མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་བློ་བློ་ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་ཁམས་ཡུལ་ཤུལ་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བློ་བཟང་སྦྱིན་པ་ལགས་སུ་ལོ་ ༥ དང་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་སུ་ལོ་ ༦ བཅས་ཀྱི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ལྔ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ལས། དབང་པོ་སྐྱོན་ཅན་ཡིན་པ་གྲྭ་ངག་དབང་སྨོན་ལམ་ཟླ་གཅིག་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་བཙོན་འཇུག་གིས་ཟླ་འགའ་ཕྱིན་རྗེས་གྲྭ་བློ་བཟང་སྦྱིན་པ་དང་ཚུལ་ཁྲིམས་སྐལ་བཟང་གཉིས་ལ་བཙོན་ཁང་དུ་ཉེས་རྡུང་ཚད་མེད་བཏང་སྟེ་སྐུ་གཟུགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་བརྟེན། གནས་སྐབས་བཙོན་གྲོལ་གཏོང་དགོས་བྱུང་ཡོད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་གྲྭ་བློ་བཟང་སྦྱིན་པ་ལགས་སླར་ཡང་དགོན་ནང་ནས་འཛིན་བཟུང་བྱས་ཏེ་ཉེ་ཆར་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟ་ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་མིན་ཤེས་རྟོགས་མེད་པ་ཆགས་ཡོད་འདུག གྲྭ་བློ་བཟང་སྦྱིན་པ་ལགས་ད་ལྟ་རང་ལོ་ ༣༡ ཡིན་ཞིང་། ཁོང་གི་ཕ་མིང་ལ་རྟ་རྒྱལ་དང་མ་མིང་པདྨ་མཚོ་མོ་ཟེར་གྱི་ཡོད་འདུག 

 གཞན། ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་རྒྱ་གཞུང་གིས་འཛིན་བཟུང་གིས་འདྲི་རྩད་མནར་གཅོད་ཚད་མེད་བཏང་མཐར་ཀློད་གྲོལ་བཏང་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༣ ཉིན་སླར་ཡང་འཛིན་བཟུང་གིས་ཉེ་ཆར་ལོ་ ༦ ཡི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆར་ཁོང་བཙོན་ཁང་གང་དུ་བཅུག་ཡོད་པ་དང་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད། གླུ་བ་བློ་བློ་ལགས་ད་ལྟ་རང་ལོ་ ༣༠ ཡིན་ཞིང་། ཁོང་གི་ཕ་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང༌མ་མིང་ལ་ཆོས་སྐྱིད་སྒྲོལ་མ་ཟེར་གྱི་ཡོད་འདུག

གོང་གསལ་གཉིས་ཀར་ཁྲིམས་ཁང་གང་ནས་ཁྲིམས་ཐག་བཅད་ཡོད་མེད་དང་། ཉེས་འཛུགས་ག་རེ་བྱས་ཡོད་མེད་སོགས་གསལ་བོ་མི་འདུག 

གླུ་བ་བློ་བློ་ལགས་ཀྱིས་༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽  ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། ༡༽ ཕ་ལམ་གས་ཆག་ཤོར་བའི་མིག་ཆུ། ༢༽ ཕ་ས་ཤོར་བའི་དབུགས་རིང་། ༣༽པཎ་ཆེན་ལགས། ༤༽ ཕེབས་ཤོག ༥༽བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༦༽ སྡེ་དགོན་ཟུང་། ༧༽བདེན་གཏམ། ༨༽ རེ་སྒུག་གི་ལོ་ཟླ། ༩༽ ངའི་ཚེ་སྲོག ༡༠༽ མཛའ་གཞས། ༡༡༽ མ་འོངས་རྒྱལ་ཁའི་རྩ་བ། ༡༢༽ མདུན་ལམ། ༡༣༽ ལེགས་ཚོགས་རབ་བཀྲ། ༡༤༽ བཀྲ་རེ་ཤིས་བཅས་གཞས་སྣ་ཁག་ ༡༤ ཙམ་ཡོད་འདུག 

༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽ཞེས་པའི་གཞས་ཚིག་ནི། བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། དོན་བདེན་པ་དབུ་མའི་ལམ་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། གངས་དཀར་པོའི་ལ་རྒྱ་སྐྱོང་བའི་ཕྱིར། བོད་རང་བཙན་གཙང་མ་འཐོབ་པའི་སླད། དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༧སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། བོད་གཞིས་བྱེས་ལྷན་འཛོམས་འབྱུང་བའི་སླད། སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། སེང་གངས་རིས་བརྒྱན་པའི་དར་ཆ་འདི། བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། བྲིས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese