མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་ཚོ་སེར་ཤུལ་རྫོང་ཐོག་ཏུ་བཀག་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྫ་ཆུ་ཁ་སེར་ཤུལ་རྫོང་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་གྱི་གྲྭ་བ་གསུམ་ད་ཆར་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པ་དང་། མི་འགྱངས་པར་མི་ཉག་ར་རྔ་རྫོང་གི་བཙོན་ཁང་དུ་འཁྲིད་རྒྱུ་ཡིན་འདུག

གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་རྫ་ཆུ་ཁ་སེར་ཤུལ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་གནང་མཁན། རྫ་ཆུ་ཁ་མང་དགེ་དགོན་པའི་གྲྭ་ཐུབ་བསྟན་དགེ་ལེགས་དང་བློ་བཟང་བསམ་གཏན། རྣམ་རྒྱལ་ཚེ་རིང་བཅས་གྲྭ་པ་གསུམ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ཁོང་གསུམ་སེར་ཤུལ་རྫོང་ཐོག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་མ་ཟད།  ཁོང་གསུམ་ཕྱི་ཚེས་  ༧  ཉིན་གྱི་དགོང་མོ་མང་དགེ་ས་གནས་སློབ་གྲྭའི་ནང་བསྒྲེངས་པའི་རྒྱ་ནག་གི་རྒྱལ་དར་མར་ཕབས་མཁན་ཡིན་པའི་ཉེས་འཛུཊ་འོག མི་འགྱངས་པར་མི་ཉག་ར་རྔ་རྫོང་གི་བཙོན་ཁང་ཞིག་ཏུ་འཁྲིད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག  

ཉེ་ལམ་ངོ་རྒོལ་སྐད་འབོད་ཀྱི་གནས་ཚུལ་བྱུང་རྗེས་རྒྱུ་གཞུང་གིས། སྡེ་བ་དང་དགོན་པའི་ནང་དམག་མི་འབོར་ཆེན་མངགས་གཏོང་གིས་དམ་དྲག་བྱེད་འཆར་བྱས་ཡོད་ཀྱང་། དགོན་པའི་བླ་མ་སོགས་གནད་ཡོད་མི་སྣ་ཚོས་དགོན་གྲོང་གཉིས་ཀ་ལྷིང་འཇགས་ངང་སྡོད་པའི་སྐབས་སུ་ཟིང་ཆ་བསླངས་ཏེ་གནས་ཚུལ་བྱུང་བ་ཡིན་ན། ཁོང་ཚོས་འགན་འཁུར་མི་ཐུབ་པའི་བརྡ་ལན་སྤྲད་སྟབས། དགོན་གྲོང་གཉིས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་མི་འདུག་མོད། ཁོང་གསུམ་འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་དང་ལས་བྱེད་མི་སྣ་མངགས་གཏོང་གིས་གྲྭ་ཤག་སྔོག་བཤེར་གྱིས་ཅ་དངོས་ཁག་ཅིག་གཞུང་བཞེས་བཏང་བ་དང་། ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོར་ཁོང་རྣམ་པའི་ལག་འཁྱེར་དང་བརྙན་ཆས་ཀྱི་རིགས་སོགས་རྩིས་སྤྲོད་བྱེད་བཅུག་ཡོད་པ་མ་ཟད། ནང་མི་ཚོ་ཁོང་ཚོའི་ལས་འགུལ་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་ཆེད་དམག་མི་དང་ལས་བྱེད་མི་སྣ་ཁག་ཅིག་ཆེད་དུ་མངགས་གཏོང་བྱས་ཡོད་འདུག

ཉེ་ལམ་ཕྱི་ཚེས་ ༡༠ ཉིན་ཁོང་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཀྱི་འཕྲེད་དར་ཐོག “ རང་དབང་ནི་བདེ་སྐྱིད་ཀྱི་རྩ་བ་རེད།  བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་དགོས།  ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས། “ཞེས་སོགས་འཁོད་ཡོད་འདུག

ད་ཆར་རྒྱ་གཞུང་གིས་ས་གནས་དགོན་གྲོང་གཉིས་ལ་ལྟ་རྟོག་ནན་མོ་བྱེད་ཀྱིན་པ་མ་ཟད། ས་གནས་ཀྱི་བརྒྱུད་ལམ་ཁག་ཚང་མ་བཀག་འགོག་བྱས་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 1

  1. འཇའ་ཐང་འབྲོག་བུ། says:
    ལོ་ 10 སྔོན།

    རྒྱལ་གཅེས་དཔའ་བོ་དག་ལ་བསྔགས་བརྗོད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist