མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དཀོན་མཆོག་བཟོད་པའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རི་དགོན་པའི་གྲྭ་དཀོན་མཆོག་བཟོད་པ་ལགས་སྔ་ལོར་རྒྱ་གཞུང་གིས་འཛིན་བཟུང་གིས་ད་ལྟ་འབྲི་རུ་རྫོང་ས་གནས་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་ཡོད་འདུག

དར་ལྕེ་ཟད་པོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རི་དགོན་གྱི་གྲྭ་དཀོན་མཆོག་བཟོད་པ་འམ་སྐྱ་མིང་བཀྲ་ཤིས་ཉི་མ་འབོད་པ་ཁོང་ནི། འབྲི་རུ་རྫོང་བོམ་ཕན་ཤང་ནགས་དག་གྲོང་ཚོ་ནས་ཡིན་ཞིང་། ༢༠༡༢ ལོའི་ཟླ་ ༡༡ ནང་དུ་འབྲི་རུ་རྫོང་རྩ་ལ་ཤང་ཁོངས་མི་ཚང་ཞིག་ཏུ་འདས་མཆོད་སྒྲུབ་སྐབས་སུ། གློ་བུར་དུ་ཉེན་རྟོག་པའི་རླངས་འཁོར་གཉིས་སྒོ་ཁར་བསླེབས་ཏེ་དཀོན་མཆོག་བཟོད་པ་ཟེར་བ་དེ་སྒོར་ཐོན་ཤོག་ཅེས་བོས་འདུག དཀོན་མཆོག་བཟོད་པར་ནག་ཉེས་གང་ཡང་མེད་སྟབས། བློ་སྤོབས་ངང་སྒོར་ཐོན་མ་ཐག་ཉེན་རྟོག་པའི་རླངས་འཁོར་ནང་བརྫངས་ཏེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

དེ་ནས་ཁོང་འབྲི་རྫོང་བཙོན་ཁང་དུ་ཁྲིད་དེ་འདྲི་རྩད་སྣ་ཚོགས་བྱས་ཤིང་། ཉིན་གསུམ་ནང་ཟ་མ་ཐེངས་གཅིག་རེ་ལས་མེད་པ་དང་། མཚམས་རེར་ལུས་ལ་དུག་ཆུ་གཏོར་ནས་ཚོར་བ་མེད་པ་བཟོས་ཏེ་འདྲི་རྩད་བྱས་ཏེ་མནར་གཅོད་སྣ་ཚོགས་བཏང་ཡོད་པ་མ་ཟད། ཟླ་གཅིག་ཙམ་རིང་མུན་བཙོན་དུ་བཅུག་སྟེ་སེམས་རྣལ་དུ་མི་གནས་པ་ཆགས་ཡོད་འདུག

ད་ལོའི་ཟླ་ ༡ པོའི་ནང་ཁྱིམ་མི་ལ་ཁ་པར་གཏོང་བཅུག་སྟེ། བཙན་པོ་དབང་འོག་ཁོང་བཙོན་ཁང་དུ་སྐྱིད་པོ་ཡོད་སྐོར་དང་། སློབ་སྦྱོང་ཡང་བྱེད་ཐུབ་ཀྱི་ཡོད་སྐོར། ཟ་མ་དང་ཉལ་ས་སོགས་ཀྱང་ཡག་པོ་ཡོད་རབས་བཤད་བཅུག་ཡོད་འདུག

ཁོང་སྡོད་སའི་བཙོན་ཁང་དེར་ནག་ཉེས་གང་ཡིན་གསལ་ཁ་མེད་པའི་བཙོན་པ་གཞན་བརྒྱ་སྐོར་ཞིག་ཡོད་འདུག་ལ། བཙོན་ཁང་ནང་བོད་མི་ཕན་ཚུན་སྐད་ཆ་བཤད་པ་མཐོང་ཚེ་གསང་གཏམ་བཤད་ཀྱི་འདུག་ཟེར་ནས་གང་བྱུང་གཅར་རྡུང་གཏོང་གི་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist