མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊེ་སྦེ་ན་མཁན་མང་ཆེ་བ་གཞོན་སྐྱེས་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཊེ་སྦེ་གྲངས་ཐོ་ཕྱོགས་བསྡུས་དང་སྨན་བཅོས་སོགས་ཀྱི་ཐད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་སྤྱི་འཐབ་ཡང་སྟེང་ཚོགས་ཁང་དུ་ ༼ཊེ་སྦེ་གྲངས་ཐོ་ཕྱོགབས་བསྡུའི་སྦྱོང་བརྡར༽ ཞེས་པའི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་ལ།   དེར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། འཕྲོད་བསྟན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དྲུང་འཕར་ཚེ་རྒྱལ་ལགས། འཕྲོད་བསྟེན་ལས་ཁུངས་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་བཅས་དང་།  དེ་བཞིན། ཕྱོགས་མཐའི་ས་གནས་ཁག་ ༡༥ ནས་ཕེབས་པའི་སྨན་པ་བཅས་འདུ་འཛོམས་བྱུང་འདུག

སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་མིག་དམར་བཀྲ་ཤིས་ལགས་ཀྱི་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་ཊེ་སྦེ་གྲངས་ཐོ་ཕྱོགས་བསྡུའི་སྦྱོང་བརྡར་ཐོག མོན་གྷོ་དང་ཀོ་ལི་གྷལ། སྦེལ་ཀོལ། ཧོན་སུར། མན་སྤར། བདེ་སྐྱིད་གླིང་། མེའོ། སོ་ཎ་ཌ། ར་ཝང་ལ། ལྡི་ལི། སྦིར། ལ་དྭགས། ངྷ་ས། སྦན་ད་རཱ། ཏེ་ཛོ་བཅས་ས་གནས་ཁག་ ༡༥ ལྷག་གི་ཊེ་སྦེ་སྨན་པ་ ༡༧ ལྷག་བཅས་ཚོགས་ཞུགས་གནང་འདུག ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ།  ༢༠༡༢ལོའི་ཕྱི་ཟླ་ ༤ པ་ནས་བཟུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས། ལྷོ་ཕྱོགས་ས་གནས་ཁག་གི་སྨན་ཁང་ ༤ དང་། བདེ་སྐྱིད་གླིང་དང་མན་སྦར། བདེ་ལེགས་སྨན་ཁང་བཅས་ཁྱོན་སྨན་ཁག་ ༧  ནང་གྲངས་ཐོ་བསྡུ་བའི་ལས་གཞི་མགོ་འཛུགས་བྱས་ཡོད་ཀྱང་། ངེས་གཏན་གྱི་གྲངས་འབོར་ཞིག་ཡོང་ཐུབ་ཀྱི་མེད་སྟབས། མ་འོངས་པར་སྨན་ཁང་ཁག་ཏུ་ཡོང་བའི་ནད་པ་གཅིག་པུ་མིན་པར། གཞིས་ཆགས་ཁག་གི་ཁྱབ་ཁོངས་སུ་ན་ཚ་དེའི་རིགས་ཡོད་མཁན་དང་དྲག་སྐྱེད་བྱུང་མཁན་གྱི་རིཊ། ནད་གཞི་གསར་བའི་རིཊ་གང་དང་གང་ཡོང་གི་ཡོད་མེད། ལོ་ཚོད་དང་ཕོ་མོ་བཅས་ཀྱི་གྲངས་ཀ་ཚད་ལྡན་ཞིག་བཟོས་ཏེ།  བོད་པའི་སྤྱི་ཚོགས་ཀྱི་ཊེ་སྦེ་ལས་གཞི་ཐོག་སྔར་ལས་ལྷག་པའི་ལས་འཆར་གསད་གཏོད་དང་དཀའ་ངལ་སེལ་ཐབས་བཅས་ལ་དམིགས་ཏེ་གོ་སྒྲིག་གནང་བ་ཡིན་འདུག

