མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པར་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་སླར་ཡང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༢ ། ༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད། རང་ལོ་ ༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུག་ཤིང་ལག་ཏུ་ཆོས་དར་བཟུང་ནས་སྐུ་ལུས་མེ་རུ་བསྒྲོན་ཏེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུག་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་གྲྭ་པ་དང་མི་མང་བཅས་མང་བོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག

སྨན་ཁང་དུ་འབྱོར་མཚམས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག ཁོང་གི་ཕ་མིང་ལ་རོགས་ཕྲུག་དང་། མ་མིང་ལ་དེ་པོ་ཟེར་ཞིང་དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་། ནམ་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཁོང་ལ་ཤུལ་དུ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད།

དེ་རིང་སྟེ་ ༣།༡༦ ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྔ་པ་ནས་བོད་མི་མང་པོ་ ཞིག་དམར་གསོད་བྱས་པའི་ཉིན་མོར་ཁེལ་ཡོད་པ་དང་། ལོ་དེ་ནས་བཟུང་ལོ་རྟག་པར་རྔ་པ་མི་མང་གིས་དུས་ཚེས་དེར་རྣམ་པ་འདྲ་མིན་གྱིས་སྒོ་ནས་རྗེས་དྲན་སྲུང་གཙི་བྱེད་བཞིན་ཡོད་འདུག

ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་ ༢༠༡༢  ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། ལོ་སོ་སོའི་གསུམ་པའི་བཅུ་དྲུག་གི་ཉིན་མོ་རྗེས་དྲན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 5

  1. གནས་ཚང་། says:
    ལོ་ 13 སྔོན།

    རང་དབང་གི་མཆོད་པ་ནི་མཆོད་པའི་མཆོག་གོ

    Reply
  2. ཐོ་རེངས། says:
    ལོ་ 13 སྔོན།

    རང་རེའི་ཆབ་སྲིད་རྩོད་ལེན་ཀྱིས་ཆེད་དུ་རང་ལུས་མེ་ལ་བསྲེག་རྒྱུ་དེ་ནི། དེ་བཞིན་གཤེགས་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའི་ལས་ཀྱི་ཕྱིར་བདག་གི་ལུས་ལ་མེ་འབར་བར་བྱས་པ་རེད་དམ།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    མདོ་<<དམ་ཆོས་པད་དཀར་>>གྱི་ལེའུ་ཉི་ཤུ་རྩ་གཉིས་པ་<སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་པ>ཞེས་པའི་ནང་། “དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་༌༌རང་གི་ལུས་ལྷའི་རས་ཀྱིས་ཀུན་ཏུ་དཀྲིས་ནས་འབྲུ་མར་གྱིས་ཞེན་པར་བྱས་ཏེ་༌༌དེ་བཞིན་གཤེགས་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའི་ལས་ཀྱི་ཕྱིར་བདག་གི་ལུས་ལ་མེ་འབར་པར་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ཀྱི་མར་མེ་འབར་བ་དེའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་ཡང་དག་པའོ།། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་ཆོས་ལ་མཆོད་པ་ཡང་དག་པ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་མཆོད་པ་དང་། ཟང་ཟིང་གིས་མཆོད་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོས་མཆོད་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་སྦྱིན་པ་འདི་ནི་མཆོག་སྟེ། རྒྱལ་སྲིད་ཡོངས་སུ་གཏོང་པའི་སྦྱིན་པ་ནི་དེ་ལྟ་མ་ཡིན་ནོ།། བུ་དང་ཆུང་མ་ཕངས་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཡང་དེ་ལྟ་མ་ཡིན་ནོ།། རིགས་ཀྱི་བུ་གང་བདག་གི་ལུས་གཏོང་བའི་ཆོས་ཀྱི་མཆོད་པ་འདི་ནི་མཆོད་པ་ཁྱད་པར་ཅན་ནོ། །དམ་པའོ། །མཆོག་གོ། །ཕུལ་ལོ། །གྱ་ནོམ་པའོ། །༌༌༌སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཚིག་དེ་སྐད་ཅེས་གསུངས་ནས་དེ་ནས་ཅང་མི་གསུར་པར་གྱུར་ཏོ།།”

    Reply
  4. ཐོ་རེངས། says:
    ལོ་ 13 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༢༠༡༡ ནས་བཟུང་སྟེ་མུ་མཐུད་དུ་བོད་མདོ་ཁམས་ས་ཁུལ་དུ་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གི་སྲིད་གཞུང་ངོ་རྒོལ་དང་བོད་བསྟན་སྲིེད་ལ་ཕན་པའི་རེ་བ་བཅང་ཀྱིན་ཡོད། དམ་པའི་ཆོས་ཕྱོགས་ནས་བསམ་ན། རང་གིས་རང་ཉིད་བསད་ན་མི་གསོད་པའི་སྡིག་པ་ཡོད་ཚུལ་ཉན་ཐོས་ཐེགས་པ་ནས་བཟུང་སྟེ་རྡོ་རྗེ་ཐེགས་པ་ལ་མ་ཐུག་གི་བར་དུ་གསལ་བོར་གསུངས་ཡོད་པ་དེ་རེད། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན། འདི་ནི་ཨུ་ཐུགས་ཐབས་སྡུག་གི་ལས་ག་ཞིག་ལས་དཔའ་མཛངས་ལྡན་པའི་མི་རིགས་ཞིག་གི་བྱ་བ་གཞི་ནས་མིན་ལ། གཞན་དོན་འབའ་ཞིག་གི་སྒོ་ནས་རང་སྲོག་དོར་ན་བྱང་སེམས་འཕགས་བའི་མཛད་སྤྱོད་དུ་འགྱུར་སྲིད་ནའང་། འདི་རྣམས་དེ་ལྟར་བསྒྲུབ་ཐུབ་རྒྱུ་དཀའ།
    ང་ཚོའི་ཁ་གཏད་བྱེད་ཡུལ་དེ་ནི་ངོ་ཚ་དང་ཁྲེལ་མེད་པས་སྲིད་གཞུང་ཞིག་ཡིན་ན། འདིའི་ནི་བྱ་བ་འདི་ལ་གྲུབ་འབྲས་ལེགས་པོ་གང་ཡང་གནང་མི་སྲིད་ལ། ཡང་མི་འགའ་རེའི་གོང་ས་མཆོག་ཕ་ཡུལ་དུ་ཕེབས་ཐུབ་པ་ལ་རེ་སྨོན་ཞིག་གི་ཚུལ་དུ་རང་ལུས་མེ་བསྲེག་བཏང་ཡོད་ཚུལ་བཤད་པ་འདི་ནི། ཆེས་ནོར་འཁྲུལ་
    ཚབ་ཆེན་ཞིག་རེད། བོད་མི་རྣམས་ཀྱིས་འདི་ལྟར་བྱས་ན། ཁོང་གིས་ཐུགས་བཞེད་མི་འགྲུབ་པ་དང་སྐུ་ཚེའི་བར་ཆད་དུ་འགྱུར་བའི་ཉེན་ཁ་ཡོད་པ་ལས་ཕན་ཐོག་གང་ཡང་མེད་ངེས། བཙན་གཤོལ་གཞུང་གིས་འདི་ལ་བསྟོད་བསྔགས་དང་བསྔོ་སྨོན་རེ་བྱེད་ཁུལ་བྱེད་རྒྱུ་འདི་ལ་ནི་དངོས་གནས་ན་བཤད་མི་སྒེར་དང་ཡང་
    ཆབ་སྲིད་ཀྱི་ལྟ་བ་ཉི་འཚེ་བ་ལས་གང་མ་མཐོང་། ཁོང་ཚོ་ནི་རང་དབང་ལུང་པར་བསྡད་ནས་བོད་རང་གི་ཆོས་དང་རིགས་གནས་རྒྱུན་སྐྱོང་བྱེད་རྒྱུ་ཕར་ཞོག ཐ་ན་བོད་སྐད་དང་བོད་ཡིག་ཙམ་ལ་ཡང་དོན་གཉེར་མེད་པ་འདི་མཐོང་ཆོས་མངོན་གྱུར་རེད། ད་དུང་ཡང་ཁ་ནས་བོད་དོན་འབའ་ཞིག་མ་གཏོགས་མེད་ཁུལ་བྱེད་རྒྱུ་
    འདི་ནི་རང་གི་རྐུབ་སྟེགས་མཐོར་འདེགས་ཀྱི་ཆེད་དུ་རེད།
    དེས་ན་གཞི་ལུས་སྤུན་ཟླ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཆུད་གཟོན་དུ་མི་གཏོང་བར་ཆོས་དང་བོད་ཀྱི་རིགས་གནས་ལ་ཧུར་བརྩོན་འོག མ་འོངས་པའི་མདུན་ལམ་བཙལ་རོགས་ཞེས་སྙིང་ནས་འབོད་བསྐུལ་ཞུས་པ་ཡིན།

    Reply
  5. གནས་ཚང་། says:
    ལོ་ 13 སྔོན།

    ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། རྒྱལ་གཅེས་དཔའ་བོ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese