མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་དགེ་འཕེལ་དགོན་པའི་གྲྭ་བ་ཞིག་གསང་བའི་སྒོ་ནས་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་སྦྱིན་པ་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ སྟེ། ཕྱི་ཟླ་ ༢ ཚེས་ ༢༤ སྟེ། ལུགས་རྙིང་ལོ་སར་ཚེས་ ༡༥ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་ཉེན་རྟོག་པས་མི་སེར་དཀྱུས་མའི་ལྭ་བ་གོན་ཏེ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་རི་སྔོན་སྡེ་བའི་ནང་ཡོང་སྟེ། རང་ལོ་ ༢༧ ཡིན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་ཚུལ་བཤད་དེ་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཉིན་དེར་ཉེན་རྟོག་པ་ཚོས་ཁོང་གི་གློག་ཀླད་སོགས་ཅ་དངོས་ཁག་ཅིག་དང་། དཔེ་དེབ་ཡོངས་རྫོགས་རླངས་འཁོར་ནང་བླུགས་ཏེ་འཁྱེར་ཡོད་འདུག  

ཉེ་ལམ་ཁོང་གི་ནང་མི་ཚོས་རྒན་རྒྱ་ཞང་དང་བསང་ཆུ་རྫོང་། ཀན་ལྷོ་ཁུལ་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་རིམ་པར་སྐད་ཆ་དྲིས་ཡོད་ཀྱང་། ཉེན་རྟོག་ཚན་པས་འབྲེལ་ཡོད་ནང་མིར་བརྡ་ལན་ཅི་ཡང་སྤྲད་མེད་སྟབས། ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ནི། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་རི་སྔོན་དགེ་འཕེལ་དགོན་པའི་གྲྭ་བ་ཡིན་འདུག་ལ། ཆུང་དུས་རང་དགོན་དང་ཕྱིས་སུ་རྔ་པ་སྒོ་མང་གྲྭ་ཚང་དུ་ལོ་ཤས་རིང་སློབ་གཉེར་གནང་ཡོད་འདུག  ༢༠༠༧ ལོ་དང་ ༢༠༠༨  ལོ་ཡས་མས་སུ་ལྷ་ས་འབྲས་སྤུངས་དགོན་པར་སློབ་གཉེར་བྱས་ཡོད་ཀྱང་། ༢༠༠༨ ལོར་རྒྱ་གཞུང་གིས་ཁམས་དང་ཨ་མདོའི་གྲྭ་བ་ཚོ་ལྷ་ས་ནས་ཕྱིར་འཕུད་བཏང་བ་ལྟར་ཁྱིམ་དུ་ལོག་དགོས་བྱུང་ཡོད་པ་དང་། དེའི་རྗེས་སླར་ཡང་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་ཞུགས་ཏེ་སློབ་གཉེར་གནང་མཐར་ད་ལོའི་ཕྱི་ཟླ་ ༧  པའི་ནང་སློབ་མཐར་ཕྱིན་གྲབས་ཡོད་པ་དང་། ཁོང་ནི། བོད་ནང་གི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་རྩོམ་ཡིག་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་པ་མ་ཟད།  ༼ ཐ་སྙད་དང་གདངས༽ ཞེས་པའི་དེབ་ཅིག་ཀྱང་བརྩམས་ཡོད་འདུག  

རྒན་གྱའི་རི་སྔོན་སྡེ་བ་ཟེར་བ་དེ་ནི། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་བླ་བྲང་བསང་ཆུ་རྫོག་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ཀྱི་གྲོང་པ་དེ་ཡིན་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist