི་རྒྱལ་དར་འཕྱར་རྗེས་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཆགས། བསམ་བཞིན་དང་བསམ་བཞིན་མ་ཡིན་པར་རང་བཙན་དང་དབུ་མའི་རྩོད་གཞིར་བསྒྱུར། གཞོན་ནུ་དང་དབུ་མ་གཉིས་ཀྱིས་རང་རང་གི་ལངས་ཕྱོགས་བསྒྲགས་གཏམ་སྤེལ་རེས་བྱས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བར་འདུམ་དང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་ངར་ཤུགས་བསྣན། ཁོས་ད་ལོ་སླར་ཡང་བོད་སྐྱོད་གོམ་བགྲོད་ཐེངས་གཉིས་པ་མགོ་བཙུགས་ཏེ། བོད་དང་རྒྱ་གར་རྒྱ་ནག་བཅས་ཀྱི་རྒྱལ་དར་ཡང་འཕྱར་རྒྱུ་ཡིན་ཟེར།

        གླིང་ཚའི་སྐོར་གྱི་གླེང་ཉོག་དེ་ལོ་རྒྱུས་ཀྱིས་ཐག་གཅོད་དགོས་པ་ཞིག་རེད། གལ་སྲིད་རྩོད་གཞི་འདི་དབུ་མ་དང་རང་བཙན་གཉིས་ཀྱི་རྒྱལ་ཕམ་ལ་ཐུག་ཡོད་ན་ནི། རྒྱ་ནག་གི་རྒྱལ་དར་འཕྱར་མཁན་བོད་ཕྱི་ནང་གཉིས་ནས་འབྱུང་སྲིད་ལ། གངས་ཅན་སྐྱིད་གཤོངས་ཀྱི་མདུན་ཐང་དང་དགའ་ལྡན་ཕོ་བྲང་གི་ཁང་སྟེང་། སློབ་གྲྭ་ཁག་གི་རྩེད་ཐང་དང་དགོན་སྡེ་ཁག་གི་ཆོས་རྭ་ནས་ཀྱང་བསྒྲེང་སྲིད། ངས་བསམ་ན་ད་རེས་ང་ཚོས་གླིང་ཚའི་སྐོར་གྱི་གླེང་ཕྱོགས་དེ་ལ་འགྱུར་བ་གཏོང་དགོས་སྙམ།

        ན་ནིང་གི་ད་ཚོད་ཅིག་ལ་ཁོས་ངྷ་རམ་ས་ལ་ནས་གོམ་པ་ཆེན་པོ་འདི་ཐོག་མར་སྤོ་མགོ་བརྩམས། ངྷ་ས་ནས་རྡོག་ཐོན་བྱེད་སྐབས་ཁོའི་གམ་དུ་ཨ་མ་དང་སྲིང་མོ་གཉིས་ལས་མེད། ཏག་ཏག་ལོ་གཅིག་རིང་ཁོས་ས་ལེ་བར་བརྒྱ་ཕྲག་བརྒལ་ཏེ་དཀའ་ཐུབ་སྤྱད། བལ་ཡུལ་བཙོན་ཁང་ནས་དཀའ་སྡུག་མྱངས། བོད་དོན་འཐབ་རྩོད་དང་བོད་དོན་འཐབ་རྩོད་པ་ཞིག་གི་ངོས་ཐད་ནས་གླེང་ན། གླིང་ཚས་འདས་པའི་ལོ་གཅིག་རིང་བོད་དོན་འཐབ་རྩོད་བྱས་ནས་ཡོང་། སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་བོད་དོན་རྩོད་གླེང་བྱས་ཏེ་བསྡད། འདི་ཡང་སྙིང་གླིང་ཚའི་གོམ་བགྲོད་ལ་གདེང་འཇོག་བྱས་པ་རེད་དམ་རྒྱ་ནག་གི་རྒྱལ་དར་ལ་རིན་ཐང་སྤྲད་པ་རེད།

        ན་ནིང་གི་ད་ཚོད་ཅིག་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་མི་རིགས་མི་གཅིག་པའི་མི་ཚེ་སྐྱེལ་རོགས་ཆུང་མ་དེ་དང་། ཟླ་དྲུག་ལ་སོན་མ་ཐག་པའི་བུ་ཆུང་དང་ལོ་གསུམ་ལ་སོན་པའི་བུ་མོ་བཅས་ལ་བོད་པའི་རང་བཙན་ཤོར་བའི་གནའ་གཏམ་འཆད་བཞིན་ཞི་བའི་འཐབ་རྩོད་ཐོག་ལམ་ལ་ཆས། ད་ལོར་སླར་ཡང་ལོ་རྒན་དྲུག་ཅུར་སོན་པའི་ཕ་མ་གཉིས་དང་སྲུང་མོ་བཅས་ལ་རང་ལུས་རིན་ཆེན་མེ་ལ་སྒྲོན་བཞིན་པའི་དངོས་སྒྲུང་འཆད་བཞིན་ལམ་ལ་ཆས། འདི་ནི་མི་རིགས་མི་གཅིག་པའི་བོད་པའི་མནའ་མ་ཞིག་ལ་བག་ཆགས་འཇོག་སྟངས་དང་། ཤ་རུས་མི་འདྲ་བའི་ཕྲུ་གུ་གཉིས་ལ་བོད་དོན་སློབ་སྟངས་ཡིན།

        གནའ་ནས་ད་བར་དབུ་མར་རློམ་མཁན་ཚོའི་ཁྲོད་དུ་ཚོགས་ས་འདུ་སར་ཁ་ནས་བཤད་མཁན་མང་བ་ལས་ལག་ཏུ་བསྟར་སྟངས་འདི་འདྲ་བྱུང་མེད་ལ། རང་བཙན་འཐབ་རྩོད་པ་ཚོའི་ནང་དུའང་ལག་པ་དགོང་ནས་གཡུགས་ཏེ་སྐད་ཤུགས་ཆེན་པོ་བྱེད་མཁན་མང་བ་ལས་གོམ་པ་འདི་ལྟར་སྤོ་མཁན་བྱུང་མེད། འཐབ་རྩོད་ཅེས་པ་འདིར་ཁ་ནས་རྩོད་དགོས་ས་དང་ལུས་ནས་འཐབ་དགོས་ས་གཉིས་ཀ་ཡོད་མོད། བཙན་བྱོལ་སྤྱི་ཚོགས་ནང་ཁ་ནས་རྩོད་མཁན་མང་དྲགས་པ་དང་ལུས་ནས་འཐབ་མཁན་ཉུང་དྲགས་ནས་ཡོད།   

        གླིང་ཚ་ཚེ་བརྟེན་རྡོ་རྗེ་ཡི་ཆུང་མ་ཕྱི་གླིང་བ་ཞིག་རེད། ལོ་གསུམ་ཅན་གྱི་བུ་མོ་དང་ལོ་གཅིག་དང་ཕྱེད་ལ་སོན་མ་ཐག་པའི་བུ་ལོ་གཉིས་ཀྱང་ཕྱེད་བོད་པ་ཙམ་རེད། མ་མཐར་ཡང་ཨ་ཕའི་དམ་བཅའ་དེས་བོད་མི་ཕྱེད་ཀ་དེ་བོད་མི་ཧྲིལ་བོ་ཞིག་དང་། བོད་མི་ལ་ཞེན་ཅན་ཞིག བོད་དོན་འཐབ་རྩོད་བྱེད་མཁན་གྱི་མི་རབས་ཤིག་བཟོས་ཡོད། གླིང་ཚའི་ཕྲུ་གུ་གཉིས་ཀ་ལྟ་བུའི་ཕྱེད་བོད་ཕྲུག་ནུབ་ཕྱོགས་ཁག་ཏུ་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་ཡོད། འོན་ཀྱང་གླིང་ཚ་ལྟ་བུའི་ཨ་ཕ་འཐབ་རྩོད་སློབ་སྟོན་པ་ཞིག་ཧ་ཅང་དཀོན་པ་དང་། གཅིག་བྱས་ན་རྦད་དེ་མེད་པའི་ཚོད་རེད།  

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist