མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲེག་ལ་རྒོལ་བ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༦ ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནང་བསྟན་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་ཟི་ལིང་མགྲོན་ཁང་དུ་བསྡུས་ཡོད་པ་དང་། དེར་མཚོ་སྔོན་ས་ཁུལ་གྱི་དགོན་སྡེ་དང་ཆོས་ལུགས་ལས་སྣེ་ཁག་གི་འཐུས་མི་ ༣༠ ལྷག་སྐོང་འགུག་བྱས་ཏེ། ‘ཚེ་སྲོག་ལ་གཅེས་འཛིན’ དང་། ‘བརྟན་འཇགས་ལ་སྲུང་སྐྱོབ’  ‘རང་སྲེག་ལ་ངོ་རྒོལ’ བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་དུ་བཅུག་ཡོད་འདུག

གནས་ཚུལ་ནང་ཚོགས་འདུ་དེར་ཞུགས་མཁན་མི་སྣ་སྐོར་ཞིག་གི་གཏམ་བཤད་བཀོད་དོན། “མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གསེར་ཁྲི་ཆོས་ཀྱི་བློ་གྲོས་ལགས་ཀྱིས་ཡིག་ཐོག་བརྒྱུད་ནས་གསུང་རྒྱུར། སྤྱིར་ཆོས་ལུགས་ཀྱི་ངོས་ནས་བཤད་ན། རང་སྲེག་བྱེད་པའི་བྱ་སྤྱོད་ནི་ཡ་ང་ཞིང་སྡུག་པའི་ལས་འབའ་ཞིག་ཡིན་པས་ཆོས་ ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་ལུགས་ལ་དད་མོས་བྱེད་མཁན་རྣམས་ཀྱིས་དལ་འབྱོར་ གྱི་མི་ལུས་འདིའི་རིན་ཐང་ལ་ངོས་འཛིན་ཡང་དག་བྱེད་པ་དང་དཀར་ནག་དགེ་སྡུག་གི་ ལས་འབྲས་གསལ་བོར་རྟོགས་པར་བྱས་ཏེ་ཡང་དག་པའི་ཆོས་ལུགས་ཀྱི་ལམ་དུ་བསྐྱོད་དགོས་པའི་སྐུལ་མ་བཏང་།

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཤར་ཚང་གིས་གསུང་རྒྱུར། མི་རིགས་གང་ཞིག་ཡིན་ན་ཆོག་ལ་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཀྱང་ཆོག ཚང་མས་ལག་པའི་ཕྱི་ནང་ཚང་མ་ཤ་ཡིན་པའི་འདུ་ཤེས་བཅངས་ནས། རང་ཉིད་དང་གཞན་པའི་ཚེ་སྲོག་ལ་གཅེས་འཛིན་བྱས་ན་ད་གཟོད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་མཐུན་པར་མ་ཟད་འཇིག་རྟེན་མི་ཆོས་དང་ཡང་མཐུན་པས། ང་ཚོས་ངེས་པར་དུ་ཚེ་སྲོག་ལ་གཅེས་འཛིན་བྱེད་རྒྱུ་ནི་ཀུན་ལས་ཀྱང་གལ་ཤིན་ཏུ་གལ་ཆེ་ཞེས་གསུངས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་གྱིས་བཤད་རྒྱུར། ཚེ་སྲོག་ལ་གཅེས་འཛིན་བྱེད་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱི་རེ་འདུན་ཡིན་ཞིང་། རང་སྲེག་བྱེད་པ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཡིན་པས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་རང་སྲེག་བྱེད་པའི་ནག་ཉེས་ཀྱི་རྒྱབ་ལྗོངས་དང་རྣམ་པ། མཇུག་འབྲས་བཅས་ལ་འདང་གསལ་བོར་བརྒྱབ་སྟེ། མངོན་གསལ་གྱི་སྒོ་ནས་ནགས་ཉེས་ཀྱི་བྱ་སྤྱོད་འདི་ལ་རྒོལ་གཏམ་དྲག་པོ་གཏོང་བ་དང་། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་ཆེན་པོ་ བྱེད་དགོས།

ཐེམ་ཆེན་རྫོང་བྲ་ཚ་དགོན་པའི་སྐར་མ་བཀྲ་ཤིས་ ཀྱིས་བཤད་རྒྱུར། མི་ཞིག་ཡིན་ན་རང་ལུས་གཅེས་འཛིན་དང་རང་སྲོག་རང་སྲུང་བྱེད་པ་དང་། ཆོས་ཀྱི་ངོས་ནས་བཤད་ནའང་རང་སྲོག་རང་གིས་བཅད་ན་ཡང་གཞན་སྲོག་བཅད་པ་དང་གཅིག་འདྲ་ཡིན་པས་ང་ཚོས་དུས་དང་རྣམ་པ་ཀུན་དུ་བདག་གཞན་གཉིས་ལ་མི་འཚེ་བ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཞེས་བསྟན།

མཚོ་ནུབ་ཁུལ་ཏུའུ་ལན་རྫོང་གི་ཐུབ་བསྟན་དགའ་ དབང་གིས། འཇིག་རྟེན་མི་ལུས་ཐོབ་རྒྱུ་ནི་ཤིན་ཏུ་དཀའ་ཞིང་། དལ་འབྱོར་གྱི་མི་ལུས་ཐོབ་ཡོད་པ་ཞིག་ཡིན་ན་ང་ཚོས་ངེས་པར་དུ་རང་གི་རིན་ཆེན་ལུས་རྟེན་འདི་ལ་གཅེས་འཛིན་བྱེད་དགོས་པ་དང་། དུས་སྐད་ཅིག་མའི་ནང་དུ་ཡང་མི་ཚེ་དེ་སྟོང་ཟད་དུ་མི་གཏོང་བར་ཚེ་དང་བསོད་ནམས་དར་བའི་ལས་འབའ་ཞིག་བསྒྲུབ་པར་བརྩོན་ལེན་ཆེས་ཆེར་བྱས་ཏེ། སྲོག་གཅོད་པ་སོགས་ཀྱི་སྡིག་པའི་ལས་ངན་པ་མཐའ་དག་སྤང་བར་བྱས་ཏེ། སྙིང་རྗེ་ཆེན་པོས་ཚེ་སྲོག་ལ་གཅེས་འཛིན་དང་ཚེ་སྲོག་ལ་བརྩི་བཀུར་བྱེད་དགོས་ཞེས་བཤད།

རྨ་ལྷོ་ཁུལ་ཧི་ནན་རྫོང་ལ་ཁ་དགོན་པའི་ལ་ཁ་ཚང་གིས། ང་ཚོ་ནི་ནང་ཆོས་ཀྱི་རྗེས་མཇུག་པ་ཡིན་པའི་ཆ་ནས་ཆོས་ལུགས་ཀྱི་ལས་དོན་དག་ཡང་དག་པར་གཉེར་དགོས་པར་མ་ཟད། རྒྱལ་ཁབ་ལ་དྲིན་གཟོ་བ་དང་རྒྱལ་ཁྲིམས་སྲུང་བ་སོགས་ཀྱི་སྤྱི་དམངས་ཀྱི་ལས་དོན་དག་ཀྱང་རེ་རེ་བཞིན་ཡང་དག་པར་བརྩི་སྲུང་བྱ་དགོས་ཞེས་གསུངས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བ་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་འཁུར་ཡོད་པའི་བླ་སྤྲུལ་རྣམ་པས་ཆོས་ལུགས་མི་སྣའི་སྣང་བརྙན་ལེགས་པོ་བཞེངས་བསྐྲུན་བྱས་ཏེ། རང་ནུས་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་ལ་དགའ་བ་དང་རྒྱལ་ཁྲིམས་བསྲུང་བ་བཅས་བྱས་ནས། རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་རྣམས་རྒྱལ་ཁབ་ལ་དགའ་བ་དང་རྒྱལ་ཁྲིམས་བསྲུང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་གཅིག་གྱུར་ཡོང་བ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཡང་དག་པའི་ལམ་དུ་སྣེ་ཁྲིད་བྱས་ཏེ། རང་རྟོག་སྒོས་རང་སྲེག་བྱེད་པའི་ནགས་ཉེས་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་ཁ་བྲལ་གྱི་བྱ་འགུལ་སྣ་ཚོགས་ལ་རྒོལ་གཏམ་དྲག་པོ་གཏོང་དགོས་པའི་རེ་བ་བཏོན། 

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ གཞོན་པ་གཟིམ་ཁང་ཚང་དང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས། 

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་འབོད་སྐུལ་ཡི་གེ་བཏོན་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་རྩ་འཛུགས་བྱས་ནས་མཉམ་དུ་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་དང་བརྟན་འཇགས་སྲུང་སྐྱོང་བྱེད་པ། རང་སྲེག་རྒྱག་པར་ངོ་རྒོལ་བྱེད་པ་བཅས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་འབོད་སྐུལ་བཏང་།” ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༢༢ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

༢༠༢༦/༠༥/༢༥
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

༢༠༢༦/༠༥/༢༥
Front Slider

Long-life prayer offereing to His Holiness by two associations

༢༠༢༦/༠༥/༢༥
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese