ཁ་སང་བལ་ཡུལ་རྒྱལ་སའི་ཉེན་རྟོག་པས། བོད་རིཊ་རྨོ་མོ་གཉིས་ཚུད་པའི་བོད་མི་ ༤ རྒྱལ་གཅེས་པ་གྲྭ་སྒྲུབ་ཚེ་ལཊ་སྐུ་གཤེཊ་སའི་སྨན་ཁང་ཉེ་འདབས་སུ་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་འདུག
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འབྱོར་གསལ་ལ། ཁ་སང་ཕྱི་ཚེས་ ༢༨ ཉིན་བལ་རྒྱལ་ས་ཀཱ་ཐཱ་མན་གྲུ་ས་གནས་ཉེན་རྟོག་པས། བལ་ཡུལ་གནས་སྡོད་བོད་རིགས་རྨོ་མོ་གཉིས་ཚུད་པའི་ཁྱོན་བོད་མི་ ༤ ཉེ་ཆར་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལཊ་རང་ལུས་མེར་བསྲེཊ་ཀྱིས་སྐུ་གཤེཊ་སའི་སྨན་ཁང་དེའི་ཉེ་འདབས་སུ་གློ་བུར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་པའི་བོད་མི་དེ་དག་ནི། རང་ལོ་ ༦༥ ཡིན་པའི་ཚེ་རིང་ལགས་དང་རང་ལོ་ ༦༠ ཡིན་པའི་བསྟན་འཛིན་དབྱངས་ཅན། རང་ལོ་ ༣༥ ཡིན་པའི་བསོད་ནམས་དོན་གྲུབ། དེ་བཞིན་རང་ལོ་ ༣༥ ཡིན་པའི་འཇིགས་མེད་ལཊ་བཅས་ཡིན་འདུག ད་ཆར་ཁོང་རྣམས་རྒྱལ་ས་ཀཱ་ཐཱ་མན་གྲུ་ཁུལ་གྱི་བཙོན་ཁང་ཆེ་ཤོས་གཉིས་པ་ཧཱ་ནོ་མེན་ཌོ་ཁཱ་ (Hanumandhoka) ནང་བཙོན་འཇུག་བྱས་ཡོད་འདུག
དེའི་ཐད་བལ་ཡུལ་རྒྱལ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་ན། བལ་ཡུལ་ཉེན་རྟོག་པས་བོད་མི་དེ་དག་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་བཤད་བྱས་མི་འདུག་ལ། ད་ལོའི་གསུམ་བཅུའི་དུས་དྲན་སྔོན་ལ་ཁོང་རྣམས་ཀློད་གྲོལ་གཏོང་འཆར་མི་འདུག
གསར་འགོད་པ། དཔལ་ལྡན།
བལ་པོ་གཞུང་གི་བྱེད་ཕྱོགས་ནི་དངོས་གནས་ཧ་ལས་དགོས་པ་ཞིག་རེད། རྒྱ་གཞུང་གི་དཔོན་པོ་རེ་ཡོང་རྒྱུ་ཡིན་ཚེ་སྔོན་དུ་བོད་མི་ཁ་ཤས་ཉེས་མེད་བཙོན་འཇུག་བྱེད་ཅིང་། བོད་མི་དེ་དག་གི་འདྲ་པར་རྣམས་རྒྱ་དཔོན་ལ་སྤྲད་ཚེ་ཁོ་ཚོ་ལ་རོགས་སྐྱོར་ཐོབ་ཀྱི་ཡོད། དེ་ནི་བོད་མི་རྣམས་བལ་གཞུང་གི་ཚོང་རྫས་དང་སྣང་མེད་ཐོང་ཆུང་བྱེད་ཀྱི་ཡོད།