རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐང་ཚོཊ་ཆེན་ཐེངས་ ༢༢ སྟེང་། ཨ་རི་དང་ཡུ་རོབ་མནའ་འབྲེལ་སོཊ་མཐུན་ཕྱོཊ་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐང་ཐོག་བརྩི་བཀུར་དགོས་པའི་ནན་སྐུལ་ཞུས་འདུག
ཉེ་ལམ་སུད་སིར་གྲོང་ཁྱེར་འཇི་ནེ་ཝར་ཚོཊ་པའི་རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐོང་ཚོཊ་ཆེན་ཐེངས་ ༢༢ ཐོག ཚོཊ་ཞུཊ་རྒྱལ་ཁབ་ཨ་རི་དང་ཡུ་རོབ་མནའ་འབྲེལ་སྒྲིག་འཛུཊ། འཇར་མན། ཨོ་སི་ཊོ་ལི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། སུ་ཝེ་ཌ་སྐུ་ཚབ་བཅས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་བརྩི་སྲུང་ཞུ་དགོས་པའི་ནན་སྐུལ་ཞུས་འདུག
ཚོཊ་ཐོག་ཏུ་ཚོཊ་ཞུགས་རྒྱལ་ཁབ་ཉེར་བདུན་ལས་གྲུབ་པའི་ཡུ་རོབ་མནའ་འབྲེལ་སྒྲིག་འཛུཊ་སྐུ་ཚབ་ཀྱིས། བོད་རིཊ་གནས་སྡོད་ས་ཁུལ་ཁག་ཏུ་རང་ལུས་མེར་བསྲེཊ་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། རྒྱ་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཆེད་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་རྒྱུ། བོད་རང་སྐྱོང་ལྗོངས་ས་ཁུལ་ཁག་ཏུ་ཕྱི་མི་འགྲོ་རྒྱུར་བཀག་སྡོམ་མཚམས་འཇོག་གིས་བོད་མིར་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སྤྲོད་དགོས་སྐོར་བརྗོད་འདུག
དེ་བཞིན། ཨ་རིའི་སྐུ་ཚབ་ཀྱིས་རྒྱ་གཞུང་གིས་གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་དང་རིག་གཞུང་། གོམས་སྲོལ་སོཊ་ལ་མཐོང་ཆུང་ཁྱད་གསོད་ཀྱི་སྲིད་བྱུས་ལག་བསྟར་བྱས་སྟབས། བོད་དང་ཤིང་ཅང་གཉིས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྐོར་དང་། རྒྱ་གཞུང་གིས་བོད་མི་རང་སྲེག་གཏོང་མཁན་ཚོའི་ནང་མི་དང་དགའ་ཉེ་གྲོཊ་པོ་ཚོར་དོན་མེད་ཉེས་འཛུཊ་ཀྱིས་འཛིན་བཟུང་བྱེད་པ་སོཊ་བོད་ནང་གནས་སྟངས་ཛ་དྲག་ཆཊ་ཡོད་ཚུལ་བརྗོད།
འཇར་མན་སྐུ་ཚབ་ཀྱིས་རྒྱ་གཞུང་གིས་བོད་མི་རང་སྲེག་གཏོང་མཁན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག བོད་མི་མང་པོ་ཞིག་གང་བྱུང་འཛིན་བཟུང་གིས་ཉེས་ཆད་ནན་མོ་གཅོད་བཞིན་པར་སེམས་འཚབ་ཡོད་ཅིང་། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་བོད་མིའི་རང་སྲེག་གི་དཀའ་ངལ་ཁག་སེལ་ཐབས་བྱས་ཏེ། བོད་མིའི་ཆོས་དང་རིག་གཞུང་། ཐུན་མིན་གོམས་གཤིས་སྲུང་སྐྱོབ་རང་དབང་སྤྲོད་དགོས་ཤིང་། མི་འགྱངས་བར་རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་བོད་དུ་ཆེད་བསྐྱོད་གནང་རྒྱུའི་མཐུན་འགྱུར་བསྐྲུན་དགོས་སྐོར་བརྗོད།
མཇུག་ཏུ་བོད་མིའི་སྐུ་ཚབ་བསྟན་འཛིན་བསམ་འཕེལ་ལཊ་ཀྱིས། ད་བར་བོད་ནང་བོད་མི་ ༡༠༧ ཡིས་རང་ལུས་མེར་བསྲེཊ་དང་དེའི་ནང་མི་ ༩༠ འདས་གྲོངས་སུ་ཕྱིན་ཡོད་པ། རང་སྲེག་གཏོང་མཁན་ཚོའི་དགོས་འདུན་༸གོང་ས་མཆོག་ལ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ལ་རང་དབང་དགོས་རྒྱུ་གཉིས་ཡིན་ཚུལ། རྒྱ་གཞུང་གིས་བོད་ནང་སྔར་ལས་དྲག་གནོན་དང་བོད་མིར་དཔལ་འབྱོར་དང་མི་རིཊ་དབྱེ་འབྱེད། ཆོས་དང་རིག་གཞུང་། སྐད་ཡིག་དང་ཁོར་ཡུག་སོཊ་གཏོར་བཤིག་གཏོང་བཞིན་པ་གསལ་བཤད་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།