དེ་རིང་གཞུང་འབྲེལ་མིན་པའི་ཚོཊ་པ་ལྔས་གསལ་བསྒྲཊ་ཤིག་སྤེལ་ཏེ་ད་ལོའི་གསུམ་བཅུའི་དུས་དྲན་ཚོཊ་པ་ལྔས་སྣེ་འཁྲིད་རྒྱུ་དང་། ལས་འགུལ་ཁྲོད་མི་སུ་རུང་གིས་རྒྱ་དར་འཕྱར་ཏེ་རྩོད་རྙོག་རིཊ་བྱུང་ན་ཁོང་ཚོས་འགན་མི་འཁུར་ཟེར།
དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་ངྷ་ས་དབུས་བོད་ཀྱི་གཞོན་ནུ་ཚོགས་ཁང་དུ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ལྔ་སྟེ། དབུས་གཞོན་ནུ་དང་བུད་མེད། དགུ་བཅུ་གསུམ་ལས་འགུལ་ཚོཊ་པ། རང་བཙན་སློབ་ཕྲུག་ཚོཊ་པ། རྒྱལ་ཡོངས་མང་གཙོ་ཚོཊ་པ་བཅས་ཐུན་མོང་ཐོག་གསལ་བསྒྲཊ་ཤིག་སྤེལ་ཏེ། ད་ལོའི་བཞུཊ་སྒར་ངྷ་རམ་ས་ལའི་གསུམ་བཅུའི་དུས་དྲན་ལས་འགུལ་གཞུང་འབྲེལ་མིན་པའི་ཚོཊ་པ་ལྔས་སྣེ་འཁྲིད་རྒྱུ་དང་། ཉིན་དེར་བོད་མི་སུ་རུང་གིས་རྒྱ་ནག་རྒྱལ་དར་འཕྱར་བར་ངོས་ལེན་རྩ་བ་ནས་མེད་པར་མ་ཟད། རྒྱ་དར་འཕྱར་བའི་རྐྱེན་བྱས་ཏེ་རྩོད་རྙོག་རིཊ་བྱུང་ན་གོ་སྒྲིག་པས་འགན་གང་ཡང་འཁུར་རྒྱུ་མིན་ཚུལ་བརྗོད་སོང་།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གསལ་བསྒྲཊ་ནང་འཁོད་དོན་ལྟར་ན། ད་ལོའི་གསུམ་བཅུའི་དུས་དྲན་ནི་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་གི་ནང་སྲུང་གཙི་བྱ་འཆར་ཡོད་ཅིང་། གསུམ་བཅུའི་དུས་དྲན་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཁྲི་ཚོ་མང་པོས་རྒྱ་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་གལ་ཆེན་ཞིག་དང་། ལྷག་པར་དུ་ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་དེ་ནི། ༸གོང་ས་མཆོག་གིས་བོད་རང་བཙན་བསྐྱར་ནན་བསྒྲཊ་གཏམ་སྤེལ་ཏེ་མི་ལོ་ ༡༠༠ འཁོར་བ་དང་། བོད་མིས་རང་ལུས་མེར་བསྲེགས་བཏང་སྟེ་གྲངས་ ༡༠༧ ཟིན་པ། རྒྱ་ནག་གི་ཚོགས་ཆེན་གཉིས་ཚོཊ་ཏེ་དཔོན་རིགས་བརྗེ་སྒྱུར་གྱི་སྐབས་དང་ཁེལ་ཡོད་སྐོར་འཁོད་འདུག
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ལྔའི་གསལ་བསྒྲཊ་ནང་འཁོད་དོན། “གསུམ་བཅུའི་དུས་དྲན་ཉིན་བོད་མི་སྤྱི་སྒེར་སུ་རུང་གིས་རྒྱ་དམར་གཞུང་གི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་ལས་འགུལ་ནང་འཛུལ་ཞུགས་བྱེད་པ་དང་། རྒྱ་དམར་གྱི་རྒྱལ་དར་འཕྱར་བའི་རྐྱེན་གྱིས་སྤྱི་ཚོཊ་ནང་གླེང་རྙོག་རིཊ་བྱུང་ན་གོ་སྒྲིག་པའི་ངོས་ནས་འགན་གང་ཡང་འཁུར་ཐུབ་ཀྱི་མེད། བོད་ནང་རང་སྲོག་འབེན་ལ་བཙུཊ་ཏེ་རྒྱ་དར་མར་ཕབ་བཞིན་པའི་སྐབས། བཙན་བྱོལ་ནང་བོད་མི་སུ་འདྲ་ཞིག་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ཏེ། བོད་དོན་བསྒྲུབ་རྒྱུའི་སྐད་ཆ་དང་དེའི་བྱ་སྤྱོད་རིཊ་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན ” ཞེས་འཁོད་འདུག
གསལ་བསྒྲགས་དེའི་མཇུག་ཏུ། འཛམ་གླིང་གང་སར་གནས་སྡོད་བོད་མི་རྣམས་གསུམ་བཅུའི་དུས་དྲན་ནང་མཉམ་ཞུཊ་བྱ་རྒྱུ་ནི་བོད་མིའི་སྟོབས་ཤུགས་ཀྱི་རྨང་གཞི་དང་འཐབ་རྩོད་གསོན་གནས་ཀྱི་དགོས་མཁོ་ཡིན་སྟབས། ཉིན་དེའི་ལས་འགུལ་ནང་བོད་མི་ཚོས་ཅི་ཐུབ་ཀྱིས་ལས་འགུལ་ཆ་ཤས་ལེན་དགོས་རྒྱུ་དང་། ལྷག་པར་དུ་ད་ལོར་ངྷ་སའི་གསུམ་བཅུའི་དུས་དྲན་ནང་བོད་མི་ཚོས་ལས་འགུལ་ཚགས་ཚུད་ཡོང་ཆེད་རབ་བྱུང་ན་སྒེར་གྱི་སྦག་སྦག་དང་རླངས་འཁོར་སོཊ་མི་གཏོང་བའི་འབོད་སྐུལ་ཡང་ཞུས་འདུག
བཞུགས་སྒར་ངྷ་རམ་ས་ལར་གསུམ་བཅུའི་དུས་དྲན་ཉིན་གྱི་གཞུང་འབྲེལ་མཛད་སྒོ་ཁག་ལེགས་པར་འགྲུབ་རྗེས། ཚོཊ་པ་ཁག་ལྔའི་སྣེ་ཁྲིད་འོག་སེར་སྐྱ་མང་ཚོགས་ཀྱིས་མགོ་ལ་རས་ནག་པོས་བཏུམ་སྟེ། འབོད་ཚིག་གཅིག་གྱུར་ཐོག་གཙུག་ལག་ཁང་ནས་ཀཱ་ཅཱ་རིར་ས་གནས་ཁྲིམས་ཁང་བར་གོམ་བགྲོད་གནང་རྒྱུ་དང་། དེའི་རྗེས་ས་གནས་རྒྱ་གར་འབྲེལ་ཡོད་དཔོན་རིཊ་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་མགོ་ཁྲིད་ཚོས་གཏམ་བཤད། མཇུག་ཏུ་མང་ཚོགས་ཁྲོད་མཚན་རྟཊ་བསྡུ་རུབ་དང་གཏམ་བརྗོད་འཁྲབ་སྟོན་བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
དོན་དངོས་ཀྱིས་ཁྲིམས་གཏུག་བྱེད་ས་དེ་འོད་ཟེར་སྟོང་ལྡན་ཟེར་བ་འདི་རེད་འདུག། ཁོས་བུད་མེད་ལྷན་ཚོགས་ལ་བཤང་བཙོང་ལྷན་ཁང་ཞེས་སྨད་ཚོང་མ་རེད་ལབ་འདུག། བྱས་ཙང་སྔ་མོ་ཨ་རིའི་ནང་གྱོན་ཆས་ཁྲབ་བསྟོན་པ་བུད་མེད་ཞིག་ལ་མི་ཞིག་གིས་སྨད་ཚོང་མ་ཞེས་བརྙས་ཚིག་བོར་བ་ལ་བརྟེན་ནས་བུད་མེད་དེས་མི་དེ་ཁྲིམས་ལ་གཏུག་ནས་ཨ་སྒོར་ས་ཡ་མང་པོ་བླངས་ཡོད་པ་རྒྱལ་སྤྱིའི་གསར་གནས་ག་ས་ག་ལ་ཐོན་སོང་། ད་རེས་བུད་མེད་ཚོགས་པས་དུས་བབས་ལ་བརྩད་གཅོད་ཀྱིས་འོད་ཟེར་སྟོང་ལྡན་ཟེར་བའི་གང་ཟག་སུ་ཡིན་མིན་བརྩད་གཅོད་ཀྱིས་ཁྲིམས་གཏུག་བྱེད་དགོས་ངེས་རེད། ད་དུང་ཁོས་གང་ཟག་སྒེར་པ་མང་པོ་ཞིག་གི་མི་གཞི་དང་འཚོ་བ་ལ་སྨ་འབེབས་མང་པོ་བཏང་འདུག་པ་དེ་ཁྲིམས་འགལ་རེད།
དོན་དག་འདི་འདྲའི་སྐབས། ཁྱེད་ཀྱི་སྐད་ཆ་དེ་འུར་གཏམ་ཡིན་མི་ཉན། ཚིག་རྩུབ་ཡིན་མི་ཉན། ཕྲ་མའི་ཚིག་ཡིན་མི་ཉན། གལ་ཏེ་སུ་ཞིག་གི་སྐད་ཆ་དེ་ལྟར་ཡིན་ན། མི་དེ་ནི་ནག་ཉེས་ཅན་ཡིན། དེ་ལ་སུས་ཀྱང་ཁ་བརྡ་བྱེད་མི་ཉན། དེས་ན་ཁྱེད་ཀྱི་ཁོར་ཡུག་ལ་དེ་འདྲ་ཡོད་ཚེ། གལ་ཆེ་ཤོས་རང་དབང་སྤྲད་ནས་རང་གར་འཇོག་ཐུབ་དགོས། བོད་ཀྱི་ནུས་པ་གཅིག་སྤུངས་ལ་གང་གིས་ཀྱང་གནོད་མི་ཐུབ། བོད་པ་ཚོ། དེ་རིང་གི་གཅིག་སྒྲིལ་དྲན་རོགས། སང་ཉིན་གྱི་བདེ་སྐྱིད་དྲན་རོགས། ཁ་སང་གི་སྐྱོ་བ་དྲན་རོགས།
ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས་སྤེལ་ཚུལ་གྱི་མདོ་བཞུགས་སོ།།
ཅི་སྐད་དུ་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་ལོན་པ་ན། འཕགས་པའི་ཡུལ་གྱི་བྱང་ཤར་རྡ་རམ་ས་ལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་དང་དབུས་བོད་མིའི་སྒྲིག་འཛུགས་ནས་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཉིན་མོ་ལྟར་བྱས་པ་དང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་བཀའ་ཡི་འཁོར་བསྒྱུར་མཁས་དབང་ཕྱོགས་དང་ཕྱོགས་སུ་གྲགས་པ་དག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷགས་པའི་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་འཚོ་གནས་འཆའ་ཐབས་ཀྱི་མདུན་ལམ་མེད་པར་མ་འོངས་མངོན་གཟིགས་དང་གནས་ལུགས་ཞིབ་ཚགས་འདོམས་པ་ལ། བཙན་བྱོལ་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུས་ཤེས་ནས་དགའ་བཞིན་སྤྲོ་བཞིན་མོས་གུས་ཆེན་པོས་མང་གཙོའི་ཕྱག་རིང་གནམ་དུ་བརྐྱངས་ནས་རྒྱབ་སྐྱོར་བྱས། འཇག་རྟེན་ལྷ་མི་ཡོངས་ཀྱིས་ནུས་ཤུགས་སྒྲིལ་སྟེ་རང་སྐྱོང་འཐབ་རྩོད་བཞིན་པའི་སྐབས་དེ་ཤེད་ཅིག་ཏུ།
གནའ་ནས་བཟུང་དབྱིན་ཇི་བའི་རང་བཙན་ཕྱོགས་ཁག་དང་ངན་འབྲེལ་བྱས་ཏེ་ཁོང་ཚོའི་ལག་གཡོག་ཏུ་གྱུར་བ། ལྟོ་གོས་གཏམ་གསུམ་ལ་སྒྲོ་ལོར་གྱིས་ཁེ་ཕན་ཆར་ལྟར་འབབ་བཞིན་པའི་འཇམ་དབྱངས་ནོར་བུ་ཞེས། བོད་ཡིག་མི་ཤེས་ཤིང། སྐྱེད་དམན་མགོ་སེར་ཡིན་པ་དེའི་ལོག་པའི་སྨོན་ལམ་གྱི་འོག་ཏུ། ལྟོས་ངན་ཐམས་ཅད་ཀྱི་རང་གཟུགས་དམར་རྗེན་ཐོན་པ་ལྷ་བཟང་ཚེ་རིང་དང། གར་འགྲོ་འདིར་འགྲོ་བདག་མེད་དུ་ལྷགས་པའི་ཀླུ་མཁར་བྱམས། མགོ་བདེ་ཕོ་དྲི་རྩ་ནས་ཡལ་བའི་སྤྲང་མདོག་ལྷན་པ་ཅན་བསྟན་འཛིན་བརྩོན་འགྲུས། སྒེར་གཅོད་རང་མཐོང་པ། གནས་ལུགས་སོར་གང་འགྲོ་ས་མེད་པ་ཐད་ཀར་བཤད་ན་གླེན་པ་གླེན་ནག་གི་ཀླད་པ་དང་མི་གཤིས་ཅན་དོན་གྲུབ་ལྷ་དར་བཅས་ཤོར་ཏེ། ༧གོང་ས་ཆེན་པོར་ཟུར་ཟའི་མཚོན་ཆ་འདེབས་ཤིང། ཀླད་སྟོང་ལག་སྟོང། ཐ་ན་བོད་ཡིག་གི་བརྡ་སྤྲོད་ཙམ་ལའང་མགོ་འཁྱོང་མིན་མི་ཤེས་ཀྱང་རྒྱ་ནག་གི་ཕྱི་ནང་གསང་གསུམ་ཤེས་མདོག་གིས་འུར་བརྒྱབས་ཏེ། བོད་རང་བཙན་མེད་ན་གནམ་འོག་འདིར་མི་འདུག་ཅེས་མིག་ཆུ་ཤམ་ཤམ་གྱིས་སྐད་གང་ཆེར་བསྒྲགས་པ་ན། དབང་རྟུལ་སྒོར་མོའི་རྗེས་འབྲངས་རྐུབ་སྟེགས་སྲུང་མཁན་ལས་རོགས་ཚོས་དེ་དེ་བཞིན་ནོ་ཞེས་ཁོང་ཚོའི་ཁ་རྒྱུགས་ཅི་ཐུབ་བྱས། དེའི་མཐུ་ལ་བརྟེན་ནས་ཚོགས་པ་ལྔ་མཉམ་དུ་བསྡུས་ནས་གསལ་བསྒྲགས་ཆེན་པོ་སྤེལ། ཡིན་ནའང་བྱ་བ་ལམ་དུ་མ་སོང་བས། མི་མང་ནང་ཚོགས་པ་ལྔ་ནི་ལྟོ་གཉེར་རྐུན་མ་ལྟ་བུའི་ཚོགས་པ་ཞིག་རེད་དོ། ཁྱེད་ཚོ་ལ་དེ་ལྟར་ཧམ་བཤད་བྱ་རྒྱུའི་དབང་ཚད་གང་ན་ཡོད། ཁྲིམས་ཁང་ནང་གཏུག་ནས་རྩིས་ཕྲར་ཞིབ་འཇུག་གིས་བཙོན་དུ་འཇུག་རྒྱུ་ཡིན་ཞེས་མི་དམངས་ཀྱིས་ངོ་རྒོལ་འབྲུག་ལྟར་བསྒྲགས། ཁྲིམས་སར་རེ་རེའི་ལག་པ་རྒྱབ་ཏུ་བཀྱུགས། རྐང་པ་ལྕགས་སྒྲོག་གིས་བསྡམས་ནས་ཁྲིམས་དཔོན་ཆེན་པོས་བཙུར་འདེད་བྱས་པ་ན། སྐབས་དེའི་ཨ་ཅག་ལྷ་མོ་ཆོས་སྒྲོན་གྱིས་གསལ་བསྒྲགས་ཀྱི་མདོ་འདི་འགྱོད་བཤགས་དང་བཅས་ཁྲིམས་དཔོན་འཁོར་དང་བཅས་པར་སྦ་གསང་གང་ཡང་མེད་ཞུས།
དེ་ཡང་འདི་ལྟར་ཞུས་ཡོད། ༄༅།། འདི་སྐད་བདག་གིས་ཤེས་པའི་དོན་རྣམས་ཁྲིམས་དཔོན་ཆེན་པོར་གསོལ་བ་ལ། རྒྱ་ནག་ཕར་ཞོག དབུ་མའི་ལམ་དང་དེའི་ལས་འགུལ་བ་ཚོར་རྟག་ཏུ་ཁ་གཏད་གཅོག་པའི་འཇམ་ནོར་གྱི་ཐུགས་སྲས་དོན་གྲུབ་ལྷ་དར་དང་ཀླུ་མཁར་བྱམས་ཀྱིས་མྱུར་ཏུ་འདུས་ཤིག་ཅེས་བཀའ་ཐོན་པ་དང། དེར་ཚང་བར་འདུས་པ་ན་གླིང་ཚ་རྡུང་བྱེད་ཀྱི་གསལ་བསྒྲགས་ཟིན་བྲིས་ཤིག་གནང་བྱུང། ཟིན་བྲིས་དེར་མགོ་ནས་མཇུག་བར་བཀླགས་རྗེས་རང་བཙན་སློབ་ཕྲུག་ཚོགས་པས་དགག་པ་རྒྱབ། སུས་སྐད་བཏང་ན་འགྲོ་ཆོག་ཆོག་གི་བཤང་བཙོང་ལྷན་ཁང་བུད་མེད་ཚོགས་པའི་རྒྱུན་ལས་གསར་པ་ངས་ཀྱང་མི་སྒེར་གྱི་མིང་མ་འདོན་ཞེས་ངུས་ནས་བཤད། སྐབས་དེར་འཇིག་རྟེན་ཆབ་སྲིད་ཀྱི་བདག་པོ་ང་ཡིན་པ་ལྟ་བུར་རློམ་པའི་ཀླུ་མཁར་བྱམས་ཀྱིས་ཨ་ར་ནག་པོ་ལག་པས་བྱིལ་བྱིལ་ཙམ་བྱས་ཏེ། ཁྱེད་ཚོས་རྒྱ་གུང་བྲན་གྱི་ཁ་སང་དེ་རིང་གི་ཚོགས་འདུར་བལྟས་པ་ཡིན་ནམ། དེ་བལྟས་མེད་ན་ང་ཚོ་བལྟས་ཟིན་པ་ཚོའི་ཁ་ལ་ཉན་ན་རྒྱའི་མགོ་བསྐོར་འོག་ཚུད་ཀྱི་མ་རེད། ཞིས་ཆིན་ཕིན་ནི་ཧུའུ་ཅིན་ཐོའི་ཐུགས་སྲས་ངོ་མ་དེ་རེད། ད་རེ་བ་ཞིག་གང་ན་ཡོད་ཞེས་ཕེབས་པ་ན། གླེན་ནག་ཨུ་ཚུགས་ཅན་དོན་གྲུབ་ལྷ་དར་གྱིས་ཀྱང་་་འདང་དགོང་བོད་ནས་མཁས་པ་ཞིག་གིས་ཁ་པར་ཞིག་འབྱོར་ཏེ། ད་གསུམ་དུས་སྐབས་དྲག་པོའི་རྣམ་འགྱུར་ཅུང་ཙམ་མ་བསྟན་ན་ཡོང་གི་མ་རེད་ཟེར་གྱི་འདུག་ཅེས་་་གཅིག་རྗེས་གཉིས་མཐུད་ཀྱིས་རྫུན་གྱི་འཁོར་ལོ་བར་མེད་དུ་བསྐོར་བ་ན།
སློབ་གྲྭ་ཐོན་མ་ཐག་པའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཕོ་གསར་བསྟན་འཛིན་དང། ལྷ་སྒྲོན་དང་བསྟན་རྡོར་གྱི་ཞབས་ལ་མགོ་བོས་གཏུགས་ཏེ་སྒྲོ་ལོར་ཆར་བཞིན་འབབས་ས་རྡོ་རྗེ་ཚེ་བརྟན། ཤི་ལོང་གི་སྒོག་བཙོང་མ་གུས་མོ་ས་གནས་འཐུས་མི་ནས་བཤང་བཙོང་ལྷན་ཁང་གི་དྲུང་ཆེར་བསྐོས་པ་བདག་མིང་ལྷ་མོ་ཆོས་སྒྲོན་ཞེས་བགྱི་བ་གསུམ་ནས་ལགས་གཉིས་ཐལ་མོ་སྦྱར་ཏེ། དུས་མཐའི་སློབ་དཔོན་ཆེན་པོ་སྨྲ་ར་ཅན་ཀླུ་མཁར་བྱམས་ལགས་དང་མིག་གིས་སྣ་རྩེར་ལས་མི་མཐོང་བའི་ཚོགས་གཞོན་དོན་གྲུབ་ལྷ་དར་གཉིས་ཀྱི་གསུངས་པ་མངོན་པར་བསྟོད་དོ། ཡིན་ནའང། མི་སྒེར་གྱི་མིང་མ་འབོད་མ་གཏོགས་མ་འོངས་པ་ང་ཚོ་ལས་མེད་ཆགས་རྒྱུ་ཡིན་པ་ཏན་ཏན་རེད་ཅེས་ཞུས་པ་ན། ཡང་མཁས་མདོག་ཟོལ་བརྫུ་སྨྲ་ར་ཅན་གྱིས་ལག་གཡས་ཀྱི་མཛུབ་མོས་མིག་ཤེལ་གདོང་ལ་ཐེངས་གཅིག་གཏད་དེ། རེད་རེད་རེད། དེ་བསུབ་ཆོག འོན་ཀྱང་བསུབ་དགོས་པའི་རྒྱུ་མཚན་བཟའ་ཚང་དང། དགའ་རོགས། གྲོགས་པོ་ཚོར་རྩ་བ་ནས་བཤད་རྒྱུ་མེད། ཆང་འཐུང་སྐབས་ཀྱང་རྩ་བ་ནས་བཤད་རྒྱུ་མེད། བཤད་པ་ཡིན་ན། ཟམ་གདོང་སོགས་ཀྱིས་རྡ་ས་ནས་འཛུལ་ས་མེད་པ་ཞིག་བཟོ་ཐག་ཆོད་བཟོ་ཡི་རེད་ཅེས་རྟིང་ནོན་གྱི་ཚུལ་དུ་བཀའ་ཕེབས། གླེན་ནངག་དོན་ལྷས་ལག་པ་གནམ་དུ་འཕྱར་ནས་ཐལ་མོ་བརྡབས་པ་ན། ལ་ལ་ནི་ངོ་གནག་བཞིན། ལ་ལ་ནི་མིག་ནས་ཆུ་མ་ཐོན་བཞིན། མཉམ་དུ་ཐལ་མོ་སྦག་སྦག་བརྡབས་པར་གྱུར།
དེའི་ཕྱི་ཉིན་རྡ་སའི་ཉི་མ་ཐང་ལ་བབས་པའི་སྐབས་དེར། གསར་འགོད་པ་རྣམས་བྱ་རྒོད་ཤ་ལ་རོལ་བ་བཞིན་གཞོན་ལྷན་ལས་ཁུངས་སུ་བབས། བཤང་བཙོང་ལྷན་ཁང་གི་ཨ་ཅག་སྒྲོལ་མའི་གདོང་ལུགས་ནས་ཡོད་པ་གསར་འགོད་པ་བློ་བཟང་དབང་རྒྱལ་གྱིས་མཐོང་བས། བློ་བཟང་དབང་རྒྱལ་ཧྲག་དིར་སེ་གད་མོ་བགད། རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོས་རང་གི་མགོ་ཅོག་ཙེ་འོག་ཏུ་མ་ཤོང་བར་མདུན་གྱི་ཀམ་པི་ཌིར་ཚུར་འཐེན་ནས་བཀབ་ནས་བསྡད།
བོད་ཀྱི་དུས་བབ་ཚང་གི་གསར་འགོད་པས། གསུམ་བཅུའི་དུས་དྲན་གཞུང་འབྲེལ་མཛད་སྒོ་རེད། གཞུང་གི་ལངས་ཕྱོགས་དབུ་མའི་ལམ་རེད། ཁྱེད་ཚོགས་པ་ལྔ་རང་བཙན་ཡིན་ལབ་ཀྱི་ཡོད་པ་རེད། སོང་ཙང་དེ་ཉིན་གྱི་མི་མང་ལས་འགུལ་ལ་ཁྱེད་ཚོར་འབྲེལ་བ་ག་རེ་འདུག་ཅེས་བཙུར་པ་ན། རིག་གཞུང་འགན་འཛིན་ཁ་མྱང་མྱང་ཙམ་བྱས་ཏེ་བཤད་རྒྱུ་མ་རྙེད་པར་སྨྲ་ར་ཅན་གྱི་གདོང་ལ་བལྟས། སྨྲ་ར་ཅན་གྱིས་ད་མ་བཤད་དུས་རྐུབ་བརྡོལ་གྱི་ཡོད་པ་ཤེས་ཏེ། སྔར་གྱི་ལམ་སྲོལ་ཙམ་རེད་ཝ། སྔར་གྱི་ལམ་སྲོལ་ཙམ་རེད་ཝ་ཞེས་ཚར་གཉིས་སྨྲས་ཏེ་སྐད་ཆ་མཚམས་ཆད།
ཨེ་ཤ་ཡའི་དབུས་གཙང་གསར་འགོད་པས། ད་ལོར་དམིགས་བསལ་ཡིན་མདོག་འདི་ག་རེ་ཡིན་ཞེས་དྲི་བ་བཏང། ཡང་སྨྲ་ར་ཅན་གྱིས་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ ༡༠༠ འཁོར་བས་ཡིན་ཟེར། དེ་མུར་ཨ་མདོའི་གསར་འགོད་པས། རང་བཙན་གསལ་བསྒྲགས་ཡིན་མིན་རྩོད་པ་འདུག་པས་རྒྱུ་མཚན་གལ་ཆེན་གཅིག་གསུངས་དང་ཞེས་པས། རྡོ་རྗེ་ཚེ་བརྟན་གྱི་མགོ་ཅོག་ཙེ་འོག་ནས་ཡར་བཀྱགས་ཏེ་འཇམ་དབྱངས་ནོར་བུ་དང་སྣར་སྐྱིད་ངག་དབང་དོན་གྲུབ། ལྷ་སྒྲོན་དང་བསྟན་རྡོར་ཁོང་ཚོ་སྐད་ཆ་བྱུང་འདུག་ཅེས་སྨྲས། ཡང་གསར་འགོད་པ་བློ་དབང་གད་མོ་ཧྲག་དིར་སེ་ཤོར།
བོད་ཀྱི་བང་ཆེན་གྱི་གསར་འགོད་པ་ཆོས་ཉིད་ཀྱིས་གདོང་ལ་མིག་ཤེལ་ནག་པོ་ཞིག་བརྒྱབས་ཏེ། ལག་པ་ཡ་གཅིག་མདུན་དུ་བསྲིངས་ནས་་་གཞོན་ལྷན་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་གང་དུ་ཕེབས་ཞེས་དྲིས། རིག་གཞུང་འགན་འཛིན་གྱིས་ཚོགས་གཙོ་དང་དྲུང་ཆེ་ཕྱོགས་བསྐྱོད་ཡིན། ཚོགས་གཞོན་གྱིས་དེ་རིང་ཞོགས་པར་ཁ་པར་སླེབས་ནས་འཆམ་པ་བརྒྱབས་སོང་ཟེར། འཁྲིས་ཀྱི་ཇ་ལྡུགས་མཁན་ཡིག་སྐྱེལ་ཨ་ཅག་དེས་སྐད་ཆ་དེ་གོ་ནས། འཇིགས་མེད་ལགས། ཚོགས་གཞོན་ལས་ཁུངས་སྦུག་ན་བཞུགས་འདུག་ཅེས་ལབ། ཡང་གསར་འགོད་པ་ཚང་མ་གད་མོ་ཧྲག་དིར་སེ་བགད་ནས།། ཚང་མས་ཅི་ཡང་མི་སྨྲ་བར་རང་རང་གི་པར་ཆས་དང་ཤོག་སྨྱུག་ཁུག་མར་བཅུགས་ནས་ཕྱིར་འཁོར།།
ཤུལ་ན་མཆོད་ཁྲིའི་སྒང་གི་འབག་སྐུ་ཚོས་རྔུལ་ནག་ཕྱིས་མ་ཟད་གསུང་འབྱོན་ཏེ་རྗེས་མ་ནས་འདི་འདྲ་མེད་གདའ་ཞེས་རང་རང་སར་ཕེབས་སོང།། ཧཧཧཧཧ ཧཧཧཧཧ
སྐད་ཆ་དེ་དབུ་མ་ཚང་གི་འདྲེན་པ་ཆེན་པོ་ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་ཐོས་པས། ཕྱག་གཉིས་ཁ་སྦུབས་སུ་བསྣོལ་ནས ༄༅།། འགྲོ་བའི་སྡུག་བསྔལ་མ་ལུས་པ།། དེ་ཀུན་རང་རློམ་ཆེ་བས་བྱུང།། དེས་ན་སོར་སྐྱེས་འདི་དག་ལ།། རྣམ་དཔྱོད་ཡང་དག་ཐོབ་གྱུར་ཅིག། ཅེས་སྤྱན་ནམ་མཁར་བགྲད་དེ་སྨོན་ལམ་བཏབས།
དེ་ནས་དྲ་དམངས་ཀྱི་སྡེ་ནས་གསན་པ་ན། དོལ་རྒྱལ་པ་ལ་སྤྲུལ་སྐུ་དབང་ཆེན་དང་བླ་མ་རྫུན་ཧེ་རུ་ཀ་སོགས་ཀྱིས་ཀྱང་ཡར་བཤད་མར་བཤད་མི་རྣམས་ཀྱི་རྣ་བ་ནི་ལག་པ་གཉིས་ཀྱིས་འགེབས་དགོས་པའི་ཚུལ་དུ་སོང་བ་ན།
སྲིད་སྐྱོང་ནས་གསུམ་བཅུའི་དུས་དྲན་ཉིན་གཞུང་གི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་སྤེལ་རྒྱུ་ལ་འགྱུར་བ་མེད་པས་མི་མང་གིས་རང་ཚུགས་མ་ཤོར་བ་གནང་རོགས་ཞེས་གསུངས་བར་མི་མང་གིས་་་་ཆོལ་ཁ་གསུམ་ལ་རང་སྐྱོང་དགོས། རྒྱ་བོད་གཉིས་ཀ་ཁྲི་ལོར་ཤོག་ཅེས་སྐད་འབོད་བརྒྱབས་ཏེ་མཇུག་རྫོགས་པར་ཞེས་གསོལ་བ་ན།།
ཁྲིམས་དཔོན་གད་མོ་ཤོར་ནས་་་་འཛམ་གླིང་ལ་གསར་འགྱུར་གསར་བ་ཞིག་ཆགས་་་་་
ཉིན་གཉིས་པའི་ཞོགས་པ་སྔ་པོ་ཞུ་སྦྱོར་བ་གྲྭ་ལོག་དང་བོད་རང་བཙན་གཙོས་ཞུ་སྦྱོར་གཞན་རྣམས་སྔ་ས་ས་ནས་གྲ་སྒྲིག་ཨང་གསར་ཡོད་མདོག་གིས་རྒྱལ་སྤྱིའི་ཁྲིམས་རའི་སྒོ་འགྲམ་དུ་ཡུན་རིང་བསྒུགས་མཐར་དུས་ཚོད་གང་མཚམས་ཞིག་ནས་སྒོ་བསྲུང་བས་སྒོ་ཕྱེས་མ་ཐག་ཟུར་ཉན་པ་དང་བཅས་ཚང་ཁ་ཤིག་ཤིག་ངང་ཁྲིམས་ཁང་དུ་འཛུལ་བ་དང་སོ་སོའི་གྲལ་གནས་སུ་འཁོད། དེ་ནས་དུས་ཚོད་གང་མཚམས་ཞིག་ནས་ཁྲིམས་དཔོན་ཆེན་མོ་བ་ཏང་དང་ཁྲིམས་རྩོད་པ་རཱ་གཉིས་འགྱིང་ཉམས་དང་བཅས་ཕན་ཚུན་ཅི་གྲོས་མིན་གྲོས་བཤོད་ཀྱིན་བཤོད་ཀྱིན་ག་ལེར་རང་རང་གི་ཁྲི་ལ་འཁོད་རྗེས། གཏུམ་དྲག་རང་བཞིན་ཅན་གྱི་ཁྲིམས་དཔོན་ཏང་གིས་སྒེག་ཉམས་དང་བཅས་ལག་གཡས་ཀྱིས་ཁྲིམས་ཀྱི་ཐོ་ཆུང་མདུན་ཅོག་སྟེང་དུ་ཐོག་སྒྲ་དང་བཅས་བརྡུང་བ་དང་ཆབས་གཅིག། ཞུ་སྦྱོར་བ་སུ་དང་སུ་ཡིན་པཱ། ཉེས་ཅན་པ་སུ་དང་སུ་རེེད། ཞེས་བཤད་མ་ཐག། ཞུ་སྦྱོར་བ་གྲྭ་ལོག་དང་ཞུ་སྦྱོར་བ་བོད་རང་བཙན། ཞུ་སྦྱོར་བ་བསྟན་འཛིན་དང་ཞུ་སྦྱོར་བ་བསྟན་འཛིན་རབ་ཡངས་བཅས་པ་ལམ་སེང་ཡར་ལངས་ནས་གུས་བཏུས་དང་བཅས། གུང་ཁྲན་ཏང་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག། ཁྲིམས་དཔོན་ཆེན་མོ་བ་ཏང་ལ་སྐྱབས་སུ་མཆིའོ། ཁྲིམས་རྩོད་པ་རཱ་ཡིས་བྱིན་གྱིས་རླབས་ཏུ་གསོལ། ཞེས་མགྲིན་དབྱངས་གཅིག་དང་དབུགས་རིང་གཅིག་གིས་བགྱེར་ནས། ང་ཚོས་བློ་གཅིག་སེམས་གཅིག་གིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། རྒྱ་རིགས་ལ་དགའ་ཞེན། སྐར་ལྔའི་དར་དམར་ལ་དགའ་ཞེན་བླ་མེད་ཅིག་ཡོད་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱིས་སྲོག་ལས་གཅེས་པར་འཛིན་པའི་སྐར་ལྔའི་དར་དམར་འདི། ༥༩ ལོ་རྗེས་ནས་བོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིེས་རྩོད་མེད་ནུས་ལྡན་གྱི་བདག་དབང་ཐོབ་པ་ནས་བཟུངས། མཐོ་སྒང་བོད་ཀྱི་རི་ཆུ་ནགས་གསུམ་གྱི་སྟེང་དུ་བཙུགས་པ་མ་ཟད། ད་ཆ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཞུགས་མོལ་ཚོགས་འདུ་སྔ་རྗེས་རིམ་པའི་དགོངས་དོན་ཡིད་ལ་བཟུངས་ནས་མེས་རྒྱལ་ཁ་བྲལ་ལོག་སྤྱོད་ཤོག་ཁག་གི་བོད་རིགས་ཉེས་ཅན་སྲོག་ཐོག་བཏང་ཟིན་པའི་རོ་ཐོག་ཏུ་རྟ་རྒྱུགས་བཏང་ནས་འཛུགས་རྩིས་ཡོད་ལ། བོད་མི་གཅིག་ཀྱང་མ་ལུས་པའི་མགོ་སྟེང་དུ་འཆར་རྩིས་ཡོད་ཀྱང་། ཡུལ་བགྱར་ཁ་བྲལ་ཤོག་ཁག་པ་ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་བྱེད་རྒྱུའི་ལྟ་བ་དང་ལངས་ཕྱོགས་ལས་དོན་བཅས་པ་དོར་མི་མྱོང་མཁན་གྱི་ཚོགས་པ་ལྔ་ཟེར་བས། ཇུས་ངན་བཤམས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་སྤྱོད་མུ་མཐུད་སྤེལ་ནས་ཏང་གི་ལས་དོན་རྣམས་བདེ་བླགས་ངང་བསྒྱུབ་ཏུ་མི་འཇུག་པས། སྐྱབས་གནས་ཁྲིམས་དཔོན་ཆེན་པོས་ཁ་བྲལ་ལོག་སྤྱོད་ཤོག་ཁག་ལྔ་ཁྲིམས་གཅོད་ནན་པོས་རྩ་མེད་བཟོ་རོགས་མཁྱཻན། ཞེས་ཞུས་མ་ཐག། ཁྲིམས་དཔོན་ཏང་དང་ཁྲིམས་རྩོད་པ་རཱ་གཉིས་ཁ་ཆུ་མི་འདུམ་པའི་ཞལ་བགད་ཤོར། ཞུ་སྦྱོར་བ་ཚང་མ་ཅི་ཆ་མི་རྟོགས་པར་ཁ་གདངས་ནས་གང་མཚམས་ཞིག་ལུས། དེ་ནས་ཁྲིམས་དཔོན་ཆེན་པོ་ཏང་གཏུམ་དྲག་སྔར་ལས་ཇེ་ཆེ་སོང་ནས། ཞུ་སྦྱོར་བ་རེ་རེ་བཞིན་མིང་ནས་བོས་ཏེས་ཞུ་སྦྱོར་བ་གྲྭ་ལོག་ལ། ཧ་ཧ། ཁྱོད་རང་གི་མིང་དེ་ལ་ཅིག་བལྟོས་དང་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་དར་དམར་ལ་དགའ་ཞེན་ཡོད་པ་འདྲ་པོ་ཞིག་འདུག་གས། གྲྭ་པ་དང་ཨ་ནེ་ཚང་མ་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་གྱི་ཏཱ་ལའི་ཁ་བྲལ་ལོག་སྤྱོད་ཤོག་ཁག་རྐྱང་རྐྱང་རེད། མར་རྒྱུགས།
དེ་ནས་ཞུ་སྦྱོར་བ་བོད་རང་བཙན་ལ། ཁྱོད་རང་གི་མིང་ལ་ཅིག་བལྟོས་དང་། གཟིག་ལྤགས་བགྱོན་པའི་བོང་བུ་རང་རེད། ང་ཚོའི་དགྲ་བོ་ངོ་མ་དེ་བོད་རང་བཙན་ཡིན། མར་རྒྱུགས།
དེ་ནས་ཞུ་སྦྱོར་བ་བསྟན་འཛིན་མིང་ཅན་གཉིས་ལ། ཁྱོད་རང་གཉིས་ཀྱི་མིང་དེ་ཅིག་བལྟོས་དང་། ཏཱ་ལས་བཏགས་པའི་མིང་དེ་ཚོ་ད་ཆ་ང་ཚོས་བསྡུ་གསོག་རྒྱག་བཞིན་པའི་སྒང་ཡིན། མི་འདི་ཚོ་མགོ་གཉིས་མ་རང་རེད། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཡིན་ན་ཅིག། ད་དུང་དེས་མ་ཟད་ང་ཚོའི་སྲོག་ལས་གཅེས་པར་འཛིན་པའི་སྐར་ལྔའི་དར་དམར་བརྐུས་ནས་ཡུལ་བགྱར་ལུང་པར་མགོ་ལ་བཙུགས་ལུས་ལ་བགྱོན། ད་དུང་རྒྱ་རིགས་ཡིན་མདོག་གིས་ང་ཚོའི་ཞབས་འདྲེན་གནམ་ས་གང་བ་ཞིག་ཞུས། བྱ་སྤྱོད་འདི་ཚོ་ཧ་གོ་ཡི་ཡོད་པས། སྲོག་ཁྲིམས་རེད་ད།
མ་གཞི་ནས་བོད་རིགས་ཞིག་ཡིན་ཕྱིན་ཆད་ང་ཚོས་ཞི་མི་དཀར་ནག་ལ་ཁྱད་པར་དབྱེ་ཡི་མེད་ལ་ཡིད་ཆེས་ཀྱང་ནམ་ཡང་བྱེད་ཀྱི་མེད། འདི་ཚོ་གཅིག་ཀྱང་མ་ལུས་པ་རྩ་མེད་བཟོ་རྒྱུ་དེ་དམིགས་འབེན་ལ་བཟུངས་ཡོད། ཏང་གི་བོད་དང་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་ནི་འདི་ལྟར་རེད་ལ་སྔ་ཕྱི་བར་གསུམ་ལ་འགྱུར་བ་མེད། བྱས་ཙང་ཁྱོད་ཚོས་སྤྲེལ་ལད་ག་ཚོད་འཁྲབ་ཀྱང་སྤྱང་གྲུང་ལྡན་པའི་ང་ཚོ་ནམ་ཡང་མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད་ཟེར། མཐའ་མ་ཞུ་སྦྱོར་བ་ཚོ་ཁྲིམས་དཔོན་ཏང་གིས་དུས་ཚོད་ངེས་མེད་ཀྱི་བཙོན་ཁྲིམས་བཅད་པ་དེར་ཁྲིམ་རྩོད་པ་རཱ་ཡིས་རྒྱབ་སྐྱོར་དང་དགའ་བསུ་ཐོབ་ཡོད་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཉེས་ཅན་པ་ཚོགས་པ་ལྔ་ལ་ཁྲིམས་ཆད་ཅི་ཡང་ཕོག་མེད་པ་མ་ཟད་སྔར་བཞིན་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་དག་ཏུ་སྔར་ལས་ལྷག་པའི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་རེད།
ངོ་དེབ་སྟེང་གི་ཡི་གེ་འདི་དངོས་གནས་ཡག་པོ་འདུག ངས་འདི་བོད་ནང་གི་དྲ་རྒྱ་ཁག་ཅིག་གི་ཞབས་མཆན་ནང་མཐོང་སོང། འདི་We Chat བརྒྱུད་ནས་བོད་ཕྱི་ནང་གཉིས་ལ་གཏོང་རོགས། ངས་བཏང་ཟིན།།
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་ལ་ཤ་ཚ་ཅན་གྱི་མི་སྒེར་ཡོངས་ཀྱི་དྲུང་དུ།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ ༡༩༧༩ ནས་ད་བར་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་སྟེ། བོད་མི་རིགས་ཀྱི་མདུན་ལམ་ཆོལ་གསུམ་གོང་བུ་གཅིག་སྒྲིལ་གྱིས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་འོག་རྩོད་བཞིན་པའི་དོན་དངོས ༢༠༠༨ ནས་འཛམ་གླིང་ཡོངས་གྲགས་ཆགས་པ་རེད། གནས་བབ་དེ་ནི་བོད་ཕྱི་ནང་གི་བོད་མི་ཤེས་ལྡན་བསམ་ཡོད་གཙོས་བཙན་བྱོལ་བོད་མིས་རིམ་བསྟུད་འོས་འདེམས་ཀྱིས་ཐག་གཅོད་གནང་་བའི་མང་གཙོའི་ལམ་ནས་ཐོན་པའི་མངོན་འདོད་ངོ་མ་དེ་ཡིན།
རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་འདི་ཁྲིམས་ལུགས་དང་ཡོངས་གྲགས་ཐོག་རང་བཙན་མིན་པ་དང། ནང་དོན་དུ་རང་བཙན་དུ་གནས་བསྡད་པའི་ལོ་རྒྱུས་ཀྱི་ཕྱོགས་བསྡོམས་བཙན་བྱོལ་སྒྲིག་འཛུགས་དང་མི་མང་སུས་ཀྱང་འགྱུར་བ་སྤུ་ཙམ་བཏང་མེད་ཁར། དབུ་མའི་ལམ་གྱི་ཞི་མོལ་སྐབས་ལོ་རྒྱུས་གླེང་རྒྱུ་ནི་སྐབས་དོན་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་མིན་པར་ང་ཚོའི་ཕྱོགས་ནས་ངོས་འཛིན་དང་ལག་ལེན་བསྟར་བཞིན་པ་ཡིན། ཞི་མོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་བོད་མིའི་ཕྱོགས་ནས་དབུ་མའི་ལམ་དང་མཐུན་པའི་མངོན་འདོད་གསལ་སྟོན་བྱེད་མ་ཐུབ་པས། རྒྱལ་སྤྱིའི་མཐོང་ཕྱོགས་དང་རྒྱ་ནག་གི་དབུ་ཁྲིད་ཚོར་རང་སྐྱོང་བསམ་འཆར་ནི་༧གོང་ས་ཆེན་པོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོའི་འདོད་ཕྱོགས་ཤིག་མིན་ནམ་བསམས་པའི་ཚོར་བ་བྱུང་ཡོད། དཔེར་ན། གཞུང་འབྲེལ་གསུམ་བཅུའི་དུས་དྲན་མཛད་སྒོ་ཚུགས་ཚར་མཚམས། མི་མང་ནང་ཚོགས་པ་འདྲ་མིན་དང་མི་འདྲ་མིན་གྱིས་ཁ་བསྒྱུར་ཏེ་བོད་རང་བཙན་ཞེས་པའི་སྐད་འབོད་ཐོན་གྱི་ཡོད། མི་དམངས་བྱིངས་ལ་དེ་ཙམ་དོ་སྣང་མེད་ཀྱང་རང་བཙན་པར་བསྙད་པ་རེ་ཤོས་ཀྱིས་མི་དམངས་ནང་དེ་འདྲའི་ར་མ་ལུག་གི་ངང་ཚུལ་བཟོ་བཞིན་པ་ནི་ཧ་ཅང་གསལ་བོ་རེད།
ཁོར་ཡུག་དེའི་འོག་སྲིད་སྐྱོང་གསར་པར་ད་དུང་རྒྱ་ཕྱོགས་ནས་འབྲེལ་མོལ་གནང་རྒྱུའི་བརྡ་བསྟན་མེད་ལ། བོད་ནང་རང་སྲེག་གི་གྲངས་ཚད་མི་རྣམས་ཀྱི་བློ་ཡིད་ལས་འདས་པར་འཕར་བཞིན་པ་རེད། གནས་སྟངས་དེ་རྣམས་སྤྱི་དང། བཙན་བྱོལ་བོད་མིའི་ནང་བློས་གཏོང་ཆེན་པོའི་ལས་འགུལ་སྤེལ་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། ན་ནིང་གསུམ་དུས་ནས་མི་སྒེར་བ་ཞིག་གིས་བོད་དུ་ཞི་བའི་གོམ་བགྲོད་གནང་རྒྱུར་བློ་ཐག་བཅད་དེ། དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་དགོས་འདུན་དོན་ཚན་ལྔ་གསལ་བཏོན་དང་བལ་ཡུལ་བར་གོམ་བགྲོད་ཀྱིས་མཐར་བལ་གཞུང་གིས་ལོ་གཅིག་རིང་བཙོན་འཇུག་བྱས་བ་རེད། ཁོང་གིས་གོམ་བགྲོད་ནང་དར་ཆ་བཞི་མཉམ་འཕྱར་བྱས་པ་དང། དགོས་འདུན་དོན་ཚན་ལྔ་ཁས་བླངས་པ་དང་བོད་མི་ཚོར་རང་སྐྱོང་སྤྲོད་འདོད་ཡོད་ན་ཁོང་སྒེར་བ་དར་དམར་འོག་འདུག་རྒྱུའི་བསམ་ཚུལ་བཏོན་པར། དེ་སྔ་གཞོན་ནུ་ལྷན་ཚོགས་ནས་སྡང་གཟུགས་ཆེན་པོས་ཁོང་གི་ལོ་རྒྱུས་ནག་བསུབ་གཏོང་རྩིས་བྱས་པ་མ་ཟད། ཁ་སང་གཞོན་ནུ་ལྷན་ཚོགས་དང། བུད་མེད། དགུ་བཅུ་གསུམ། རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་སྤྱི་མཚུངས་མི་སྒེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོགས་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། ཐ་ན་དར་དམར་འཕྱར་ན་གསོད་ཀྱི་ཡིན་པའི་འཇིགས་སྐུལ་སོགས་ཀྱང་འཐེན་པ་ནི་༧གོང་ས་མཆོག་གི་བྱས་རྗེས་ནག་བསུབ་གཏོང་གཞི་ཞིག་ངོས་འཛིན་བྱེད་ཀྱི་ཡོད།
དོན་དངོས་བཤད་ན། གཞོན་ལྷན་གྱི་དབུས་རྒྱུན་འཕོ་འགྱུར་རིམ་བྱུང་ལ་བརྟེན་ནས་ནང་ཁུལ་འཆམ་པོ་མེད་པ་དང། ཤེས་ཚད་ལྡན་པའི་རྒྱུན་ལས་ཉུང་བ། ཁེ་ཕན་རིང་བཞིན་གྱི་ལས་འགུལ་མ་གཏོགས་དངུལ་ཁོ་ན་དོན་དུ་གཉེར་མཁན་གྱི་རང་གཟུགས་དམར་རྗེན་ངང་སྤྱི་ཚོགས་ནང་ཐོན་པ་ཡོངས་གྲགས་ཀྱིས། གཞི་རིམ་མི་མང་སྐྱུགས་མེར་ལངས་བཞིན་པས་མ་ཟད། ཁོང་ཚོས་ད་བར་བྱུང་སོང་གི་རྩིས་ཕྲ་གསལ་བོ་ཞིག་ཀྱང་མི་མང་ལ་སྟོན་ཐུབ་མེད། ཡིན་ནའང། ཁོང་ཚོས་བོད་ཀྱི་མིང་དང་བླ་བཙོང་ནས་ཕྱི་རྒྱལ་གྱི་ཚོགས་སྡེ་དང་མི་སྒེར་བར་འཆར་གཞི་རྫུན་མ་བཏང་ནས་སྒྲོ་ལོར་བསྡུ་གསོག་བྱེད་པ་ནི་ཧ་ལས་དགོས་པའི་གནད་དོན་ཞིག་ཡིན་སྟབས། རྗེས་ཕྱོགས་བོད་ལ་རྒྱབ་སྐྱོར་བྱ་ན་བཙན་བྱོལ་སྒྲིག་འཛུགས་རང་ལ་ཐད་ཀར་དངུལ་བཏང་ན་ཆུད་ཟོས་མི་འགྲོ་བ་དེ་ཁོ་ན་རེད།
བུད་མེད་ལྷན་ཚོགས་ནི་ཁང་སྲུང་ཙམ་དང། གླ་ཆ་དོན་གཉེར་མཁན་ཁ་ཤས་ཀྱིས་བཟུང་ཡོད་ལ། ནང་ཁུལ་ཕྲག་དོག་དང་མི་མཐུན་པའི་ཚུལ་ནི་མི་རྣམས་ཡིད་མི་ཆེས་པའི་ངང་ཚུལ་དུ་གནས་འདུག ཁོང་ཚོའི་སྒྲིག་འཛུགས་དེ་དོན་དམ་སྐུ་དྲག་གི་ལྕམ་མོ་ཁ་ཤས་ཀྱིས་རྒྱབ་ནས་སྒེར་གཅོད་བྱེད་བཞིན་པ་ཡིན་ཞིང། གླ་ཆ་ལེན་མཁན་མང་ཆེ་བ་དབུས་གཙང་དང་སྟོད་པའི་བུད་མེད་ཞེ་གཅིག་ཆགས་ཡོད། ཁོང་ཚོས་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུ་ནི་བྱིས་པས་གནམ་མཁར་འཕུར་གྱི་ཡིན་ཟེར་བ་དང་མཚུངས་སྟབས་རེ་བ་དང་གྲུབ་འབྲས་གང་ཡང་མེད་ཀྱང། ཁོང་ཚོས་ཀྱང་ཕྱི་རྒྱལ་རོགས་ཚོགས་དང་སྒེར་བ་ཁག་ནས་དངུལ་ལོར་ལེན་པ་ནི་རྦད་དེ་བློ་ཡིད་ལས་འདས་པ་ཞིག་རེད། དེས་ན་རོགས་སྐྱོར་གནང་ས་ཁོང་ཚོ་རེད་དམ་ཞེ་ན། རྩ་བ་ཉིད་ནས་མ་རེད།
དགུ་བཅུ་གསུམ་ནི་བོད་ནང་གི་བོད་མི་བློས་གཏོང་ཅན་ཆབ་སྲིད་བཙོན་ཟུར་ཁག་གིས་གྲུབ་པ་ཞིག་ཡིན་ལ། ཁོང་ཚོའི་རྩ་བའི་དམིགས་ཡུལ་བཙོན་ཟུར་ཚོར་ལྟ་སྐྱོང་བྱ་རྒྱུ་དེ་རེད། ཡིན་ནའང། ཚོགས་པ་འདིས་རང་བཙན་གྱི་ལྟ་གྲུབ་བཟུང་ནས་ལྟ་གྲུབ་གཞན་ལ་འདོད་པ་ཡོད་པའི་བཙོན་ཟུར་ཚོར་གོ་སྐབས་གང་ཡང་སྤྲོད་ཀྱི་མེད་པས་ནང་ཁུལ་གྱི་མཐུན་ལམ་དང་ལབ་རྒྱུ་གླེང་ནི་རྦ་ཀློང་འཁྲུགས་པ་ལྟ་བུ་ཞིག་རེད། ལྷག་དོན་ཉེ་བའི་ཆ་ནས་ཀླུ་མཁར་བྱམས་ཚོགས་གཞོན་དུ་སླེབས་པ་ནས་དེ་བས་ཀྱང་ཚོགས་པ་འདིའི་བསོད་བདེ་རླུང་རྟ་སྐམ་ནས། ཚོགས་པ་ཁོ་རང་ལ་མི་མང་ནང་ལྟ་སྟངས་སླེབས་ཡོད། དེ་ལ་རྒྱུ་མཚན་མང་པོ་མི་དགོས་ཏེ། ཚོགས་གཞོན་དེས་༧རྒྱལ་བ་རིན་པོ་ཆེར་དོན་དག་མེད་པའི་མཚན་སྨོད་ཞུས་པས་རེད། ཡིན་ནའང། ད་ལྟ་གནས་སྟངས་འདིས་བཙོན་ཟུར་ཚོར་མ་འོངས་བྱེད་ཕྱོགས་གསལ་བོར་ངེས་ཏེ། འཕོ་ལ་ཉེ་བའི་རྒྱུན་ལས་ནས་ཁོང་ཚོས་གནད་དོན་མ་རུང་བ་འདི་དག་ཐག་གཅོད་ཐུབ་རྒྱུར་གཟབ་ནན་བྱེད་སྐད་འདུག་ལ། དེ་མཚུངས་སྤྱི་ཚོགས་ཀྱིས་ཀྱང་རེ་བ་རྒྱག་བཞིན་པ་རེད།
རང་བཙན་སློབ་ཕྲུག་ཚོགས་པ་ནི་དེ་བས་ཀྱང་རྩིས་ཕྲ་གསལ་ཁ་མེད་ཅིང། ཞལ་འདེབས་བསྡུ་འབབ་ཀྱི་ཁ་དངོས་སུ་སྒྲོ་ལོར་གཏད་པའི་ཚོགས་པ་ཞིག་ཡིན་སྟབས། མི་མང་གིས་ཁོང་ཚོའི་བྱུས་སོང་རྩིས་ཕྲ་ལ་ལྟ་འདོད་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་ཁོང་ཚོས་བོད་མིའི་མིང་དང་བླ་བཙོང་ནས་ཞལ་འདེབས་བསྡུ་བཞིན་པ་རེད། སྤྱི་ཚོགས་ནང་ལས་འགུལ་ཕྲན་བུ་རེ་མ་གཏོགས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་མེད།
རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་གྲངས་ཀའི་ངོ་བོར་ཚུད་པའི་ཚོགས་པ་ཙམ་དང། ཚོགས་པ་གཞན་གྱི་ལག་རོགས་ལྟ་བུར་གནས་པའི། མང་གཙོའི་ལས་དོན་གོང་དུ་སྤེལ་རྒྱུ་ལས་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་ནང་གཞན་གྱི་རྒྱུགས་ཁྱི་ཆགས་བཞིན་པ་ཞིག་ཡིན་སྟབས། འདི་ལ་རེ་བ་དང་ཡིད་ཆེས་བཅོལ་ཡུལ་མེད་པ་ནི་བདེན་པ་རེད།
རྒྱུ་མཚན་འདི་དག་གིས། ལྷག་པར་ད་ལྟའི་ལས་ཀྱི་སྣེ་མོ་འདི་ཚོས་རྒྱུ་མཚན་གང་ལའང་བསམ་བློ་མི་བཏང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་ལས་བརྒལ་བའི་འཇིགས་སྐུལ་དང། སྤྱི་ཚོགས་ནང་གཏོར་སྐྱོན་གཏོང་བཞིན་པ་དག་ལ་ཁྱེད་ཅག་གིས་ཞིབ་འཇུག་མཐིལ་ཕྱིན་གྱིས་ཕྱིས་སུ་རྒྱབ་སྐྱོར་དང་རོགས་དངུལ་ཡོད་ཚད་བཙན་བྱོལ་སྒྲིག་འཛུགས CTAལ་གནང་བ་དོན་དང་མཐུན་པ་རེད་ལ། ད་ལམ་མི་སྒེར་གྱི་ལས་འགུལ་འཇིགས་སྐུལ་འཐེན་པ་འདི་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཐག་གཅོད་ཡོང་བ་དང་བོད་མི་ཤ་ཚ་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱིས་གསལ་རྟོགས་ཐུབ་སླད་འཕྲལ་དུ་འབུལ་ལམ་ཞུས་ཡོད།།
རང་སྐྱོང་ཐོབ་འདོད་ལ་སྒུག་པའི་བོད་མི་ཡོངས་ནས།།
༢༠༡༣། ༣། ༦། ཉིན།
བགྲོ་གླེང་བྱེད་མི་ཤེས་མཁན་རྣམས་ཀྱིས་ཉ་ཉོག་མཉམ་མསྲེས་མ་གནང་རོགས། ཁྲིམས་ཁང་དང་བོད་དོན་རོགས་སྐྱོར་བ་ཁག་ཞུ་གཏུག་བྱེད་མཁན་གྱི་བསམ་འཆར་འདོན་མཁན་ང་ཡིན། དེ་ལ་རྒྱུ་མཚན་ཡོད། ལས་ཀ་བྱེད་མི་དགོས། པེད་ཤག་རྐྱང་རྐྱང་བསྡུས། རྩིས་ཕྲ་སྟོན་མི་དགོས་པར་ཚོགས་པ་འདི་ཚོ་སྐྱག་ལངས་ལ་ཤོར་གྱི་འདུག་པས་མ་ཟད། CTAཡི་སྲིད་བྱུས་ལམ་ལྷོང་མི་ཡོང་རྒྱུར་ག་དུས་ཡིན་ན་བར་ཆད་རྩོམ་བཞིན་པས། བོད་སྤྱིའི་རྩ་དོན། གང་ཟག་སྒེར་གྱི་ལས་འགུལ་སོགས་གང་ལའང་ཚོགས་པ་ལྔས་ཕན་ཐོག་མེད་ཙང། འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཡིག་དང་འགལ་འདུག་པས་ཁྲིམས་སུ་བསྐྱལ་རྒྱུ་ངས་དམ་བཅས་པ་ཡིན།།
ཧ ཧ ་འདི་ན།
ཕྱི་དགྲ་བོ་མཐོང་ན་ཝ་མོའི་རྗེས།། ནང་ཕུ་ནུའི་སྟེང་དུ་རྒྱལ་སྟག་བཞིན།།
དགྲ་འདུལ་བའི་བློ་སྟོབས་འཇའ་ཡི་རྗེས།། གྲོགས་བདེན་པའི་བུ་ལ་རལ་གྲི་འཕྱར།།
དྲ་གྲོགས་མང་པོ་ཞིག་གིས་སོ་སོ་བསམ་ཚུལ་བརྗོད་འདུག་ལ།དེ་དག་རེ་རེ་ལའང་སོ་སོ་དཔག་པའི་རྒྱུ་མཚན་དང་རྒྱབ་ལྗོངས་རེ་ཡོད་པ་འདྲ་བོ་འདུག སྤྱིར་གོམས་བགྲོད་སྐབས་རྒྱ་ནག་རྒྱལ་དར་འཕྱར་མཁན་གྱི་གོམས་བགྲོད་པ་ཁོའི་ལྷག་བསམ་ལ་རྨ་མེད་པ་ནི་ང་ཚོ་སུ་ལའང་དོག་པ་ཡོད་མི་སྲིད་པ་ཞིག་རེད།འོན་ཀྱང་ལས་དོན་ཅི་ཞིག་བྱེད་སྐབས་རྒྱལ་ག་གེ་མོ་ཞིག་གི་རྒྱལ་དར་འཕྱར་བ་ནི་རྒྱལ་ཁབ་དེ་ལ་དགའ་ཞེན་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པའང་དངོས་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད་པ་རེད།དེ་འདྲ་སོང་ཙང་རབ་བྱུང་ན་ལས་འགུལ་སྐབས་རྒྱ་དར་མ་ཁྱེར་ན་ལེགས་པར་སེམས།རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་གིས་རྒྱ་དར་འཕྱར་ནས་འགྲོ་གི་ཡོད་པའི་པར་སོགས་བོད་ནང་དུ་སླེབས་ཚེ་གོམས་བགྲོད་པའི་རྒྱ་དར་འཁྱེར་དགོས་པའི་དམིགས་ཡུལ་དང་རྒྱབ་ཇི་བཞིན་མ་རྟོགས་པའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སེམས་ལ་ཕོག་དུག་མི་འགྲོ་བའི་ཉེན་ཁ་ཡང་མེད་པ་མིན། ཁོང་རྣམས་ཀྱི་སེམས་ཁམས་ནི་རྒྱ་མི་རྒྱལ་དར་རྡོག་རྫིས་དང་མེ་བསྲེགས་གཏོང་འདོད་ཡོད་ལས་དགོང་ལ་འཕྱར་འདོད་རྩ་བ་མེད་པ་ཡིན། གང་ལྟར་ཐུགས་བསམ་ཡག་པོ་ཞིག་བཞེས་རྒྱུ་གལ་ཆེ་བར་སེམས།
ཧ་ཧ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་རྒྱལ་སྤྱིའི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱེད་མཁན་ཞུ་སྦྱོར་བ་གྲྭ་ལོག་གཙོས་ཞུ་སྦྱོར་བ་གཞན་རྣམས་ཉོན་ཅིག། ཁྱོད་ཚོར་དེ་འདྲའི་བློ་སྟོབས་དང་ཁྲིམས་གཏུག་བྱེད་པའི་ནུས་ལྡན་གྱི་ཆ་རྐྱེན་ཞིག་ཚངས་ཡོད་ན་ཐོན་ཤོག་ཨ། རྒྱོབས་ཤོག་ཨ། མིག་ཅེར་ནས་ཡོད། རྣ་བ་གཏོད་ནས་ཡོད།
མ་གཞི་རྒྱལ་སྤྱིའི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱེད་པར་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་ནུས་པ་ཆེ་ཤོས་སུ་དང་སུ་ཡིན་མིན་ཤེས་ཀྱི་ཡོད་པས་? དེའི་སྐོར་དོ་དོ་ནན་ནན་གྱིས་བསམ་བློ་ཞིག་བཏང་ཡོད་པས་? ཧ་ཧ། བྱས་ཙང་མི་འདི་ཚོས་སྐེ་འཁྱེར་ནས་ཞགས་པ་ཉོ་རྩིས་མ་རེད་དཱ། རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་ཤོས་དང་ཁྲིམས་རྩོད་པ་མཁས་ཤོས་ཏང་དང་རཱ་གཉིས་རེད་ལ་ནམ་རྒྱུན་ཁྲིམས་དཔོན་དང་ཁྲིམས་རྩོད་པ་འདི་གཉིས་ཀྱིས་ཁྲིམས་ཐག་ཅིག་བཅད་ཚར་དུས་ཨ་རི་གཙོས་རྒྱལ་ཁབ་གཞན་གྱི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་དེ་ཚོ་ཁ་ནང་ལ་མཛུབ་མོ་བཅུགས་ནས་ག་ལེར་ཁྲིམས་ར་ནས་ཐོན་འགྲོ་ཡི་ཡོད་པ་རེད། བྱས་ཙང་ད་བར་བོད་ནང་བོད་རིགས་སྤུན་ཟླ་ག་ཚོད་ཅིག་ཉེས་སྲོག་ཁྲིམས་གཅོད་ཀྱི་འདུག། ག་ཚོད་ཅིག་ཉེས་མེད་བཙོན་འཇུག་དང་རྡུང་རྡེག་ཚ་ནན་མི་ཆོས་ལས་འདས་པ་བཏང་དང་གཏོང་བཞིན་འདུག། དེ་ཚོ་ཚང་མ་རྒྱལ་སྤྱིའི་མིག་གིས་མ་མཐོང་བ་མ་ཡིན་ཀྱང་རྒྱལ་སྤྱིས་མངོན་སུམ་དུ་རིག་གིན་མིག་བཙུམས་ནས་བསྡད་ཡོད་པ་དེ་ཤེས་ཀྱི་མེད་པ་འདྲ། དེ་ཚོའི་ཆེད་རྒྱལ་སྤྱིའི་ཁྲིམས་རར་སྐྱེལ་མཁན་སུ་གཅིག་ཀྱང་མི་འདུག་ལ། རྒྱལ་སྤྱིའི་ཁྲིམས་རར་སླེབས་པའི་དབང་དུ་བཏང་ན་ཡང་ཁྲིམས་དཔོན་དང་ཁྲིམས་རྩོད་པས་ཁྲིམས་ཐག་གང་འདྲ་གཅོད་མིན་ཚང་མས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཚོགས་པ་ལྔ་ཁྲིམས་སྦྱོར་བྱེད་མཁན་ཞུ་སྦྱོར་བ་གྲྭ་ལོག་གཙོས་ཞུ་སྦྱོར་བ་གཞན་རྣམས་ཀྱིས་ཏང་དར་དམར་པོ་མགོ་ལུས་ཡོངས་སུ་རྫོགས་པ་དཀྲིས་ནས་ཚོགས་པ་ལྔ་ཁྲིམས་སྦྱོར་བྱས་པ་ཡིན་ན་རྒྱལ་སྤྱིའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་ཆེན་མོ་ཏང་དང་རཱ་གཉིས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་ལ་རེ་ཡོད་ན། དེ་ནི་རྦད་དེ་ནོར་བ་རེད། དེའི་མིང་ལ་སྐེ་འཁྱེར་ནས་ཞགས་པ་ཉོ་བར་ཕྱིན་པ་ཟེར། རྒྱུ་མཚན་རྒྱལ་སྤྱིའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་ཆེན་མོ་ཏང་དང་རཱ་གཉིས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་ཐོབ་རྒྱུ་ཞིག་ཕར་ཟད། ཁྲིམས་དཔོན་དང་ཁྲིམས་རྩོད་པ་ཏང་དང་རཱ་གཉིས་ཀྱིས་འདི་ལྟར། ཏཱ་ལའི་ཁ་བྲལ་རིང་ལུགས་པའི་ཞུ་སྦྱོར་བ་གྲྭ་ལོག་གཙོས་ཁྱོད་རྣམས་ཀྱིས་ང་ཚོའི་ཏང་གི་སྲོག་ལས་གཅེས་པར་འཛིན་པའི་སྐར་ལྔའི་དར་དམར་དེ་ག་དུས་ཁྱོད་ཚོས་བརྐུས་པ་ཡིན་པཱ། ཨཱ་ཁོ་རེ། ད་དུང་བརྐུས་པ་མ་ཟད་མགོ་ལ་བཙུགས་ལུས་ལ་གྱོན། ཨཱ། རྐུན་མ་རྫབ་ཆེན་ཁྱོད་ཚོས་བྱས་ཉེས་ནམ་མཁར་མི་གཤོང་བ་དེ་ཧ་གོ་གི་ཡོད་པས། ཨཱ། སྲོག་ཁྲིམས་རེད་ད། ཟེར་རྒྱུ་ཉག་ཅིག་ཡིན་པ་ཤེས་ཀྱི་མེད་པ་འདྲ།
ཧ་ཧ། དེ་ནས་ཞུ་སྦྱོར་བ་གྲྭ་ལོག་གཙོས་པས་གཞན་རྣམས་པུས་མོའི་ལྷ་ལྔ་ས་ལ་བཙུགས་ནས་ངུ་ངག་དང་བཅས། དགོངས་དག། དགོངས་དག། ང་ཚོ་རང་གི་ནོར་ཡོད་ཁྱེད་ཚོའི་སྲོག་ལས་གཅེས་པ་ཡིན་པ་མི་ཤེས་པས་བརྐུས་པ་མི་ཚད་མགོ་ལ་བཙུགས་ལུས་ལ་གྱོན་བྱས་བདེན་པ་ཡིན། ངོས་ལེན་ཞུ་གི་ཡིན། འོན་ཀྱང་ང་ཚོ་བཙོན་དུ་བཅུག་ཀྱང་སྲོག་ཁྲིམས་མ་གནང་རོགས། ཞེས་ཞུ་འབོད་བྱས་མཐར་ཁྲིམས་དཔོན་ཆེན་མོ་ཏང་གིས་དེ་རིང་ཁྲིམས་ཐག་གཅོད་རྒྱུ་མིན་ཁྲིམས་ར་གྲོལ་བ་ཡིན་སང་ཉིན་མུ་མཐུད་ནས་ཁྲིམས་ར་ཚོགས་རྒྱུ་ཡིན་ཟེར་ནས་ཁྲིམས་ར་གྲོལ་ལོ།
སྐབས་འདི་ནས་ཞུ་སྦྱོར་བ་གྲྭ་ལོག་གཙོས་ཞུ་སྦྱོར་བ་གཞན་རྣམས་ཀྱིས་ཚོགས་པ་ལྔ་རྒྱལ་སྤྱིའི་ཁྲིམས་རར་སྦྱོར་བའི་ལེའུ་དེ་གཞི་ནས་འགོ་འབུས་སོ། མུ་མཐུད་ནས་ཡིན་ད།
འདི་ནའང། ལུང་རྟོགས་དང་གསེར་འབྲུག་གཉིས་ཀས་ཡང་འུར་རྒྱག་གི་འདུག ང་ལྟ་བུ་ཞིག་ལ་བགྲོ་གླེང་བྱས་ནའང་ལབ་རྒྱུ་མེད་པ་ཞིག་གིས་བོད་ཀྱི་རྩ་དོན་ཅི་ལྟར་ཤེས།། ཧཧཧཧ
ངས་ཁྲིམས་ཁང་དུ་ཞུ་གཏུག་དང་རྒྱབ་སྐྱོར་ཚོགས་སྒེར་ཚོར་ཞུ་འབུལ་ཟེར་རྒྱུ་དེ་ལ་རྒྱབ་སྐྱོར་བྱས་པ་ཡིན།། ད་ཡིན་ན་ལྟད་མོ་འདུག ཧཧཧཧ
༄༅། །དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་པོ་རྒྱ་དམར་གྱི་རྒྱུགས་ཁྱི་བྱམས་པ་ཕུན་ཚོགས་སོགས་ནས་ལབ་པ་ལྟར་[ང་ཚོས་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ནང་བཏང་ཡོད་པ་ད་བེད་སྤྱོད་གཏོང་རན་འདུག་]ཟེར་བ་ལྟར་ད་ངོ་མ་བེད་སྤྱོད་གཏོང་གིན་འདུག །བོད་ནང་གཅིག་འཇུག་གཉིས་འཐུད་ཀྱི་བོད་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་གཏོང་བ་བཞིན་བཙན་བྱོལ་ནང་རྒྱུགས་ཁྱི་འདི་ཚོས་གཅིག་རྗེས་གཉིས་འཐུད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླའི་དབར་དཀྲུགས་ཤིང་རྒྱབ་བཞིན་འདུག གླིང་ཚར་རྒྱ་གཞུང་ནས་རྟགས་མ་ཆེན་པོ་ཞིག་རག་ངེས་འདུག
ངས་རྒྱལ་དར་འཕྱར་ནས་དབུ་མའི་ལམ་གྱི་རྩོད་ཀྱི་ཡིན། རྒྱལ་དར་འཕྱར་ནས་ཆོལ་གསུམ་རང་སྐྱོང་ཚད་ལྡན་རྩོད་མཁན་ཚོས་ད་ནས་བཟུང་རང་རང་གི་ལངས་ཕྱོགས་ཐོག་ནོར་བ་མེད་པར་བསྐྱོད་ཅིག ༧གོང་ས་མཆོག་གི་མཛད་འཕྲིན་བར་ཆད་བཟོ་མཁན། སྲིད་སྐྱོང་མཆོག་གི་འབྲེལ་མོལ་གྱི་སྒོ་མོ་ཡོངས་སུ་རྒྱག་མཁན། བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་མཁན་ཚོགས་པ་ལྔའི་བྱ་སྤྱོད་དང་ལས་འགུལ་དང་འབྲེལ་བ་གཏན་གཅོད་བྱ་རྒྱུ་ཡིན། ཨ་མའི་བུ་དང་བུ་མོ་དག་ལ་རང་ཚུགས་དང་ཤེས་འཇོན་ལྷག་བསམ་ཡོད་ན། གསུམ་བཅུའི་དུས་དྲན་ཉིན་ནས་རྒྱལ་དར་འཕྱར་ནས་རང་སྐྱོང་རྩོད་རོགས།།
ཚོགས་པ་ལྔའི་འཇིགས་སྐུལ་ཐབས་བྱུས་འདི་ཚང་མས་ཤེས་གསལ་རེད། གསུམ་བཅུའི་དུས་དྲན་གཞུང་འབྲེལ་གྱིས་བསྡུ་བཞིན་པས། གཞུང་ནས་མཛད་སྒོ་བསྡུས། ཚོགས་པ་ལྔས་རང་བཙན་སྐད་འབོད་བརྒྱབས་ཏེ་མཇུག་བསྡུས་ན། རྒྱ་ནག་གི་རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་ཟེར་བ་དེ་མངོན་སུམ་གཟུགས་སུ་གྲུབ་པ་རེད། ཁོང་ཚོས་འདི་ལྟར་གསལ་བསྒྲགས་སྤེལ་དོན་༧གོང་ས་མཆོག་ལ་མཚད་ཤོས་བཟོ་ཐབས་དང། གཞུང་གི་ལངས་ཕྱོགས་ལ་སྣང་མེད་བྱས་པ་ཉག་ཅིག་ཡིན་སྟབས། འདི་འདྲའི་ཐབས་མ་ཐབས་ཆག་རིགས་རྩ་བ་ནས་ངོས་ལེན་མེད་ལ། འདི་གནད་དོན་ཅི་བྱུང་ཚང་མ་ཚོགས་པ་ལྔའི་གསལ་བསྒྲགས་སྤེལ་མཁན་ཚོས་འཁུར་དགོས་པ་ཡིན།
བཀའ་སྤྱི་གཉིས་ཀྱིས་གསུམ་དུས་མཛད་སྒོ་ཚུགས་ཕྱོགས་ནམ་ཞིག་ཚོགས་པ་ལྔར་སྤྲད་སོང་ངམ།་རྩ་བ་ནས་སྤྲད་ཡོད་པ་མ་རེད། བསམ་བཏང་དྲན་བསྐྱེད་དང་གནས་དུས་ཚོད་རྩིས་ཟེར་བ་དེ་འདི་ག་རང་རེད། འདི་བཀའ་སྤྱི་གཉིས་ནས་མགོ་རུལ་རྣ་བས་མ་ཚོར་བར་འདུག་རྒྱུ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་བློ་སེང་ནི་དབུ་མའི་ལམ་གྱི་གཡོ་ལྤགས་གོན་པའི་རང་བཙན་པའི་སྒྲིག་འཛུགས་ཤིག་ཡིན་པ་འཛམ་གླིང་ཀུན་གསལ་རེད།།
གནས་ཚུལ་འདིའི་རྒྱ་ནག་ལ་ཁ་གཏད་པའི་འབོད་སྒྲ་ཞིག་ཏུ་མི་འགྱུར་བར་ནང་ཁུལ་འུར་སང་ཆེ་བའི་རྩོད་སྒྲ་ཅིག་ཏུ་འགྱུར་འདུག རེ་ཟུང་ཞིག་གི་གོ་སྐབས་ཡིན་ཀྱང་སྲིད ། འཕོིང་དཀྲགས་ཤིག་གི་འདམ་བསྲེས་ཡིན་ཀྱང་སྲིད ། སུས་བྱས་ཀྱང་། གནས་ཚུལ་ལྷག་ཚར་དུས་ལས་འགུལ་སྤེལ་པ་པོ་འང་ནུས་མེད་ཆག་སོང་། ཚོགས་པ་ལྔ་ལའང་སྤྱི་ཚོགས་སྟེང་ལྟ་སྟངས་གསར་བ་ཞིག་གི་མགོ་བརྩམས དེ་ནས་བཟུང་། གསར་འབྱོར་བས་ལས་འགུལ་མི་ཤེས་ཀི་ཟེར ། ཁེ་བཟང་ཆེད གསར་བཏོད་མི་ཤེས་པའི་རིགས མགོ་ཁྲིད་ཁུ་སིམ་ངང་། གོ་སྐབས་ལ་སྒུག་མཁན་ཚོས་འུར་རྒྱབ ཟིན་བྲིས་སྤེལ གནས་ཚུལ་ཅི་བྱུང་ལ་བྲེལ་ཤ་ལངས ། ལྐོག་ནས་ཉན གསང་ནས་བལྟས ཉིན་དེར་གླིང་ཚ་ལ་བལྟས་ནས་ཚོགས་པ་ལྔས་བརྒྱུད་བསྐུལ་ལ་གཟིགས ། གང་ལྟར་ཡང་ལོ་འདིའི་གསུམ་བཅུའི་དུས་དྲན་འདི་ལྟར་ཚར་སོང་།།
ངོ་དེབ་ནང་གི་ཡི་གེ་འདི་གང་མགྱོགས་དབྱིན་ཡིག་དང་རྒྱ་ཡིག་ལ་བསྒྱུར་རོགས།།
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་ལ་ཤ་ཚ་ཅན་གྱི་མི་སྒེར་ཡོངས་ཀྱི་དྲུང་དུ།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ ༡༩༧༩ ནས་ད་བར་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་སྟེ། བོད་མི་རིགས་ཀྱི་མདུན་ལམ་ཆོལ་གསུམ་གོང་བུ་གཅིག་སྒྲིལ་གྱིས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་འོག་རྩོད་བཞིན་པའི་དོན་དངོས ༢༠༠༨ ནས་འཛམ་གླིང་ཡོངས་གྲགས་ཆགས་པ་རེད། གནས་བབ་དེ་ནི་བོད་ཕྱི་ནང་གི་བོད་མི་ཤེས་ལྡན་བསམ་ཡོད་གཙོས་བཙན་བྱོལ་བོད་མིས་རིམ་བསྟུད་འོས་འདེམས་ཀྱིས་ཐག་གཅོད་གནང་་བའི་མང་གཙོའི་ལམ་ནས་ཐོན་པའི་མངོན་འདོད་ངོ་མ་དེ་ཡིན།
རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་འདི་ཁྲིམས་ལུགས་དང་ཡོངས་གྲགས་ཐོག་རང་བཙན་མིན་པ་དང། ནང་དོན་དུ་རང་བཙན་དུ་གནས་བསྡད་པའི་ལོ་རྒྱུས་ཀྱི་ཕྱོགས་བསྡོམས་བཙན་བྱོལ་སྒྲིག་འཛུགས་དང་མི་མང་སུས་ཀྱང་འགྱུར་བ་སྤུ་ཙམ་བཏང་མེད་ཁར། དབུ་མའི་ལམ་གྱི་ཞི་མོལ་སྐབས་ལོ་རྒྱུས་གླེང་རྒྱུ་ནི་སྐབས་དོན་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་མིན་པར་ང་ཚོའི་ཕྱོགས་ནས་ངོས་འཛིན་དང་ལག་ལེན་བསྟར་བཞིན་པ་ཡིན། ཞི་མོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་བོད་མིའི་ཕྱོགས་ནས་དབུ་མའི་ལམ་དང་མཐུན་པའི་མངོན་འདོད་གསལ་སྟོན་བྱེད་མ་ཐུབ་པས། རྒྱལ་སྤྱིའི་མཐོང་ཕྱོགས་དང་རྒྱ་ནག་གི་དབུ་ཁྲིད་ཚོར་རང་སྐྱོང་བསམ་འཆར་ནི་༧གོང་ས་ཆེན་པོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོའི་འདོད་ཕྱོགས་ཤིག་མིན་ནམ་བསམས་པའི་ཚོར་བ་བྱུང་ཡོད། དཔེར་ན། གཞུང་འབྲེལ་གསུམ་བཅུའི་དུས་དྲན་མཛད་སྒོ་ཚུགས་ཚར་མཚམས། མི་མང་ནང་ཚོགས་པ་འདྲ་མིན་དང་མི་འདྲ་མིན་གྱིས་ཁ་བསྒྱུར་ཏེ་བོད་རང་བཙན་ཞེས་པའི་སྐད་འབོད་ཐོན་གྱི་ཡོད། མི་དམངས་བྱིངས་ལ་དེ་ཙམ་དོ་སྣང་མེད་ཀྱང་རང་བཙན་པར་བསྙད་པ་རེ་ཤོས་ཀྱིས་མི་དམངས་ནང་དེ་འདྲའི་ར་མ་ལུག་གི་ངང་ཚུལ་བཟོ་བཞིན་པ་ནི་ཧ་ཅང་གསལ་བོ་རེད།
ཁོར་ཡུག་དེའི་འོག་སྲིད་སྐྱོང་གསར་པར་ད་དུང་རྒྱ་ཕྱོགས་ནས་འབྲེལ་མོལ་གནང་རྒྱུའི་བརྡ་བསྟན་མེད་ལ། བོད་ནང་རང་སྲེག་གི་གྲངས་ཚད་མི་རྣམས་ཀྱི་བློ་ཡིད་ལས་འདས་པར་འཕར་བཞིན་པ་རེད། གནས་སྟངས་དེ་རྣམས་སྤྱི་དང། བཙན་བྱོལ་བོད་མིའི་ནང་བློས་གཏོང་ཆེན་པོའི་ལས་འགུལ་སྤེལ་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། ན་ནིང་གསུམ་དུས་ནས་མི་སྒེར་བ་ཞིག་གིས་བོད་དུ་ཞི་བའི་གོམ་བགྲོད་གནང་རྒྱུར་བློ་ཐག་བཅད་དེ། དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་དགོས་འདུན་དོན་ཚན་ལྔ་གསལ་བཏོན་དང་བལ་ཡུལ་བར་གོམ་བགྲོད་ཀྱིས་མཐར་བལ་གཞུང་གིས་ལོ་གཅིག་རིང་བཙོན་འཇུག་བྱས་བ་རེད། ཁོང་གིས་གོམ་བགྲོད་ནང་དར་ཆ་བཞི་མཉམ་འཕྱར་བྱས་པ་དང། དགོས་འདུན་དོན་ཚན་ལྔ་ཁས་བླངས་པ་དང་བོད་མི་ཚོར་རང་སྐྱོང་སྤྲོད་འདོད་ཡོད་ན་ཁོང་སྒེར་བ་དར་དམར་འོག་འདུག་རྒྱུའི་བསམ་ཚུལ་བཏོན་པར། དེ་སྔ་གཞོན་ནུ་ལྷན་ཚོགས་ནས་སྡང་གཟུགས་ཆེན་པོས་ཁོང་གི་ལོ་རྒྱུས་ནག་བསུབ་གཏོང་རྩིས་བྱས་པ་མ་ཟད། ཁ་སང་གཞོན་ནུ་ལྷན་ཚོགས་དང། བུད་མེད། དགུ་བཅུ་གསུམ། རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་སྤྱི་མཚུངས་མི་སྒེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོགས་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། ཐ་ན་དར་དམར་འཕྱར་ན་གསོད་ཀྱི་ཡིན་པའི་འཇིགས་སྐུལ་སོགས་ཀྱང་འཐེན་པ་ནི་༧གོང་ས་མཆོག་གི་བྱས་རྗེས་ནག་བསུབ་གཏོང་གཞི་ཞིག་ངོས་འཛིན་བྱེད་ཀྱི་ཡོད།
དོན་དངོས་བཤད་ན། གཞོན་ལྷན་གྱི་དབུས་རྒྱུན་འཕོ་འགྱུར་རིམ་བྱུང་ལ་བརྟེན་ནས་ནང་ཁུལ་འཆམ་པོ་མེད་པ་དང། ཤེས་ཚད་ལྡན་པའི་རྒྱུན་ལས་ཉུང་བ། ཁེ་ཕན་རིང་བཞིན་གྱི་ལས་འགུལ་མ་གཏོགས་དངུལ་ཁོ་ན་དོན་དུ་གཉེར་མཁན་གྱི་རང་གཟུགས་དམར་རྗེན་ངང་སྤྱི་ཚོགས་ནང་ཐོན་པ་ཡོངས་གྲགས་ཀྱིས། གཞི་རིམ་མི་མང་སྐྱུགས་མེར་ལངས་བཞིན་པས་མ་ཟད། ཁོང་ཚོས་ད་བར་བྱུང་སོང་གི་རྩིས་ཕྲ་གསལ་བོ་ཞིག་ཀྱང་མི་མང་ལ་སྟོན་ཐུབ་མེད། ཡིན་ནའང། ཁོང་ཚོས་བོད་ཀྱི་མིང་དང་བླ་བཙོང་ནས་ཕྱི་རྒྱལ་གྱི་ཚོགས་སྡེ་དང་མི་སྒེར་བར་འཆར་གཞི་རྫུན་མ་བཏང་ནས་སྒྲོ་ལོར་བསྡུ་གསོག་བྱེད་པ་ནི་ཧ་ལས་དགོས་པའི་གནད་དོན་ཞིག་ཡིན་སྟབས། རྗེས་ཕྱོགས་བོད་ལ་རྒྱབ་སྐྱོར་བྱ་ན་བཙན་བྱོལ་སྒྲིག་འཛུགས་རང་ལ་ཐད་ཀར་དངུལ་བཏང་ན་ཆུད་ཟོས་མི་འགྲོ་བ་དེ་ཁོ་ན་རེད།
བུད་མེད་ལྷན་ཚོགས་ནི་ཁང་སྲུང་ཙམ་དང། གླ་ཆ་དོན་གཉེར་མཁན་ཁ་ཤས་ཀྱིས་བཟུང་ཡོད་ལ། ནང་ཁུལ་ཕྲག་དོག་དང་མི་མཐུན་པའི་ཚུལ་ནི་མི་རྣམས་ཡིད་མི་ཆེས་པའི་ངང་ཚུལ་དུ་གནས་འདུག ཁོང་ཚོའི་སྒྲིག་འཛུགས་དེ་དོན་དམ་སྐུ་དྲག་གི་ལྕམ་མོ་ཁ་ཤས་ཀྱིས་རྒྱབ་ནས་སྒེར་གཅོད་བྱེད་བཞིན་པ་ཡིན་ཞིང། གླ་ཆ་ལེན་མཁན་མང་ཆེ་བ་དབུས་གཙང་དང་སྟོད་པའི་བུད་མེད་ཞེ་གཅིག་ཆགས་ཡོད། ཁོང་ཚོས་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུ་ནི་བྱིས་པས་གནམ་མཁར་འཕུར་གྱི་ཡིན་ཟེར་བ་དང་མཚུངས་སྟབས་རེ་བ་དང་གྲུབ་འབྲས་གང་ཡང་མེད་ཀྱང། ཁོང་ཚོས་ཀྱང་ཕྱི་རྒྱལ་རོགས་ཚོགས་དང་སྒེར་བ་ཁག་ནས་དངུལ་ལོར་ལེན་པ་ནི་རྦད་དེ་བློ་ཡིད་ལས་འདས་པ་ཞིག་རེད། དེས་ན་རོགས་སྐྱོར་གནང་ས་ཁོང་ཚོ་རེད་དམ་ཞེ་ན། རྩ་བ་ཉིད་ནས་མ་རེད།
དགུ་བཅུ་གསུམ་ནི་བོད་ནང་གི་བོད་མི་བློས་གཏོང་ཅན་ཆབ་སྲིད་བཙོན་ཟུར་ཁག་གིས་གྲུབ་པ་ཞིག་ཡིན་ལ། ཁོང་ཚོའི་རྩ་བའི་དམིགས་ཡུལ་བཙོན་ཟུར་ཚོར་ལྟ་སྐྱོང་བྱ་རྒྱུ་དེ་རེད། ཡིན་ནའང། ཚོགས་པ་འདིས་རང་བཙན་གྱི་ལྟ་གྲུབ་བཟུང་ནས་ལྟ་གྲུབ་གཞན་ལ་འདོད་པ་ཡོད་པའི་བཙོན་ཟུར་ཚོར་གོ་སྐབས་གང་ཡང་སྤྲོད་ཀྱི་མེད་པས་ནང་ཁུལ་གྱི་མཐུན་ལམ་དང་ལབ་རྒྱུ་གླེང་ནི་རྦ་ཀློང་འཁྲུགས་པ་ལྟ་བུ་ཞིག་རེད། ལྷག་དོན་ཉེ་བའི་ཆ་ནས་ཀླུ་མཁར་བྱམས་ཚོགས་གཞོན་དུ་སླེབས་པ་ནས་དེ་བས་ཀྱང་ཚོགས་པ་འདིའི་བསོད་བདེ་རླུང་རྟ་སྐམ་ནས། ཚོགས་པ་ཁོ་རང་ལ་མི་མང་ནང་ལྟ་སྟངས་སླེབས་ཡོད། དེ་ལ་རྒྱུ་མཚན་མང་པོ་མི་དགོས་ཏེ། ཚོགས་གཞོན་དེས་༧རྒྱལ་བ་རིན་པོ་ཆེར་དོན་དག་མེད་པའི་མཚན་སྨོད་ཞུས་པས་རེད། ཡིན་ནའང། ད་ལྟ་གནས་སྟངས་འདིས་བཙོན་ཟུར་ཚོར་མ་འོངས་བྱེད་ཕྱོགས་གསལ་བོར་ངེས་ཏེ། འཕོ་ལ་ཉེ་བའི་རྒྱུན་ལས་ནས་ཁོང་ཚོས་གནད་དོན་མ་རུང་བ་འདི་དག་ཐག་གཅོད་ཐུབ་རྒྱུར་གཟབ་ནན་བྱེད་སྐད་འདུག་ལ། དེ་མཚུངས་སྤྱི་ཚོགས་ཀྱིས་ཀྱང་རེ་བ་རྒྱག་བཞིན་པ་རེད།
རང་བཙན་སློབ་ཕྲུག་ཚོགས་པ་ནི་དེ་བས་ཀྱང་རྩིས་ཕྲ་གསལ་ཁ་མེད་ཅིང། ཞལ་འདེབས་བསྡུ་འབབ་ཀྱི་ཁ་དངོས་སུ་སྒྲོ་ལོར་གཏད་པའི་ཚོགས་པ་ཞིག་ཡིན་སྟབས། མི་མང་གིས་ཁོང་ཚོའི་བྱུས་སོང་རྩིས་ཕྲ་ལ་ལྟ་འདོད་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་ཁོང་ཚོས་བོད་མིའི་མིང་དང་བླ་བཙོང་ནས་ཞལ་འདེབས་བསྡུ་བཞིན་པ་རེད། སྤྱི་ཚོགས་ནང་ལས་འགུལ་ཕྲན་བུ་རེ་མ་གཏོགས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་མེད།
རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་གྲངས་ཀའི་ངོ་བོར་ཚུད་པའི་ཚོགས་པ་ཙམ་དང། ཚོགས་པ་གཞན་གྱི་ལག་རོགས་ལྟ་བུར་གནས་པའི། མང་གཙོའི་ལས་དོན་གོང་དུ་སྤེལ་རྒྱུ་ལས་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་ནང་གཞན་གྱི་རྒྱུགས་ཁྱི་ཆགས་བཞིན་པ་ཞིག་ཡིན་སྟབས། འདི་ལ་རེ་བ་དང་ཡིད་ཆེས་བཅོལ་ཡུལ་མེད་པ་ནི་བདེན་པ་རེད།
རྒྱུ་མཚན་འདི་དག་གིས། ལྷག་པར་ད་ལྟའི་ལས་ཀྱི་སྣེ་མོ་འདི་ཚོས་རྒྱུ་མཚན་གང་ལའང་བསམ་བློ་མི་བཏང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་ལས་བརྒལ་བའི་འཇིགས་སྐུལ་དང། སྤྱི་ཚོགས་ནང་གཏོར་སྐྱོན་གཏོང་བཞིན་པ་དག་ལ་ཁྱེད་ཅག་གིས་ཞིབ་འཇུག་མཐིལ་ཕྱིན་གྱིས་ཕྱིས་སུ་རྒྱབ་སྐྱོར་དང་རོགས་དངུལ་ཡོད་ཚད་བཙན་བྱོལ་སྒྲིག་འཛུགས CTAལ་གནང་བ་དོན་དང་མཐུན་པ་རེད་ལ། ད་ལམ་མི་སྒེར་གྱི་ལས་འགུལ་འཇིགས་སྐུལ་འཐེན་པ་འདི་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཐག་གཅོད་ཡོང་བ་དང་བོད་མི་ཤ་ཚ་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱིས་གསལ་རྟོགས་ཐུབ་སླད་འཕྲལ་དུ་འབུལ་ལམ་ཞུས་ཡོད།།
རང་སྐྱོང་ཐོབ་འདོད་ལ་སྒུག་པའི་བོད་མི་ཡོངས་ནས།།
༢༠༡༣། ༣། ༦། ཉིན།
ད་བར་དུ་བཙན་བྱོལ་ནང་བོད་དོན་ལས་འགུལ་སྤེལ་བ་ཕལ་མོ་ཆེ་གཞོན་ལྷན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོས་པའི་གཞུང་འབྲེལ་མིན་པ་ཚོགས་པ་ཚོས་སྣེ་ཁྲིད་བྱས་པ་ཤ་སྟག་རེད། འོན་ཀྱང་ཁོང་ཚོའི་བྱེད་རྗེས་ལ་ངོ་སོ་གཏོང་མཁན་ཞིག་ད་བར་མཐོང་དཀོན་པོ་རེད། དེ་རིང་གསུམ་བཅུས་དུས་དྲན་ཉིན་རྒྱ་ནག་གི་རྒྱལ་དར་འཕྱར་བ་ལ་ཉེན་བརྡ་ཙམ་བཏང་བར་དྲ་འབུ་ཚོས་ཧ་ལས་ཧོན་ཐོར་མདོག་བྱེད་དགོས་དོན་ཅི་ཡིན་ནམ། ངོ་མ་ཡ་མཚན་རེད། གལ་ཏེ་ཚོགས་པ་ལྔས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ལས་ཀ་ཞིག་བྱས་ཡོད་ན་བཙན་བྱོལ་རང་དབང་ལུང་པ་ཡིན་པས་ཁྲིམས་ལ་གཏུག་ན་འགྲིག་པ་རེད། ངོ་དེབ་སྒང་ལ་གསལ་བསྒྲགས་བྱེད་དགོས་རྒྱུ་ཅི་ཡོད། བྱེད་སྟངས་འདིས་རྒྱབ་ལོག་ན་བོད་པ་ནང་ཁུལ་ཞོ་བཞིན་ཆགས་པ་ཁྲག་བཞིན་དཀྲུག་རྒྱུའི་བྱུས་ངན་ཞིག་ཡོད་པ་གོར་མ་ཆགས། ད་དུང་བཤད་མཁན་སུ་ཡིན་གསལ་ཁ་མེད་པའི་ངོ་དེབ་སྒང་གི་ཡིག་འཁྱར་དེའི་ནང་། “ཞི་མོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་བོད་མིའི་ཕྱོགས་ནས་དབུ་མའི་ལམ་དང་མཐུན་པའི་མངོན་འདོད་གསལ་སྟོན་བྱེད་མ་ཐུབ་པས། རྒྱལ་སྤྱིའི་མཐོང་ཕྱོགས་དང་རྒྱ་ནག་གི་དབུ་ཁྲིད་ཚོར་རང་སྐྱོང་བསམ་འཆར་ནི་༧གོང་ས་ཆེན་པོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོའི་འདོད་ཕྱོགས་ཤིག་མིན་ནམ་བསམས་པའི་ཚོར་བ་བྱུང་ཡོད།” ཞེས་པའི་སྐད་ཆ་འདི་ནི་འཆལ་གཏམ་རང་རེད། བཀའ་ཁྲི་ཟམ་གདོང་རིན་པོ ཆེའི་བཀའ་ཤག་གིས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོངས་ཐོབ་ཐབས་ཀྱི་བསམ་འཆར་ཡིག་ཆ་འགྲེལ་བཤད་བཅས་པ་རྒྱ་དཔོན་ཚོའི་ཅོག་ཙེའི་སྟེང་གསལ་གསལ་ཐིང་ཐིང་སྤུང་ཡོད་པས་གོང་གསལ་དོག་པ་འདི་འདྲ་ཞིག་འབྱུང་བའི་གཞི་རྩ་གཏན་ནས་མེད། རྒྱུ་མཚན་དེས་ན་ད་བར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་བྱུང་བ་ཡང་རྒྱ་གཞུང་གིས་བོད་མིའི་མངོན་འདོད་ཡོངས་རྫོགས་ནག་གསུབ་གཏོང་བའི་མཁྲེགས་འཛིན་སྲིད་ཇུས་ཀྱིས་ལན་པ་ལས། བོད་རང་བཙན་རྩོད་མཁན་ཚོའི་བྱ་སྤྱོད་ལས་བྱུང་མེད་པ་གསལ་པོ་རེད། ད་དུང་བོད་ནང་རང་སྲེག་ཀྱི་གྲངས་ཚད་འཕར་བཞིན་པ་དེ་ཡང་རང་བཙན་རྩོད་མཁན་ཚོའི་བྱེད་ཉེས་ལས་བྱུང་བ་ལྟ་བུ་བཤད་པ་ནི་དགྲ་བོར་དགོས་པའི་སྐད་ཆ་རེད་ལ། བློ་ཡུལ་ལས་འདས་པའི་ཧམ་བཤད་ཀྱང་རེད། གཞན་ཡང་ཚོགས་པ་ལྔས་དར་དམར་འཕྱར་ན་གསོད་རྒྱུ་ཡིན་པའི་འཇིག་སྐུལ་བྱས་རབས་བཤད་པ་ནི་མིག་ལྡན་ཞིག་ཡིན་ན་ཚོགས་པ་ལྔའི་གསལ་བསྒྲགས་དྲ་ངོས་སུ་ཡོད་ཡོད་པ་ཡིན་པས་དེ་ལ་བལྟས་ན་ཤེས་ངེས་རེད། ད་དུང་ཚོགས་པ་ལྔ་ལ་རེ་རེ་བཞིན་དུ་སྐྱོན་འཛུག་བྱས་པ་ནི་གཞི་མེད་སྨྱོ་གཏམ་ཙམ་ལས་གནས་ལུགས་རྒྱུ་མཚན་གང་ཡང་མེད་པ་ཚང་མས་མཁྱེན་གསལ་ཡིན་པས་མང་པོ་བཤད་དགོས་དོན་མི་འདུག
བོད་ཀྱི་དུས་བས་ལས།
རྒྱ་དར་འཕྱར་ཏེ་རྩོད་རྙོག་བྱུང་ན་འགན་མི་འཁུར་ཟེར།
བོད་ཀྱི་བང་ཆེན་ལས།
རྒྱ་གཞུང་གི་དར་དམར་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆར་ངོས་ལེན་མེད
གསར་འགྱུར་གཅིག་ཡིན་ན་མགོ་བརྗོད་བཞག་སྟང་ལ་ཁྱེད་པར་འདུག་གསར་འགྱུར་རྒྱུད་ལམ་རྣམས་པ་ཚང་མ་ལ་མི་མང་ནང་ཁུལ་ལ་འཁྲུ་གཞིའི་གནས་ཚུལ་རིགས་མགོ་བརྗོད་ལ་མ་འཇོག་རོག་གནང་།
སྤྱིར་དབུ་མའི་ལམ་ལ་བསམ་བློ་བཏངས་ན་རྒྱ་ནག་གི་རྒྱལ་དར་འཁྱེར་རུང་འགལ་བ་ཡོད་པ་མཐོང་མ་སོང་། འོན་ཀྱང་གུང་ཁྲན་ཏང་གིས་བོད་མི་མང་བོ་དམར་གསོད་བཏངས་པ་དང་སྡུག་སྦྱོང་མནར་སྤྱོད་ཚད་མེད་བཏངས་པའི་སྐྱོན་གྱིས་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་གསོ་མི་ཐུབ་པ་ཞིག་བཟོས་ཡོད་སྟབས། རྒྱ་ནག་གི་རྒྱལ་དར་ངེས་པར་དུ་འཁྱེར་མི་རུང་། དེ་འཁྱེར་ན་བོད་མི་མང་བོ་ཞིག་གི་སེམས་ལ་ཕོགས་རྒྱུ་ཡིན་པ་ཞུ་ག་ལ་དགོས། རྒྱ་ནག་གི་རྒྱལ་དར་དེ་ངེས་པར་དུ་དོར་བར་རིགས་སོ།།
རྒྱ་དར་འཕྱར་མིན་གྱི་ཐོག་ནས་བསམ་ཚུལ་རབ་དང་རིམ་པར་ཐོན་གྱི་འདུག དེ་ཡང་མང་གཙོ་ཁེ་དབང་གི་འོག་ནས་མི་བུ་སུ་ལའང་སྨྲ་བརྗོད་རང་དབང་དང་ཐོབ་ཐང་ཡོད་པ་ཞིག་ལོས་ཡིན། ཚང་མས་མཁྱེན་གསལ་ལྟར་སྨྲ་བརྗོད་རང་དབང་དང་རང་གི་ཐོབ་ཐང་རྩོད་ལེན་ནི་འགྲོ་བ་མི་ཡི་གཞི་རྩའི་ཐོབ་ཐང་ཡིན་གཤིས་འཇིགས་བསྐུལ་གྱིས་མི་བུ་བྱ་བཞག་ལ་ཚད་འཛིན་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་གི་སྒྲིག་གཞི་དང་འགལ་མིན་ལ་བསམ་ཤེས་བྱེད་དགོས་པ་གལ་ཆེ་སྙམ། གལ་སྲིད་གླིང་ཚ་ཚེ་བརྟན་རྡོ་རྗེ་རང་ཉིད་ཚོགས་པ་གང་རུང་ཞིག་གི་ཁོངས་སུ་ཡོད་པའི་དབང་དུ་བཏང་ན་ཚོགས་པ་དེའི་སྒྲིག་འཛུགས་གཞིར་བཟུང་འགྲོ་དགོས་པ་དེ་ཡང་རྒྱུ་མཚན་དང་གནས་ལུགས་སུ་བསྒྲེངས་ཆོག་མོད། གླིང་ཚ་ལ་མཚོན་ན་དེ་དང་འབྲེལ་བ་མི་འདུག་ལ། ད་དུང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ལྟར་ཚོགས་པ་འཛུགས་རྒྱུའི་ཐོབ་ཐང་ཡོད་པ་འདི་ཡང་རང་དབང་སྒེར་གཅོད་པ་དག་གིས་ཤེས་པར་གྱིས་ཤིག གླིང་ཚ་བས་སོ་སོའི་མི་རིགས་ལ་བཅིངས་པའི་འཐབ་རྩོད་དང་ལངས་ཕྱོགས། གནས་ལུགས་དང་རྒྱུ་མཚན་ཞིག་གི་ཐོགས་ནས་རྒྱ་དར་འཕྱར་མིན་གྱི་བསམ་ཚུལ་འཛིན་པ་ལས་ལངས་ཕྱོགས་མི་མཐུན་པ་དག་གིས་ཐད་ཀར་རྒྱ་དར་རང་སྟངས་དང་ཕྱོགས་གཅིག་གི་ལྟ་ཚུལ་ཁོ་ནས་བསམ་ཚུལ་གླེང་ན་ཧ་ཅང་ཐལ་དྲག་འདུག གསུམ་བཅུ་དུས་དྲན་གྱི་ཉིན་མོ་འདི་གལ་ཆེན་དོན་ཆེན་ཡིན་པ་བོད་མི་ཕལ་ཆེ་བས་ཤེས་ཀྱི་ཡོད་ལ་ལྷག་དོན་དུ་སྐྱབས་བཅོལ་པ་ཞིག་ཡིན་ཕྱིན་ཆད་མི་ཤེས་མཁན་ཞིག་ཡོད་མི་སྲིད། ནམ་རྒྱུན་ཡིན་ན་གསུམ་བཅུ་དུས་དྲན་སྲུང་བརྩི་འདི་གཞུང་འབྲེལ་ཐོག་ནས་ཡིན་བསམ། ངའི་སེམས་ནང་གསལ་བུ་དྲན་པ་ཞིག་ནི་འབོད་ཚིག་འདྲ་མིན་བསྒྲགས་མི་ཆོག་པར་འབོད་ཚིག་ཁག་ཡང་གཞུང་འབྲེལ་ཐོག་ནས་གཏན་འབེབ་བྱེད་ཀྱི་ཡོད། ཡིན་ན་ཡང་ཚོགས་པ་ལྔའི་གཏམ་བཤད་ལ་གཞིགས་ན་ཐེངས་འདིའི་གོ་སྒྲིག་ནི་གཞུང་འབྲེལ་མིན་པར་བཤད་ཀྱི་འདུག ང་ཚོ་བཙན་བྱོལ་དུ་ཆགས་ནས་ད་ལྟའི་ཕན་ཆད་གསུམ་བཅུ་དུས་དྲན་ཚང་མ་གཞུང་འབྲེལ་ཐོག་ནས་གོ་སྒྲིག་བྱས་པ་ཤ་སྟག་རེད། ཧོབ་དེ་གཉིས་སྟོང་བཅུ་གསུམ་ནས་གཞུང་འབྲེལ་ངོས་ནས་མཚམས་འཇོག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། ང་ནི་རྦད་དེ་འཐོམས་སོང་། མཚམས་འདི་ནས་གསར་འགོད་པ་ཚོར་རེ་བསྐུལ་བྱེད་རྒྱུ་ཞིག་ལ་རང་གཞུང་སྒྲིག་འཛུགས་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་རྣམས་ལ་བཀའ་འདྲི་ཞིབས་ཚགས་བྱེད་རྒྱུ་ཧ་ཅང་གལ་ཆེ་གི་་་་་་་་་་རྒྱུ་མཚན་གང་ཡིན་ཞེ་ན་རང་གཞུང་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འོག་ཤར་སྐྱོད་བྱེད་མཁན་ཚོར་མཚོན་ན་ཅིས་ཀྱང་གལ་ཆེ་བར་མཐོང་་་་་་
ངོ་མ་ཚོགས་པ་ལྔ་ལ་ཡིད་གཏིང་ནས་ཆད་ཀི མི་སྒེར་གཅིག་ལ་འདི་འདྲའི་འཇིགས་སྐུལ་དང་འབུར་འཇོམ་བྱེད་དོན་ཅི་ཡོད། ལྷག་དོན་ཁ་ཡོད་ལག་ཡོད་ཀྱིས་རང་གི་ཚེ་འདིའི་ལུས་ལོངས་སྤྱོད་ཕ་མ་གཉེན་ཚན་དང་བཅས་པ་བློས་བཏང་བྱས་པའི་བོད་ཀྱི་རང་དབང་རྩོད་ལེན་པ་ཞིག་ལ་འདི་འདྲ་དཔུང་འདྲ་བསྒྲིགས་དོན་འདུག་གམ། དཔུང་བསྒྲིགས་ན་རང་ཚོའི་ལངས་ཕྱོགས་ལྟར་རང་བཙན་རྩོད་ལེན་གྱི་ཐབས་ཇུས་དང་། ལས་འགུལ་སྤེལ་ཕྱོགས་སོགས་ལ་འཆར་གཞི་འཕེན་དང་། བང་སྒྲིགས་དང་། མི་མང་གི་སྣེ་ཁྲིད་དེ་འཆར་གཞི་དང་། གྲུབ་འབྲས་ལྡན་པའི་བྱ་བ་བསྒྲུབ་དང་། དེས་བོད་བསྟན་སྲིད་མི་རིགས་ལ་ཕན་གི་རེད། དེ་མིན་རང་མི་ཉམས་ཆུང་ཞིག་གི་ཐོག་ལ་དཔུང་བསྒྲིགས་དཔའ་ངོམ་བྱེད་སྲོལ་འདུག་གམ། སྔར་ད་ལྟའི་སྲིད་སྐྱོངས་མཆོག་གིས་ཀྱང་རྒྱ་ནག་ཕྱི་སྡོད་མི་ཡི་ལག་དེབ་བཟུང་སྟེ་རྒྱ་ནག་ལ་སོང་བ་རེད། དེ་ལ་ཁྱེད་ཅག་གིས་ངོ་རྒོལ་གྱི་བསྒྲགས་གཏམ་རྫིག་པོ་འདི་འདྲ་སྤེལ་ཨེ་མྱོང་། ད་དུང་རྒྱབ་སྐྱོར་གྱི་གཏམ་བཤད་ཅི་ཙམ་བྱས་སུ་ལའང་གསལ་ངེས། མཐར་ཞུ་འདོད་པ་གཅིག་རང་གཅིག་ནི། སྐུ་མཁྱེན་སྒེར་འཁོན་ལྟ་བུ་ཁོག་བཅུགས་བྱས་ཏེ་སྔར་གཟི་བརྗིད་ལྡན་པའི་ཚོགས་པ་ཚོའི་རྐང་རྗེས་ལག་བསུབ་མི་གནང་བར་ཞུ། དཔུང་བསྒྲིགས་ན་བསྒྲིགས་ས་ཡོད་པ་རེད།
ངོ་དེབ་ནང་འདི་འདྲ་ཞིག་འདུག
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་ལ་ཤ་ཚ་ཅན་གྱི་མི་སྒེར་ཡོངས་ཀྱི་དྲུང་དུ།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ ༡༩༧༩ ནས་ད་བར་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་སྟེ། བོད་མི་རིགས་ཀྱི་མདུན་ལམ་ཆོལ་གསུམ་གོང་བུ་གཅིག་སྒྲིལ་གྱིས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་འོག་རྩོད་བཞིན་པའི་དོན་དངོས ༢༠༠༨ ནས་འཛམ་གླིང་ཡོངས་གྲགས་ཆགས་པ་རེད། གནས་བབ་དེ་ནི་བོད་ཕྱི་ནང་གི་བོད་མི་ཤེས་ལྡན་བསམ་ཡོད་གཙོས་བཙན་བྱོལ་བོད་མིས་རིམ་བསྟུད་འོས་འདེམས་ཀྱིས་ཐག་གཅོད་གནང་་བའི་མང་གཙོའི་ལམ་ནས་ཐོན་པའི་མངོན་འདོད་ངོ་མ་དེ་ཡིན།
རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་འདི་ཁྲིམས་ལུགས་དང་ཡོངས་གྲགས་ཐོག་རང་བཙན་མིན་པ་དང། ནང་དོན་དུ་རང་བཙན་དུ་གནས་བསྡད་པའི་ལོ་རྒྱུས་ཀྱི་ཕྱོགས་བསྡོམས་བཙན་བྱོལ་སྒྲིག་འཛུགས་དང་མི་མང་སུས་ཀྱང་འགྱུར་བ་སྤུ་ཙམ་བཏང་མེད་ཁར། དབུ་མའི་ལམ་གྱི་ཞི་མོལ་སྐབས་ལོ་རྒྱུས་གླེང་རྒྱུ་ནི་སྐབས་དོན་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་མིན་པར་ང་ཚོའི་ཕྱོགས་ནས་ངོས་འཛིན་དང་ལག་ལེན་བསྟར་བཞིན་པ་ཡིན། ཞི་མོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་བོད་མིའི་ཕྱོགས་ནས་དབུ་མའི་ལམ་དང་མཐུན་པའི་མངོན་འདོད་གསལ་སྟོན་བྱེད་མ་ཐུབ་པས། རྒྱལ་སྤྱིའི་མཐོང་ཕྱོགས་དང་རྒྱ་ནག་གི་དབུ་ཁྲིད་ཚོར་རང་སྐྱོང་བསམ་འཆར་ནི་༧གོང་ས་ཆེན་པོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོའི་འདོད་ཕྱོགས་ཤིག་མིན་ནམ་བསམས་པའི་ཚོར་བ་བྱུང་ཡོད། དཔེར་ན། གཞུང་འབྲེལ་གསུམ་བཅུའི་དུས་དྲན་མཛད་སྒོ་ཚུགས་ཚར་མཚམས། མི་མང་ནང་ཚོགས་པ་འདྲ་མིན་དང་མི་འདྲ་མིན་གྱིས་ཁ་བསྒྱུར་ཏེ་བོད་རང་བཙན་ཞེས་པའི་སྐད་འབོད་ཐོན་གྱི་ཡོད། མི་དམངས་བྱིངས་ལ་དེ་ཙམ་དོ་སྣང་མེད་ཀྱང་རང་བཙན་པར་བསྙད་པ་རེ་ཤོས་ཀྱིས་མི་དམངས་ནང་དེ་འདྲའི་ར་མ་ལུག་གི་ངང་ཚུལ་བཟོ་བཞིན་པ་ནི་ཧ་ཅང་གསལ་བོ་རེད།
ཁོར་ཡུག་དེའི་འོག་སྲིད་སྐྱོང་གསར་པར་ད་དུང་རྒྱ་ཕྱོགས་ནས་འབྲེལ་མོལ་གནང་རྒྱུའི་བརྡ་བསྟན་མེད་ལ། བོད་ནང་རང་སྲེག་གི་གྲངས་ཚད་མི་རྣམས་ཀྱི་བློ་ཡིད་ལས་འདས་པར་འཕར་བཞིན་པ་རེད། གནས་སྟངས་དེ་རྣམས་སྤྱི་དང། བཙན་བྱོལ་བོད་མིའི་ནང་བློས་གཏོང་ཆེན་པོའི་ལས་འགུལ་སྤེལ་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། ན་ནིང་གསུམ་དུས་ནས་མི་སྒེར་བ་ཞིག་གིས་བོད་དུ་ཞི་བའི་གོམ་བགྲོད་གནང་རྒྱུར་བློ་ཐག་བཅད་དེ། དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་དགོས་འདུན་དོན་ཚན་ལྔ་གསལ་བཏོན་དང་བལ་ཡུལ་བར་གོམ་བགྲོད་ཀྱིས་མཐར་བལ་གཞུང་གིས་ལོ་གཅིག་རིང་བཙོན་འཇུག་བྱས་བ་རེད། ཁོང་གིས་གོམ་བགྲོད་ནང་དར་ཆ་བཞི་མཉམ་འཕྱར་བྱས་པ་དང། དགོས་འདུན་དོན་ཚན་ལྔ་ཁས་བླངས་པ་དང་བོད་མི་ཚོར་རང་སྐྱོང་སྤྲོད་འདོད་ཡོད་ན་ཁོང་སྒེར་བ་དར་དམར་འོག་འདུག་རྒྱུའི་བསམ་ཚུལ་བཏོན་པར། དེ་སྔ་གཞོན་ནུ་ལྷན་ཚོགས་ནས་སྡང་གཟུགས་ཆེན་པོས་ཁོང་གི་ལོ་རྒྱུས་ནག་བསུབ་གཏོང་རྩིས་བྱས་པ་མ་ཟད། ཁ་སང་གཞོན་ནུ་ལྷན་ཚོགས་དང། བུད་མེད། དགུ་བཅུ་གསུམ། རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་སྤྱི་མཚུངས་མི་སྒེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོགས་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། ཐ་ན་དར་དམར་འཕྱར་ན་གསོད་ཀྱི་ཡིན་པའི་འཇིགས་སྐུལ་སོགས་ཀྱང་འཐེན་པ་ནི་༧གོང་ས་མཆོག་གི་བྱས་རྗེས་ནག་བསུབ་གཏོང་གཞི་ཞིག་ངོས་འཛིན་བྱེད་ཀྱི་ཡོད།
དོན་དངོས་བཤད་ན། གཞོན་ལྷན་གྱི་དབུས་རྒྱུན་འཕོ་འགྱུར་རིམ་བྱུང་ལ་བརྟེན་ནས་ནང་ཁུལ་འཆམ་པོ་མེད་པ་དང། ཤེས་ཚད་ལྡན་པའི་རྒྱུན་ལས་ཉུང་བ། ཁེ་ཕན་རིང་བཞིན་གྱི་ལས་འགུལ་མ་གཏོགས་དངུལ་ཁོ་ན་དོན་དུ་གཉེར་མཁན་གྱི་རང་གཟུགས་དམར་རྗེན་ངང་སྤྱི་ཚོགས་ནང་ཐོན་པ་ཡོངས་གྲགས་ཀྱིས། གཞི་རིམ་མི་མང་སྐྱུགས་མེར་ལངས་བཞིན་པས་མ་ཟད། ཁོང་ཚོས་ད་བར་བྱུང་སོང་གི་རྩིས་ཕྲ་གསལ་བོ་ཞིག་ཀྱང་མི་མང་ལ་སྟོན་ཐུབ་མེད། ཡིན་ནའང། ཁོང་ཚོས་བོད་ཀྱི་མིང་དང་བླ་བཙོང་ནས་ཕྱི་རྒྱལ་གྱི་ཚོགས་སྡེ་དང་མི་སྒེར་བར་འཆར་གཞི་རྫུན་མ་བཏང་ནས་སྒྲོ་ལོར་བསྡུ་གསོག་བྱེད་པ་ནི་ཧ་ལས་དགོས་པའི་གནད་དོན་ཞིག་ཡིན་སྟབས། རྗེས་ཕྱོགས་བོད་ལ་རྒྱབ་སྐྱོར་བྱ་ན་བཙན་བྱོལ་སྒྲིག་འཛུགས་རང་ལ་ཐད་ཀར་དངུལ་བཏང་ན་ཆུད་ཟོས་མི་འགྲོ་བ་དེ་ཁོ་ན་རེད།
བུད་མེད་ལྷན་ཚོགས་ནི་ཁང་སྲུང་ཙམ་དང། གླ་ཆ་དོན་གཉེར་མཁན་ཁ་ཤས་ཀྱིས་བཟུང་ཡོད་ལ། ནང་ཁུལ་ཕྲག་དོག་དང་མི་མཐུན་པའི་ཚུལ་ནི་མི་རྣམས་ཡིད་མི་ཆེས་པའི་ངང་ཚུལ་དུ་གནས་འདུག ཁོང་ཚོའི་སྒྲིག་འཛུགས་དེ་དོན་དམ་སྐུ་དྲག་གི་ལྕམ་མོ་ཁ་ཤས་ཀྱིས་རྒྱབ་ནས་སྒེར་གཅོད་བྱེད་བཞིན་པ་ཡིན་ཞིང། གླ་ཆ་ལེན་མཁན་མང་ཆེ་བ་དབུས་གཙང་དང་སྟོད་པའི་བུད་མེད་ཞེ་གཅིག་ཆགས་ཡོད། ཁོང་ཚོས་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུ་ནི་བྱིས་པས་གནམ་མཁར་འཕུར་གྱི་ཡིན་ཟེར་བ་དང་མཚུངས་སྟབས་རེ་བ་དང་གྲུབ་འབྲས་གང་ཡང་མེད་ཀྱང། ཁོང་ཚོས་ཀྱང་ཕྱི་རྒྱལ་རོགས་ཚོགས་དང་སྒེར་བ་ཁག་ནས་དངུལ་ལོར་ལེན་པ་ནི་རྦད་དེ་བློ་ཡིད་ལས་འདས་པ་ཞིག་རེད། དེས་ན་རོགས་སྐྱོར་གནང་ས་ཁོང་ཚོ་རེད་དམ་ཞེ་ན། རྩ་བ་ཉིད་ནས་མ་རེད།
དགུ་བཅུ་གསུམ་ནི་བོད་ནང་གི་བོད་མི་བློས་གཏོང་ཅན་ཆབ་སྲིད་བཙོན་ཟུར་ཁག་གིས་གྲུབ་པ་ཞིག་ཡིན་ལ། ཁོང་ཚོའི་རྩ་བའི་དམིགས་ཡུལ་བཙོན་ཟུར་ཚོར་ལྟ་སྐྱོང་བྱ་རྒྱུ་དེ་རེད། ཡིན་ནའང། ཚོགས་པ་འདིས་རང་བཙན་གྱི་ལྟ་གྲུབ་བཟུང་ནས་ལྟ་གྲུབ་གཞན་ལ་འདོད་པ་ཡོད་པའི་བཙོན་ཟུར་ཚོར་གོ་སྐབས་གང་ཡང་སྤྲོད་ཀྱི་མེད་པས་ནང་ཁུལ་གྱི་མཐུན་ལམ་དང་ལབ་རྒྱུ་གླེང་ནི་རྦ་ཀློང་འཁྲུགས་པ་ལྟ་བུ་ཞིག་རེད། ལྷག་དོན་ཉེ་བའི་ཆ་ནས་ཀླུ་མཁར་བྱམས་ཚོགས་གཞོན་དུ་སླེབས་པ་ནས་དེ་བས་ཀྱང་ཚོགས་པ་འདིའི་བསོད་བདེ་རླུང་རྟ་སྐམ་ནས། ཚོགས་པ་ཁོ་རང་ལ་མི་མང་ནང་ལྟ་སྟངས་སླེབས་ཡོད། དེ་ལ་རྒྱུ་མཚན་མང་པོ་མི་དགོས་ཏེ། ཚོགས་གཞོན་དེས་༧རྒྱལ་བ་རིན་པོ་ཆེར་དོན་དག་མེད་པའི་མཚན་སྨོད་ཞུས་པས་རེད། ཡིན་ནའང། ད་ལྟ་གནས་སྟངས་འདིས་བཙོན་ཟུར་ཚོར་མ་འོངས་བྱེད་ཕྱོགས་གསལ་བོར་ངེས་ཏེ། འཕོ་ལ་ཉེ་བའི་རྒྱུན་ལས་ནས་ཁོང་ཚོས་གནད་དོན་མ་རུང་བ་འདི་དག་ཐག་གཅོད་ཐུབ་རྒྱུར་གཟབ་ནན་བྱེད་སྐད་འདུག་ལ། དེ་མཚུངས་སྤྱི་ཚོགས་ཀྱིས་ཀྱང་རེ་བ་རྒྱག་བཞིན་པ་རེད།
རང་བཙན་སློབ་ཕྲུག་ཚོགས་པ་ནི་དེ་བས་ཀྱང་རྩིས་ཕྲ་གསལ་ཁ་མེད་ཅིང། ཞལ་འདེབས་བསྡུ་འབབ་ཀྱི་ཁ་དངོས་སུ་སྒྲོ་ལོར་གཏད་པའི་ཚོགས་པ་ཞིག་ཡིན་སྟབས། མི་མང་གིས་ཁོང་ཚོའི་བྱུས་སོང་རྩིས་ཕྲ་ལ་ལྟ་འདོད་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་ཁོང་ཚོས་བོད་མིའི་མིང་དང་བླ་བཙོང་ནས་ཞལ་འདེབས་བསྡུ་བཞིན་པ་རེད། སྤྱི་ཚོགས་ནང་ལས་འགུལ་ཕྲན་བུ་རེ་མ་གཏོགས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་མེད།
རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་གྲངས་ཀའི་ངོ་བོར་ཚུད་པའི་ཚོགས་པ་ཙམ་དང། ཚོགས་པ་གཞན་གྱི་ལག་རོགས་ལྟ་བུར་གནས་པའི། མང་གཙོའི་ལས་དོན་གོང་དུ་སྤེལ་རྒྱུ་ལས་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་ནང་གཞན་གྱི་རྒྱུགས་ཁྱི་ཆགས་བཞིན་པ་ཞིག་ཡིན་སྟབས། འདི་ལ་རེ་བ་དང་ཡིད་ཆེས་བཅོལ་ཡུལ་མེད་པ་ནི་བདེན་པ་རེད།
རྒྱུ་མཚན་འདི་དག་གིས། ལྷག་པར་ད་ལྟའི་ལས་ཀྱི་སྣེ་མོ་འདི་ཚོས་རྒྱུ་མཚན་གང་ལའང་བསམ་བློ་མི་བཏང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་ལས་བརྒལ་བའི་འཇིགས་སྐུལ་དང། སྤྱི་ཚོགས་ནང་གཏོར་སྐྱོན་གཏོང་བཞིན་པ་དག་ལ་ཁྱེད་ཅག་གིས་ཞིབ་འཇུག་མཐིལ་ཕྱིན་གྱིས་ཕྱིས་སུ་རྒྱབ་སྐྱོར་དང་རོགས་དངུལ་ཡོད་ཚད་བཙན་བྱོལ་སྒྲིག་འཛུགས CTAལ་གནང་བ་དོན་དང་མཐུན་པ་རེད་ལ། ད་ལམ་མི་སྒེར་གྱི་ལས་འགུལ་འཇིགས་སྐུལ་འཐེན་པ་འདི་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཐག་གཅོད་ཡོང་བ་དང་བོད་མི་ཤ་ཚ་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱིས་གསལ་རྟོགས་ཐུབ་སླད་འཕྲལ་དུ་འབུལ་ལམ་ཞུས་ཡོད།།
རང་སྐྱོང་ཐོབ་འདོད་ལ་སྒུག་པའི་བོད་མི་ཡོངས་ནས།།
༢༠༡༣། ༣། ༦། ཉིན།
གལ་སྲིད་ངྷ་རམ་སཱ་ལ་ནས་ཀྱང་རྒྱ་དམར་གྱི་རྒྱལ་དར་ཕྱར་གྱི་ཡིན་ཟེར་ན། ཕྱར་ས་ནོར་བ་རེད། ཕ་ཡུལ་ལ་ལོག་ནས་ཕྱར་དགོས་པ་རེད། རྒྱུ་མཚན་ནི་མཇུག་འབྲས་ངན་པ་གསུམ་འབཡུང་སྲིད། ་༡ བོད་མི་ནང་ཁུལ་ལ་དཀྲུགས་ཤིང་སློང་ཐུབ་པ། འདི་ནི་རྒྱ་དམར་གཞུང་གི་རྨི་ལམ་ཆེ་ཤོས་དེ་ཡིན། འགྲོ་སོང་ཡང་ས་ཡ་མང་པོ་གཏོང་ངེས་ཡིན། ༢ རྒྱ་གར་གཞུང་མང་གཉིས་ལ་ཕོག་ཐུག་གཏོང་བ་དང་། བོད་མི་སྐྱབས་བཅོལ་བ་མ་ཡིན་པའི་མགོ་རྙོག་སློང་ངེས་ཡིན། ༣ བོད་ཀྱི་གནད་དོན་དེ་བཞིན་རྒྱ་གཞུང་གི་ནང་སྲིད་གནད་དོན་དུ་འཕོ་བསྐྱོད་ཀྱི་རྣམ་པ་ཤུགས་ཆེན་ཐོན་ཡོད་པས། རྒྱ་གཞུང་གིས་བེད་སྤྱོད་གཏོང་ཡག་བྱེད་ངེས་ཡིན། དཔེར་ན། རྒྱ་རི་སོགས་ཨོ་ལུམ་པིག་ལུས་རྩལ་ཁང་དུ་ལྟ་སྐོར་དུ་ཁྲིད་ནས་ཕྱི་རྒྱལ་གྱི་དབུ་ཁྲིད་ཚོར་གྲགས་མེད་བཟོས་པ་ལས་ཉམས་མྱོང་ལེན་རན་ཡོད། ཚང་མས་བགྲོ་གླེང་ལྷུག་པོ་གནང་རོགས།
ལུང་རྟོགས་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ།
རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ས་དང་བྱེད་ནུས་ཀྱི་ཆ་རྐྱེན་ངེས་ཅན་ལྡན་ཡོད་ན་ད་ནི་ཕྱིས་དྲག་པ་མ་གཏོག་སྔ་དྲག་ཡོད་ཚོད་མེད། འོ་ན་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁྲིམས་གཏུག་ག་འདྲ་སེ་བྱེད་ཀྱི་ཡིན་པ། དར་དམར་འཁྱེར་འཁྱེར་མི་འཁྱེར་ལ་ངོ་རྒོལ་བྱས་པ་ལ་ཁྲིམས་གཏུག་བྱེད་ཀྱི་ཡིན་པ། ཡང་ན་དར་དམར་འོག་གི་བོད་རིགས་སྤུན་ཟླ་ས་ཡ་ལས་རྒལ་བའི་ཚེ་སྲོག་ཤོར་བ་དང་། དར་དམར་འོག་བོད་རིགས་སྤུན་ཟླ་ཁྲི་ཕྲག་རྒལ་བ་བཙོན་འཇུག་དང་ཡང་ལག་གཅོད་དྲེགས་སོགས་མི་ཆོས་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་པ་མ་ཟད། མདོར་ན་བོད་ཡུལ་ཧ་ལམ་བཙོན་ཁང་ལྟ་བུ་དང་བོད་མི་རིགས་ཐམས་ཅད་བཙོན་པ་ལྟ་བུ་བཟོས་ཡོད་པ་དེ་ཚོ་རྒྱལ་སྤྱིའི་ཁྲིམས་ལ་གཏུག་རྒྱུ་ཡིན་པས། ད་དུང་དར་དམར་འོག་སྤུན་ཟླ་བརྒྱ་ཕྲག་རྒལ་བ་རྒྱལ་ཁབ་གཅིག་གི་ཆེད་དུ། མི་རིགས་གཅིག་གི་ཆེད་དུ། རྩ་བའི་བླ་མ་གཅིག་གི་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་བཏང་ཏེས་མེར་ནང་དུ་བཞུད་ཟིན་པ་དེ་ཚོའི་ཆེད་དུ་རྒྱལ་སྤྱིའི་ཁྲིམས་གཏུག་བྱེད་རྒྱུ་ཡིན་ནམ།
གལ་ཏེ་རྒྱལ་སྤྱིའི་ཁྲིམས་ཀྱིས་ངོས་ལེན་དང་ཁྲིམས་གཏུག་བྱེད་རྒྱུའི་ཆ་རྐྱེན་ཡོངས་སུ་འཚང་བ་དང་ནུས་ལྡན་གྱི་ཁྲིམས་རྩོད་པའི་ཆ་རྐྱེན་ཡོངས་སུ་རྫོགས་པ་འཚང་ཡོད་ན། ཞུ་སྦྱོར་སྔ་མ་དག་ནི་རྒྱལ་སྤྱིའི་ཁྲིམས་དཔོན་ཞལ་དགད་སློང་བྱེད་ཅིག་མ་གཏོག་ཅང་མ་རེད། ཞུ་སྦྱོར་ཕྱི་མ་དང་ཕྱི་མ་དག་ནི་ཕྱིས་དྲག་པ་མ་གཏོག་སྔ་མ་དྲག་པའི་དོན་དངོས་ཀྱི་ཁྲིམས་གཏུག་བྱེད་དགོས་ངེས་ཀྱི་གནད་དོན་ཞིག་ལགས་ན། སུ་ཡིན་ཡང་དགའ་བསུ་ཡོད། དེ་འདྲའི་འཇོན་ཐང་ཡོད་ན་འཐོན་དགོས་པའི་དུས་ལ་བབས་ཡོད།
མ་གཞི་ནས་སུམ་དུས་འདི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་སྣེ་འཁྲིད་དང་གྲ་སྒྲིག་བྱེད་ཀྱི་ཡོད་ན་འགན་འཁུར་གྱི་དབང་ཆ་ཞིག་ཡོད་དགོས་ངེས་རེད། དེ་རང་དབང་དམངས་གཙོའི་རྒྱལ་ཁབ་ཆ་ཚང་ལ་ཡོད་པ་རེད། མ་གཞི་བྱས་ན་གླིང་ཚས་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་ཡོད་ཚད་བློས་གཏོང་གི་སྙིང་སྟོབས་དང་མཛད་རྗེས་ལ་རྗེས་སུ་ཡིད་རང་དང་བསྟོད་གླུ་ལེན་དགོས་ངེས་ཡིན་ཡང་། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་བྱེད་པའི་ཁ་ཕྱོགས་ཀྱང་མེད་པ་མ་ཟད། ལམ་གྱི་འབྲེལ་མོལ་ཡང་སྒོ་དམ་པོར་རྒྱབས་ཏེས་ཨ་ལན་ཡང་མི་བསྟེར་ལ་བོད་ཐོག་འཛིན་པའི་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ནི་སྔར་ལས་ཇེ་ཆེ་དང་ཇེ་སྡུག་ཇེ་ཞན་འགྲོ་མུས་ཀྱི་དུས་སྐབས་འདིར་ཏང་དར་དམར་པོ་བོད་མི་རིགས་ཀྱི་མགོ་ཐོག་ཏུ་དམར་ལིང་ལིང་འཆར་རྒྱུའི་དུས་ཚོད་ཅིག་མིན་ན། བར་སྐབས་དྲ་རྒྱ་ཁག་དང་བགྲོ་གླེང་སྐབས་ཀྱི་རྣམ་འགྱུར་དེས་འགྲེལ་བརྗོད་ཟིན་པ་རེད་ལ།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་འགན་ལེན་མི་ཐུབ་པ་ཡང་དངོས་བདེན་རེད། བྱས་ཙང་གླིང་ཚས་བསྐྱར་དུ་དགོངས་བཞེས་གནང་རྒྱུའི་རེ་བ་ཡོད་ལ་མང་མོས་ཀྱི་ཐག་གཅོད་དང་རྒྱབ་སྐྱོར་ལ་དགོངས་བཞེས་གནང་དགོས་པ་དེ་དམངས་གཙོའི་འགྲོ་ལུགས་རེད་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་དེ་ཡང་འཐབ་རྩོད་པར་དགོས་ངེས་དང་ནུས་ལྡན་གྱི་ཆ་རྐྱེན་ཞིག་རེད། དེ་ཐུགས་ལ་འཇགས་རོགས།
དེ་མིན་ཏང་དར་དམར་པོ་ལ་དགའ་ཞེན་བླ་མེད་ཅིག་ཡོད་མཁན་ཚོ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་འགྲོ་རོགས་བགྱིས། བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་མ་བཟོ་རོགས།
དབུས་བོད་མིའི་སྒྲིག་འཛུགས་གཞུང་གི་སྲིད་ཇུས་ལམ་དབུ་མ་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཐོབ་ཐང་ཟེར་བ་དེ་རྩོད་རྒྱུ་ཞིག་རེད་མ་གཏོག་ཏང་དར་དམར་ལིང་ལིང་འཆར་རྒྱུ་ཡིན་ཚོད་མ་རེད།
ལྟས་ངན་དྲ་འབུ་འདི་ཚོས་ཅི་ཞིག་བཤད་ཀྱི་ཡོད་པ་རེད། ཚོགས་པ་ལྔས་སུམ་བཅུའི་དུས་དྲན་སྐབས་རྒྱ་མིའི་རྒྱལ་དར་འཕྱར་བའི་རྐྱེན་གྱིས་བོད་མི་ནང་ཁུལ་ལ་རྩོད་རྙོག་བྱུང་ན་འགན་ཁུར་མི་ནུས་པ་བཤད་འདུག་པ་ལས་འཇིག་སྐུལ་གང་ཡང་བྱས་མི་འདུག རྒྱ་གཞུང་གིས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྩིས་མེད་རྡོག་རོལ་གྱིས་བོད་ནང་གི་བོད་མི་ཚོར་བཙོན་འཇུག་དང་མནར་གཅོད་གཏོང་བཞིན་ཡོད་ཀྱང་རྒྱལ་སྤྱིའི་སྒང་ཡིག་རིགས་འདྲ་མིན་ནང་བཀྲམས་མཁན་གྱི་མི་གཅིག་ཀྱང་མཐོང་རྒྱུ་མེད། དེ་རིང་ཚོགས་པ་ཁག་ལྔའི་ཉེན་བརྡ་ཙམ་ཡང་མི་བཟོད་པར་རྒྱལ་སྤྱིའི་སྒང་ཡིག་རོགས་འདྲ་མིན་ནང་བཀྲམས་དགོས་པར་བཤད་པ་ནི་ཕྱི་འཇམ་ནང་གཙུབ་གྲོད་པུ་མགོ་ཞེས་པ་དེ་ལས་ཅི་ཡང་མིན། བཙན་བྱོལ་ནང་ལ་མི་འདི་འདྲ་མང་སོང་བའི་དབང་གིས་ད་བར་དུ་ནུས་པ་ཆེན་པོ་ཞིག་ཐོན་མ་ཐུབ་པ་རེད།
དར་དམར་འཕྱར་མིན་ལ་མི་རྩོད།ང་ཚོ་སྐྱབས་བཅོལ་བ་ཞེས་པའི་ཉམ་ཆུང་དུ་འཚོ་མི་དགོས་ཐབས་མགྱོགས་པོར་རྩོད།དར་གང་འཕྱར་ལ་ཡང་མི་རྩོད།ཚོགས་པ་ལྔ་དབུ་ཁྲིད་དང་གང་དུ་འགྲོ་དགོས་ན་ང་ཚོ་འགྲོ་རན་འདུག་རྩོད་རན་རེད།བྱ་ཐབས་ཅི་ཡང་མེད་ན་ཁ་ཚུམས་ཏེ་རང་གི་ཕོར་བ་ཕྱིལ་ཕྱིལ་བྱས་ནས་མགོ་སེར་མིག་སྔོན་ཅན་དག་གི་རྔ་མ་བྱོས།ངོ་དགའ་སྟོན།
སྤྱིར་བཏང་ཚོགས་པ་འདི་ཚོས་སྐབས་རེ་ལས་འགུལ་སྤེལ་གྱིན་ཡོད་ལ། དེ་བཞིན་རྐང་རྗེས་ལག་བསྲིབས་བཏང་བར་ཉུང་ཉུང་ག་ལ་ཡིན། སྤུན་ཟླ་ཚོ་འདས་དོན་ལ་ཕྱིར་མིག་རེ་གཟིགས་དང་ཞེར་མེར་ལངས་དགོས་པའི་བྱ་ངན་ག་རེ་སྤེལ་ཡོད་པ་བློ་ལ་འཁོར་ཐུབས་ངེས་ཡིན། དེ་སྔར་༸རྒྱལ་བའི་ལྷ་དགོངས་དཀྲུགས་མཁན་་ཡང་ཚོགས་པ་འདི་ཚོའི་ཁོངས་མི་ཡིན་ལ་་་་ད་དུང་མི་སྒེར་ལ་འཇིགས་བསྐུལ་འདི་ནི་བཙན་བྱོའི་འཁོར་ཡུག་དཀྲུགས་འདོད་ཀྱིས་བསམ་སྦྱོར་ཞིག་ལས་མ་འདས། སུམ་ཅུའི་དུས་དྲན་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དུས་དྲན་གལ་ཆེར་ཞིག་ཡིན་པས་་་དེ་རིང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་འདྲེ་ལག་ཅིའི་ཕྱིར་བརྐྱངས་ཡོང་གི་ཡོད་པ་རེད། ཚོགས་པ་འདི་ཚོའི་བྱ་སྤྱོད་འདི་འདྲ་སྤེལ་བར་བརྟེན་ནས་ལྷོར་ཕྱོགས་གདན་སའི་དགེ་འདུན་པ་དག་གཞུང་འབྲེལ་ལས་འགུལ་ལས་ཞུགས་མི་ཆོག་པའི་དགག་བྱ་བཟོ་དགོས་པའི་རྒྱུ་མཚན་འདི་འདྲ་ལ་ཐུགས་ཡོད་པ་མི་མང་ངོས་ནས་ངོ་འཛིན་ཐུབ་དགོས་པ་རེད།
སྐད་ཆ་འདི་རྒྱབ་སྐྱོར་ཆ་ཚང་ཡོད།
ཆབ་སྲིད་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་པའི་ཚོགས་པ་ཁག་ལྔའི་བྱ་སྤྱོད་འདི་ལ་སྙན་ཐོ་ཚད་ལྡན་ཞིག་བཟོས་ནས་རྒྱལ་སྤྱིའི་སྒང་ཡིག་རིགས་འདྲ་མིན་ནང་བཀྲམས་དགོས་པ་རེད། ལྷག་པར་དུ་ཚོགས་པ་ཞིག་གིས་མི་སྒེར་གྱི་ཆབ་སྲིད་ཐོབ་ཐང་ཐད་ཐེ་གཏོགས་དང་འཇིགས་སྐུལ་འཐེན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཚར་བ་རེད། ད་ལྟའི་བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་འོག་དར་ཆ་འཕྱར་དང་མི་འཕྱར་གཉིས་ཀ་སྤྱི་དམངས་ཀྱི་ཐོབ་ཐང་ཆགས་ཡོད། རྒྱལ་སྤྱིའི་ངོས་འཛིན་ནང་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པ་ནས་བལྟས་ན། བོད་མི་སྒེར་གྱིས་དར་དམར་འཕྱར་ཏེ་རང་སྐྱོང་རྩོད་པར་ཐེ་གཏོགས་བྱས་ན་དེ་ཁྲིམས་ལུགས་ཀྱིས་འགན་མི་འཁུར་རང་འཁུར་ཆགས་ཡོད་པ་རེད། དེ་བས་གནད་དོན་འདི་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་གསལ་བོ་ཆགས་ཀྱི་རེད།
དྲ་གྲོགས་ཚོ་གཟིགས་དང་ཚོགས་སྐྱིད་ཁག་ལྔའི་གསལ་བསྒྲགས་ནང་རྒྱ་དམར་པོའི་ཁྲག་དར་དེ་འཕྱར་ན་ངོས་ལེན་མེད། གལ་སྲིད་འཕྱར་ནས་བོད་མི་ནང་ཕན་ཚུན་རྩོད་རྙོག་བྱུང་ན་འགན་ལེན་མེད་གསུང་པ་བདེན་པ་རེད། ཆུ་མ་ཡོང་གོང་གི་རག་རེད་དེ་མིན་ཁྲག་དར་འཕྱར་ནས་ནང་འཁྲུགས་བྱུང་སོང་ན་གང་བྱེད། རྒྱ་དམར་དར་ཆ་འཕྱར་དགོས་ན་འཕྱར་ས་དེ་བཙན་བྱོལ་ནང་མ་རེད།
ཡོང་ལ་ཉེ་བའི་རང་དབང་སྒེར་ལངས་ཉིན་མོ་རྡ་རམ་ས་ལའི་”ནོར་རྫི་ཚོགས་པ་”ལྔ་མཉམ་འབྲེལ་གྱིས་རྡ་སའི་ནོར་ལུག་ཆ་ཚང་དེད་ནས་ཀླུང་ལ་འབབ་རྒྱུ་དང་། བར་ལམ་དུ་རྩྭའི་བཟང་ངན་གྱི་རྐྱེན་པའི་ཁེ་ཕན་འཕྲོག་རེས་ཀྱི་རྭ་བདར་བྱས་ཚེ་”རྫི་བོ་ཚོགས་པའི”་ངོས་ནས་གཡང་ལྷུང་འདམ་ཟུག་གང་ལའང་ཡ་མེད་ཀྱིས་མཁོ་ཡོད་ཟ་ལོ་རྣམས་ལ་མ་གཏོགས་བདག་པོ་མི་བྱེད་ལ། རྩྭ་ཁའང་མི་སྐོར།
འོན་ཀྱང་། ཤུལ་ལུས་ནོར་ལུག་ལ་གཅིག་བྱས་ན་བདག་པོ་ཞིག་འབུད་སྲིད་པའི་མངོན་རྟགས་ཡོད་པ་ནི་”དགེ་བོ་ཆོས་སེམས་མ་ཡལ་བའི་ནོར་རྫིའི་ཚོགས་པ་”གཅིག་པུ་དེ་ཡིན་ངེས་ཀྱང་། ད་ལྟ་ནི་ཚོགས་པ་འདི་ནི་སྦྲ་ངན་ཐེབས་ཆག་ཅིག་ལས་མི་རྒྱུ་གཉིས་ཀྱིས་ཉམ་ཐག་པ་ཞིག་རེད་དོ།
གང་ལྟར། ད་ལོ་ཡང་རྡ་སའི་ནོར་ལུག་རྣམས་སུ་ཞིག་གིས་གང་ལ་འདེད་ཀྱི་ཡོད་པའང་མ་ཤེས་པར་ཀ་ཅ་རི་བར་དུ་རྔུལ་ནག་ཤམ་ཤམ་གྱིས་བགྲོད་དགོས་པ་དེ་རེད་དོ།
སིད་སི་ནས་ལོ་རྟག་པར་རྒྱ་ནག་གི་ཤ་ཆང་གི་སྐུ་མགྲོན་ཡིན་མཁན་མང་པོ་ཡོད། ཨོ་སི་ཌི་ལ་ཡ་ནས་ཀྱང་དེ་དེ་བཞིན་ཡིན་པ་བདེ་སྲུང་བཀའ་བློན་གྱིས་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱི་དྲི་བར་གྲོས་ཚོགས་ནང་ལན་བཏབས་པ་འཇིག་རྟེན་ཡོངས་གྲགས་རེད། འདི་དང་འདི་འདྲ་བར་ཚོགས་པ་ལྔས་གསལ་བསྒྲགས་མི་བསྐྱངས་དོན་ཅི་ཞིག་ཡིན་ནམ། མིག་ཞར་སོང་བ་ཡིན་ནམ། རྣ་འོན་སོང་བ་ཡིན།
བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་དར་དམར་འཕྱར་ནས་གྲོས་མོལ་ཡིག་ཆ་སྤྲད་སོང། ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཁར་བདུན་རེར་བོད་མི་གཉིས་བརྒྱ་ནས་གསུམ་བརྒྱ་ཚང་ཁ་ཤིག་ཤིག་ཕྱི་སྡོད་ཀྲུང་གོ་བའི་ལག་ཁྱེར་ལེན་དུ་འགྲོ་བཞིན་པ་རེད། དེ་ལ་གཞུང་ནས་ཀྱང་དགག་བྱ་མེད་ལ། ༧གོང་ས་མཆོག་གིས་ཀྱང་དགག་བྱ་གནང་གི་མེད། དེ་ནི་སྒེར་བའི་དོན་དག་ཡིན་པ་དང་ཆབ་སྲིད་ཀྱི་གནས་བབ་དེ་འདྲ་ཞིག་ཡིན་པས་དེ་ལྟར་འགྲོ་བཞིན་པ་རེད། མི་སྒེར་བ་ཞིག་གིས་དར་དམར་འཕྱར་ནས་ལས་འགུལ་སྤེལ་ན་ངོ་སོ་བསྟོད་རྒྱུ་མ་གཏོགས། འདི་ལྟར་འཇིགས་སྐུལ་འཐེན་པ་ཅི་ཞིག་ཡིན་ནམ། འདི་འདྲ་ཡིན་ན། རྒྱ་ནག་གཞུང་གི་འོག་ནས་རང་འཇགས་བསྡད་བྱ་ན་ཡག་ས་རེད། མང་གཙོའི་ལུང་པ་ནས་ཚོགས་པ་ལྔས་མི་སྒེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོགས་པས་མ་ཟད། སྒེར་བའི་ཆབ་སྲིད་ལས་འགུལ་ལ་འཇིགས་སྐུལ་འཐེན་པ་ནི་རྒྱ་དམར་པོ་ལས་ཀྱང་སྡུག་པ་ལ། རྒྱ་དམར་པོས་འདི་འདྲ་ག་ནས་བྱེད་ཡོང། གཏན་ནས་བྱེད་ཀི་མ་རེད། ད་༧གོང་ས་མཆོག་གི་མཛད་རྗེས་ཚོགས་པ་ཁག་ལྔས་ནག་བསུབ་གཏོང་གི་འདུག དཀོན་མཆོག་གསུམ་མཁྱེན།།
དེ་རིང་དྲ་ཐོག་གི་བོད་རིགས་སྤུན་ཟླ་ཚོས་༧གོང་ས་མཆོག་གི་བཀའ་སློབ་འདི་ལ་བསྐྱར་དུ་བསམ་གཞིགས་ཤིག་གནོང་དང་།
བར་ལམ་བོད་མི་ནང་ཁུལ་འཁྲུག་རྩོད་དང་གསོད་རེས་བྱེད་པ་སོགས་ཀྱི་ཚུལ་མིན་གནས་ཚུལ་མང་དུ་འགྲོ་གི་ཡོད་ཚུལ་ཐོས་པ་དེ་ནི་ཧ་ཅང་ཐབས་སྡུག་དང་བོད་མིའི་ཞབས་འདྲེན་ཡིན། དངོས་ནས་བྱས་ན་བོད་མིའི་གཞི་རྩའི་ཤེས་ཡོན་དང་། དཔལ་འབྱོར་ཡག་ཏུ་ཕྱིན་ཡོད་སྟབས། འདོད་རྔམས་ཆུང་དུ་འགྲོ་དགོས་པ་ཡིན་ཀྱང་། དེ་ལས་ལྡོག་སྟེ་སྡུག་ཏུ་ཕྱིན་ན་འབྱུང་འགྱུར་གྱི་གནས་སྟངས་གང་འདྲ་ཞིག་ཆགས་ཡོང་སྙམ་ཞིང་། ངོས་རང་མི་སྒེར་གཅིག་ཡིན་ཀྱང་། ད་ལྟ་ངས་བོད་སྤྱི་བའི་འགན་འཁྱེར་ཏེ་ཡོད། ངོས་ལོ་ན་རྒས་པའི་སྐབས་སུ་བོད་མིའི་བཟང་སྤྱོད་དང་མཚན་མཐོང་ལ་རྒྱ་ཞན་དུ་བྱིན་ན་ངོས་རང་བསྡད་མ་བསྡད་ཁྱད་པར་མི་འདུག་སྙམ་པ་སྐབས་རེར་དྲན་གྱི་འདུག།ད་ལྟ་བར་དུ་ཕྱོགས་ཚང་མས་རེ་བ་བརྒྱབས་པ་ལྟར་ཧུར་ཐག་བྱས་ཡོད། བོད་ཕྱི་ནང་ཚང་མས་གདུང་ཤུགས་གཅིག་བསྒྲིལ་གྱིས་འབད་བརྩོན་བྱས་ན་བསྟན་སྲིད་སྤྱི་ལ་ཕན་ཐོག་ཡོང་རྒྱུར་བརྟེན། དེ་ལྟར་རེ་བ་དང་ཡིད་ཆེས་བཅས་ཀྱིས་སྨོན་ལམ་ཚུན་བརྒྱབ་སྟེ་འབད་བརྩོན་བྱེད་ཀྱི་ཡོད།
༢༠༠༦།༡།༩དཔལ་ལྡན་འབྲས་སྤུངས་མཆོད་དུ་༧གོང་ས་མཆོག་གིས།
བོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་དམ་ཚིག་མཐུན་པོ་དགོས་པ་ཡིན། དེ་ཡང་ཆོས་སྐད་ནས་བཤད་ན་དམ་ཚིག་ལ་རྒྱ་དང་། འཇིག་རྟེན་ཕལ་སྐད་ལ་བཤད་ན་མཐུན་སྒྲིལ་གོང་བུ་གཅིག་གྱུར་དགོས་རྒྱུ་གལ་ཆེན་པོ་ཡིན། བོད་ཆོལ་ཁ་གསུམ་ཞེས་པ་འདི་ཆིག་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་ལྟར་ད་ལྟ་བཙན་བྱོལ་གནས་སྐབས་ལ་གལ་ཆེན་པོ་ཡིན་པ་མ་ཟད། ཕྱིན་ཆད་ཆོས་སྲིད་གཉིས་ལྡན་གྱི་བོད་རང་དབང་བྱུང་སྐབས་དེ་བས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་ཆིག་སྒྲིལ་མ་བྱུང་ན་ང་ཚོའི་ནུས་པ་སིལ་བུར་འགྲོ་རྒྱུའི་ཉེན་ཁ་ཡོད། བོད་རྒྱ་ཆེའི་མི་མང་ནས་དམ་ཚིག་གོང་བུ་ཆིག་སྒྲིལ་བྱས་ཏེ་སྤྱིའི་གཞུང་ལམ་དུ་ཤར་བགྲོད་བྱེད་པ་དང་གཅིག ལས་བྱེད་པ་རྣམས་ནས་སྤྱི་དོན་བསྒྲུབ་བྱ་གཟི་འོད་ལྡན་པའི་ལམ་ཕྱོགས་འདིའི་ཐོག་དཀའ་ངལ་དང་འགལ་རྐྱེན་ཇི་ཙམ་འཕྲད་ཀྱང་དཀའ་ངལ་བཟོད་ཅིང་འགལ་རྐྱེན་སེལ་ཐུབ་པ་དང་གཉིས། ང་རང་གི་ངོས་ནས་བོད་རྒྱ་ཆེའི་མི་མང་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཕྲན་བུ་ལས་མ་བྱུང་རུང་༧རྒྱལ་བ་རིན་པོ་ཆེས་མིང་དོན་མཚུངས་པའི་ཧུར་ཐག་བྱེད་ཐུབ་པ་དང་གསུམ་བཅས་རྟེན་འབྲེལ་ལེགས་པར་འཛོམས་པ་བྱུང་ན། ངའི་མི་ཚེ་ལ་འགལ་རྐྱེན་མི་ཡོང་བ་ཡིད་ཆེས་དང་གདེང་འཁེལ་ཏེ་ཡོད་ཅེས་ཆ་རྐྱེན་དང་སྤྲགས་ནས་བཀའ་སླེབས་འདི་ཕེབས་འདུག
༡༧།༣།༡༩༦༥བཞུགས་སྒར་དུ་སྒྲོལ་དཀར་གྱི་ཚེ་དབང་སྩོལ་སྐབས་ཤིག་ལ།
ང་ལ་བཟང་གི་ཟེར་ནས་མཐེ་མོང་བསྒྲེང་ཀྱང་དགའ་དོན་མེད་ལ། ང་ལ་ངན་གི་ཟེར་ནས་སྡུག་དམོད་བྱས་ཀྱང་འཕོག་དོན་མེད་ལགས། གཙོ་བོ་དེ་ནི་ངའི་ཞི་བའི་འཐབ་རྩོད་འདི་རྒྱུད་དེ་བོད་མིའི་བདེན་དོན་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་ཆེད། ཞི་བའི་མེ་ལྕེ་དེ་དག་གི་ཁ་ཆེམས་ཁུར་ནས་བོད་མི་རིགས་ལ་སྲི་ཞུ་ཐུབ་ཙམ་ཞིག་དང་དམིགས་དཔེ་རྟ་རྔ་ཙམ་ཞིག་ཞོག་སོང་བ་ཡིན་ན་དེ་གས་ཚིམས་པ་ཡིན་ན། ངའི་མིང་ཁུར་ནས་སྤྱི་སྒེར་སུས་ཀྱང་བོད་མིའི་ནང་ཁུལ་དུ་དགོས་མེད་ཀྱི་རྙོག་དྲ་མི་བཟོ་བ་མཁྱེན་མཁྱེན་མཁྱེན་ཞུ་རྒྱུ་ཡིན་ལགས།
མི་ཆུང་གིས་བཤད་པའི་སྐད་ཆ་འདིའི་སེམས་པ་ན་སོང། དངོས་གནས་རེད། རང་བཙན་པའི་ཁྲིམས་གཏུག་དེའང་རྒྱབ་སྐྱོར་ཡོད། ཁ་སང་སིད་སི་ནས་རྒྱ་ནག་གི་ཤ་ཆང་གི་ཟས་ལ་རོལ་བའི་བོད་མི་དེ་ཚོ་དང། དེ་དང་འདྲ་བ་མང་པོ་ཞིག་ལ་ཚོགས་པ་ཁག་ལྔས་མིག་ཟུར་ཙམ་ཡང་མི་འཕེན་པ་འདི་ཅི་འདྲའི་བློ་ཕམ་ཞིག་མ་རེད་དམ། གལ་སྲིད་ཚོགས་པ་འདི་དག་གི་ཚོགས་གཙོ་རྣམས་ལྐུགས་པ་རྐྱང་རྐྱང་ཡིན་ནའང། ཀླུ་མཁར་བྱམས་ནས་འདིའི་གནས་སྟངས་ཚང་མ་ཤེས་ཀྱི་རེད། ཡིན་ནའང། སྐབས་འདིར་ཁོང་གིས་ཀྱང་སྐད་ཆ་དྲང་པོར་མ་བཤད་པ་དེ་རང་བཙན་པ་རྣལ་མ་སྒྲུབ་བྱེད་དུ་ཡིན་སྲིད་ནའང། དེ་ནི་མི་གཤིས་ཀྱི་ཆ་ནས་དྲང་པོ་མེད་པ་དང་མང་གཙོའི་ཁེ་དབང་བཙན་འཕྲོག་བྱས་པ་མཐོང་བཞིན་ཁོང་ཚོའི་ནང་མཉམ་འཆོང་བྱས་པ་དེར་ཤིན་ཏུ་ནས་བློ་ཕམ་བྱུང་བས། ད་ནས་བཟུང་ཚོགས་པ་ལྔ་ཟེར་བར་འབྲེལ་བ་གཏན་གཅོད་བྱ་རྒྱུ་ཡིན་ལ། མི་འདི་དག་ལ་རེ་བ་དང་ཡིད་ཆེས་སྤུ་ཙམ་འཛིན་འདོད་མ་བྱུང།།
གླིང་ཚ་གལ་སྲིད་ཁྱེད་ཁུ་སིམ་མེར་དངུལ་ལོར་བསགས་ནས་ཨི་ཛི་རལ་དུ་བསྡད་ཡོད་ན། སུ་ཞིག་གིས་ཁྱེད་ལ་འབུར་འཇོམས་བྱེད་དོན་མེད། ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་རེད།
འོན་ཀྱང་ཁྱེད་ཀྱིས་རང་ཉིད་ཀྱི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་དང་། རང་ཉིད་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་གཉིས་ཐལ་བར་བོར་ཏེ། དཀའ་སྡུག་ཅི་བྱུང་ལ་མ་ལྟོས་པར། མི་རིགས་ཀྱི་བདེན་དོན་ཆེད། གོམ་བགྲོད་ཀྱིས་ལས་འགུལ་སྤེལ་སོང་བ་དེས་འཕྱུགས་པ་རེད།
དེ་མིན་ཚོགས་པ་ཁག་ལྔས་ལྡི་ལི་གཙོ་བོར་བྱས། ཕྱི་རྒྱལ་རྒྱལ་ཁབ་ཁག་གི་རྒྱ་ནག་གཞུང་ཚབ་མདུན། དོན་ངོ་མའི་མགོ་བཏགས་ཞུས་ཏེ་བོད་ནང་དུ་འགྲོ་མི་ཚོར་མི་ཟུར་ཙམ་ཡང་ལྟ་གིན་མེད།
ཁྱེད་ཀྱིས་ལམ་ཕྱི་མ་དེར་རྒྱུས་ལོན་ཞིག་བྱོས་དང་། སུ་ཞིག་གིས་ཀྱང་ཁྱེད་ལ་ཚིག་གིས་མི་འཕེན་ལ། མིས་གིས་མི་བསྡིགས།
ཁྱེད་ནི་ངོ་ཤ་སྐེམ་ལ། ཨོམ་ཚོམ་ཕྲན་ཙམ་ཞིག་དང་། ངོ་གདོང་གི་གཡས་གཡོན་གཉིས་ལ་ཐ་རེ་ཐོ་རེར་སྐྱེས་པའི་རྒྱ་ཅན་ཞིག་ཡིན། ད་ལྟ་ཅལ་གྱིས་འདྲོགས་ཀྱིན་པའི་ཇབ་རྩེ་རེ་རེས། ཁྱེད་ཀྱི་ངོ་གདོང་གི་ཁ་སྤུ་རེ་རེ་བྱས་འཐེན་གྱིན་འདུག
ཁྱེད་ཀྱི་བློས་གཏོང་གི་གསམ་གཞིག་གི་སྙིང་ཁ་རེ་རེ་ནས་མདུང་རྩེ་ཡིས་འབིགས་ཀྱིན་འདུག
ཆབ་སྲིད་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་པའི་ཚོགས་པ་ཁག་ལྔའི་བྱ་སྤྱོད་འདི་ལ་སྙན་ཐོ་ཚད་ལྡན་ཞིག་བཟོས་ནས་རྒྱལ་སྤྱིའི་སྒང་ཡིག་རིགས་འདྲ་མིན་ནང་བཀྲམས་དགོས་པ་རེད། ལྷག་པར་དུ་ཚོགས་པ་ཞིག་གིས་མི་སྒེར་གྱི་ཆབ་སྲིད་ཐོབ་ཐང་ཐད་ཐེ་གཏོགས་དང་འཇིགས་སྐུལ་འཐེན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཚར་བ་རེད། ད་ལྟའི་བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་འོག་དར་ཆ་འཕྱར་དང་མི་འཕྱར་གཉིས་ཀ་སྤྱི་དམངས་ཀྱི་ཐོབ་ཐང་ཆགས་ཡོད། རྒྱལ་སྤྱིའི་ངོས་འཛིན་ནང་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པ་ནས་བལྟས་ན། བོད་མི་སྒེར་གྱིས་དར་དམར་འཕྱར་ཏེ་རང་སྐྱོང་རྩོད་པར་ཐེ་གཏོགས་བྱས་ན་དེ་ཁྲིམས་ལུགས་ཀྱིས་འགན་མི་འཁུར་རང་འཁུར་ཆགས་ཡོད་པ་རེད། དེ་བས་གནད་དོན་འདི་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་གསལ་བོ་ཆགས་ཀྱི་རེད།
ཚོགས་པ་ཁག་ལྔས་མཉམ་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་སྒེར་ལ་འཇིགས་སྐུལ་འཐེན་པ་འདི་ཁྲིམས་འགལ་ཡིན་སྟབས། རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ན་ཡག་གི་རེད། ཁྱེད་ཚོས་དར་ཆ་མི་འཁྱེར་ན་ཁྱེད་ཚོའི་རང་དབང་རེད། གླིང་ཚས་དར་ཆ་འཁྱེར་ནས་ལས་འགུལ་སྤེལ་རྒྱུ་ཁོང་ཚོའི་རྗེས་ནས་མགོ་བཙུགས་ན་འགྲིག་གི་རེད། མ་གཞི་ནས་བོད་མི་ནང་ཁུལ་ལ་འཇིགས་སྐུལ་འཐེན་པ་འདི་ཆེས་ཐབས་སྐྱོ་བོའི་རང་བཞིན་ལས་མ་འདས་པས། ཁྱེད་རྣམ་པ་ནུས་བ་ངོ་མ་དེ་གསལ་བོར་མཐོང་སོང།། ཧཧཧཧཧ
< རྒྱ་དར་འཕྱར་བའི་རྐྱེན་བྱས་ཏེ་རྩོད་རྙོག་རིཊ་བྱུང་ན་གོ་སྒྲིག་པས་འགན་གང་ཡང་འཁུར་རྒྱུ་མིན> ད་སྐད་ཆ་འདི་འདྲ་དགོ་ནི་རེད། རྩོད་རྙོག་སྤུན་ཟླ་ནང་ལ་བྱུང་གི་རེད། འགན་འཁུར་དགོ་ནི་མ་རེད། ད་དུང་ནང་དམེས་བྱེད་བཞིན་པར་ལྟད་མོ་ལྟོས་ཡ།
༄༅། །གཉའ་གྲགས་པ་ལགས། བོད་པ་ནང་ཁུལ་ལ་འཇིག་སྣང་སྐུལ་བ་མ་རེད་བོད་མི་ལམ་ཁ་རླག་པ་རེ་ཟུང་རྣམས་ལ་དྲན་སྐུལ་རེད། རྒྱ་དར་དམར་པོ་དེའི་འོག་ད་བར་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལས་མང་བ་འདས་གྲོངས་སུ་གྱུར་པ་རྣམས་དྲན་སྐུལ་བྱེད་ཀྱིན་ཡོད་པ་ལོང་བས་བལྟས་ཀྱང་མཐོང་ཐུབ། ཁྱེད་རང་གི་བཀའ་མོལ་གསུངས་སྟངས་ལ་ཞིགས་ན་ཕལ་ཆེར་ཁྱེད་རང་གིས་ལས་འགན་ཞིག་ཡོད་པའི་ཆ་ནས་དཀྲུགས་ཤིང་རློང་གི་མེད་དམ་མཉམ་པའི་དོགས་གཞི་འདུག ཚང་མས་ཟབ་ཟབ་གནང་དགོས།
རྡོག་རྡོག་བཤད་ན། བོད་པ་ནང་ཁུལ་ལ་འཇིགས་སྣང་སྐུལ་གྱིན་ཡོད་པ་དེ་རེད་ཤག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོར་བྱས་རྗེས་ཆེ་བ་ལ། དགྲ་བོ་རྒྱ་དམར་གཞུང་ལ་མཛུབ་མོ་ཙམ་ཡང་འཛུགས་ཐུབ་མེད། བོད་ནང་སྤུན་ཟླ་ཚོ་གཅིག་རྗེས་གཉིས་མཐུད་དུ་མེ་ལ་འབར་བཞིན་ཡོད། ངྷ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོར་སྙིང་སྟོབས་ཆེ་བ་ལ།