ཟབ་སྦྱོང་ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་དེར་ཡོད་ཚོགས་ཞུགས་སྨན་པ་རྣམས་ལ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་༡༩༨༡ ལོ་ནས་བཟུང་། བཙན་བྱོལ་བོད་མིའིོ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་ཁག་ལ་འབད་པ་བྱེད་བཞིན་པའི་ཁྲོད། ཊེ་སྦེ་གྲངས་ཐོ་ཕྱོགས་བསྡུས་ཀྱི་ལས་གཞི་དེ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་སྐོར་གསུངས་ཏེ། ལས་གཞི་འདི་བརྒྱུད་མ་འོངས་ཊེ་སྦི་ནད་གཞི་སྔོན་འགོག་ཐད་ཁོང་གིས། “ སྤྱིར་བཏང་ཊེ་སྦེ་ན་ཚ་དེ་སྔོན་འགོག་དང་བཅོས་ཐབས་ཡོད་པའི་ན་ཚ་ཞིག་ཆགས་བསྡད་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ནང་ན་ཚ་འདི་དཀའ་ངལ་ཆེ་ཤོས་ཤིག་དང་མང་ཤོས་ཤིག་ཆགས་བསྡད་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ཀྱིས་འབད་པ་བྱས་ཏེ། མ་འོངས་པར་ན་ཚ་འདིའི་མིང་གླེང་དུས་བོད་པ་དང་འབྲེལ་བ་མེད་པ་ཞིག་བཟོ་རྒྱུའི་འབད་པ་བྱེད་ཀྱི་ཡོད། ད་ལྟའི་ཆར་ན་ཚ་གསར་བ་མང་པོ་ཞིག་ཡོང་བསྡད་ཀྱིན་འདུག་ལ། ན་ཚ་འདིའི་རིགས་ཡོད་མཁན་མང་ཆེ་བ་གཞོན་སྐྱེས་ཆགས་ཡོད་པའི་དབང་གིས། སྔོན་འགོག་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། ད་ཆར་རྒྱ་གར་གྱི་ཡན་ལག་སྨན་ཁང་༥༥ དང་། བལ་ཡུལ་ནང་ ༡༢ ནང་ཊེ་སྦེ་སྨན་པ་ ༥ མ་གཏོགས་མེད་ཀྱང་། ད་ལྟའི་བར་རྒྱ་གར་གཞུང་གི་ངོས་ནས་མཐུན་འགྱུར་རོགས་རམ་གནང་བཞིན་པ་ལྟར།  མ་འོངས་པར་ཊེ་སྦེ་གྲངས་ཐོ་ཞིབ་བཤེར་དང་མཉམ་དུ་བརྟག་དཔྱད་དང་སྨན་བཅོས་ཐོག་འབད་པ་བྱ་རྒྱུ་ཡིན། ”ཞེས་གསུངས་བྱུང་།

ཐེངས་འདིའི་ཉིན་གཉིས་རིང་གི་༼ཊེ་སྦེ་གྲངས་ཐོ་ཕྱོགས་བསྡུའི་སྦྱོང་བརྡར༽ཟབ་སྦྱོང་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཆེས་ལས་སྨན་པ་ཊོག་ཊར་བློ་བཟང་ཚེ་རིང་ལགས་དང་། བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་ཞབས་པ་ཚེ་རིང་དཔལ་སྒྲོན། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་འགན་འཛིན་འཕྲིན་ལས་དཔལ་མོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་ལགས་བཅས་ཀྱིས་གྲངས་ཐོ་ཕྱོགས་བསྡུའི་སྐོར་དང་། ཊེ་སྦེ་ནད་གཞིའི་སྨན་བཅོས་བྱེད་སྟངས་སོགས་ཀྱི་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༢༠ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 1

  1. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    ངས་ཁྱེད་རྣམ་པ་ཚོ་ལ་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese