མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་ལྗོངས་སྤྱི་ཡོངས་ཀྱི་ཆ་ནས་ནང་ཆོས་ཀྱི་ཤུཊ་རྐྱེན་ཆེན་པོ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་འབྲས་ལྗོངས་རཱ་ཝང་ལར་མཐོ་ཚད་ཕི་ཊི་ ༡༣༥ ཡོད་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་ལ་རབ་གནས་དང་ས་གནས་ཏ་ཐཱ་ག་ཐ་སྐྱེད་ཚལ་དབུ་འབྱེད་གནང་ཡོད་འདུག

༸གོང་ས་མཆོག་གིས་ལྡི་ལིའི་མཛད་འཆར་ཁག་གྲུབ་རྗེས། འབྲས་ལྗོངས་མངའ་སྡེ་གཞུང་གིས་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ (Bagdogra) པག་ཌོག་རའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་ཅིང་། དེ་གར་འབྲས་ལྗོངས་གཞུང་གི་དགོན་སྣེ་ལྷན་ཁང་གི་དྲུང་ཆེས་གཙོས་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དྲུང་ཆེ། ཀ་རྡོར་སྒང་གསུམ་མི་དམངས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། གནམ་ཐང་ནས་ཐད་འཕུར་གནམ་གྲུ་བརྒྱུད་རཱ་ཝང་ལ་ས་གནས་སུ་ཆིབས་བསྒྱུར་སྐབས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པཱ་ཝན་ལྕམ་ལིང་མཆོག་གཙོས་མངའ་སྡེའི་གྲོས་ཚོཊ་འཐུས་མི་དང་བློན་ཆེན་རྣམ་པ། སྒེར་རྩེ་རིན་པོ་ཆེ། རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ། བོད་པ་དང་ནང་པའི་ཡུལ་མི། སློབ་ཕྲུག་བཅས་ཀྱིས་ཕེབས་བསུ་ཞུས་འདུག

ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་འབྲས་ལྗོངས་རཱ་ཝང་ལ་ས་གནས་སུ་མངའ་སྡེ་གཞུང་གིས་གསར་བཞེངས་བྱས་པའི་མཐོ་ཚད་ཕི་ཊི་ ༡༣༥ དང་ས་ཁྱོན་ཨེ་ཀར་ ༢༣ ཙམ་ཡོད་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་ལ་རབ་གནས་དང་། ཁུལ་དེའི་ཏ་ཐཱ་ག་ཏ་ (Tathagata tsal) སྐྱེད་མོས་ཚལ་ཞེས་པ་དབུ་འབྱེད་དང་འབྲེལ་མང་ཚོགས་ལ། སྟོན་པའི་སྐུ་བརྙན་བྱིན་རླབས་གཟི་འོད་འབར་བ་གསར་བཞེངས་གནང་སྟེ། གནས་ཀྱི་ཁྱད་པར་དང་འབྲེལ་པཎ་ཆེན་རྡོ་རྗེ་གཞོན་ནུའི་ཆོ་གའི་སྒོ་ནས་རབ་གནས་གནང་ཐུབ་པར་སྐལ་བ་བཟང་པོ་བྱུང་ཡོད་པ་དང་། ས་གནས་སེར་སྐྱ་མང་ཚོཊ་ལའང་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད་པ། མངའ་སྡེ་བློན་ཆེན་མཆོག་གིས་སྟོན་པའི་སྐུ་བརྙན་བཞེངས་པར་ཐུཊ་ཁུར་བསྐྱེད་དེ། ཐུབ་པའི་བསྟན་པར་དམིཊ་བསལ་དོ་སྣང་གནང་བར་ཁོང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པའི་ཆ་ནས་ཐུཊ་རྗེ་ཆེ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད་འདུག

སྐབས་དེར་༸གོང་ས་མཆོག་གིས་འབྲས་ལྗོངས་ཡུལ་དེ་སྤྱིའི་ཆ་ནས་ནང་ཆོས་ཀྱིས་ཤུཊ་རྐྱེན་ཆེ་བའི་ས་ཁུལ་ཞིག་ཆཊ་ཡོད་སྟབས། མང་ཚོགས་ཀྱིས་ནང་སེམས་ཀྱི་ཡོན་ཏན་ལ་སྔར་ལས་དོ་སྣང་བྱ་དགོས་ཤིང་། སྤྱིར་བཏང་ལུང་པ་གང་ཡིན་རུང་མི་རིཊ་སོ་སོའི་རིག་གཞུང་དང་གོམས་གཤིས་མང་པོ་ཞིག་ས་ཁུལ་དེའི་ཆོས་ལུཊ་ཀྱིས་ཤུཊ་རྐྱེན་ཐེབས་ཡོད་པ་ལྟར། འབྲས་ལྗོངས་ཁུལ་དུའང་གོམས་གཤིས་ནང་ནང་ཆོས་ཀྱིས་ཤུཊ་རྐྱེན་གསལ་པོ་ཐེབས་ཡོད་ཅིང་། འབྲས་ལྗོངས་བའི་ནང་ལ་སྒེར་ངོས་ནས་ནང་པ་དང་ཧིན་རྡུ། ཁ་ཆེ། ཡེ་ཤུ་ཆོས་ལུཊ་སོཊ་ལ་དད་མོས་བྱེད་མཁན་སྣ་ཚོགས་ཡོད་ཀྱང་། འབྲས་ལྗོངས་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ནང་ཆོས་ཀྱིས་ཤུཊ་རྐྱེན་ཆེན་པོ་ཡོད་པ་ཞིག་དང་། ནང་ཆོས་ལ་དོ་སྣང་བསླེབས་ཏེ་སྟོན་པའི་སྣང་བརྙན་བཞེངས་པ་སོཊ་ནི་ཡུལ་དེའི་ཡུལ་གོམས་གཤིས་ལུཊ་ཇེ་བརྟན་དུ་ཡོང་ཆེད་ཡིན་རུང་། གཙོ་བོ་རིག་གཞུང་དང་སེམས་ཀྱི་ཡོན་ཏན་དེ་དག་ལ་སློབ་སྦྱོང་བྱ་དགོས་པའི་ནན་སྐུལ་གནང་འདུག དེའི་རྗེས་༸གོང་ས་མཆོག་གིས་ཆོས་ཞུ་བ་ ༩༠༠༠ བརྒལ་བར་རྒྱལ་སྲས་ཐོཊ་མེད་ཀྱིས་མཛད་པའི་༼ལག་ལེན་སོ་བདུན་མ༽བཀའ་ཁྲིད་གནང་འདུག

འབྲས་ལྗོངས་སུ་ཆིབས་བསྒྱུར་མ་གནང་གོང་སྟེ། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ཅི་གསོལ་མགྲོན་ཁང་དུ། ལྡི་ལི་ཁུལ་གྱི་སློབ་གྲྭ་འདྲ་མིན་ནས་བཅར་བའི་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་ཆོས་ལུགས་མཐུན་སྒྲིལ་དང་། གནའ་རབས་རྒྱ་གར་གྱི་འཚེ་མེད་ཞི་བར་གཞི་བཅོལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་ཏེ།

ལོ་ངོ་ ༥༠༠༠ གོང་འགྲོ་བ་མིའི་རིཊ་ཀྱིས་རང་བྱུང་ཁོར་ཡུག་གི་འཇིཊ་པ་ལས་སྐྱོབ་ཆེད་ཆོས་ལ་དོ་སྣང་བྱེད་མགོ་བཙུཊ་ཏེ། རང་ལས་ནུས་པ་ཆེ་བ་ཞིག་གིས་རང་ཉིད་སྐྱོབ་ཐུབ་པའི་ཐོག་མའི་བསམ་བློ་རྙེད་ཡོད་ཅིང་། བསམ་བློ་གཏོང་ཕྱོགས་དེ་འགྲོ་བ་མིའི་རིཊ་མ་གཏོགས་འགྲོ་བ་གཞན་སུ་ལའང་ཡོང་ཐུབ་ཀྱི་མེད་པ། འཇིགས་པའི་བསམ་བློ་དེའི་ཐོག་ནས་རིམ་བཞིན་མིའི་རིགས་ཀྱིས་ཉི་མ་དང་ཟླ་བ། རི་བོ་དང་མེ་སོགས་ལ་དད་པ་དང་ཡིད་ཆེས་བྱས་ཏེ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཡོད་པར་ངོས་འཛིན་བྱས་ཡོད་སྐོར་གསུངས་འདུག

༸གོང་ས་མཆོག་གིས་མུ་མཐུད་དུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་བྱམས་བརྩེའི་ནུས་པ་མཐའ་ཡས་པ་ཞིག་ཡོད་པར་ཡིད་ཆེས་བྱེད་པ་དང་། རང་གཅེས་འཛིན་གྱི་བསམ་པ་ནི་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་ལས་ཡོངས་སུ་ལྡོག་ཟླ་ཆཊ་ཡོད་སྟབས། རང་ཉིད་འཇིག་རྟེན་བཀོད་པ་པོ་དང་ཅི་ཙམ་གྱིས་སེམས་ཐག་ཉེ་བ་དེའི་ཚོད་ཀྱིས་རང་གཅེས་འཛིན་གྱི་བསམ་བློ་ཆུང་དུ་འགྲོ་སྲིད་ཅིང་། ཨ་མའི་ནུ་ཞོར་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་རྣམས་ཆུང་དུས་ནས་མའི་བྱམས་སྐྱོང་ལ་བརྟེན་ནས་ངེས་པར་དུ་འཚོ་དགོས་ཤིང་། བྱམས་བརྩེ་ཞེས་པ་དེ་ནི་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མིན་པར་ལུས་པོའི་འཚར་ལོངས་སྐབས་རང་བཞིན་ལྷན་སྐྱེས་སུ་གྲུབ་པ་ཞིག་ཡིན་པ།  རྒྱ་གར་གནའ་རབས་ཀྱི་ཆོས་ལུགས་ནང་གྲངས་ཅན་པ་དང་གཅེར་བུ་བ། ནང་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། རང་རང་གི་བདེ་སྡུག་གི་ཚོར་བ་ལས་འབྲས་ཀྱི་རྣམ་གཞག་ལ་བརྟེན་ནས་ཡོང་བའི་འགྲེལ་བཤད་རྒྱག་བཞིན་པའི་ཁར། གཞན་ལ་གནོད་པ་བྱས་ན་སྡིག་པ་དང་ཕན་པ་བྱས་ན་དགེ་བའི་ལས་ཡིན་པར་ངོས་འཛིན་དང་། འགྲོ་བ་སེམས་ཅན་ཀུན་གྱི་འབྲས་བུ་བདེ་སྡུག་རྣམས་ལས་བཟང་ངན་ཇི་བསགས་པ་ཁོ་ན་ལས་འབྱུང་བཞིན་ཡོད་ཚུལ་གསུངས།  

མཇུག་ཏུ་༸གོང་ས་མཆོག་གིས་ང་ཚོས་རབ་བྱུང་ན་གཞན་ཕན་གྱི་བྱ་བ་ཅི་ཐུབ་ཀྱིས་བསྒྲུབ་དགོས་ཀྱང་། དེ་ལྟར་མ་བྱུང་ཡང་མ་མཐར་ཡང་མི་གཞན་ལ་གནོད་འཚེ་མ་བྱེད་པ་ནི་གཞི་རྩའི་དམ་བཅའ་རུ་འཛིན་དགོས་རྒྱུ་དང་། བྱམས་དང་བརྩེ་བ། བཟོད་བསྲན་བཅས་ལྟ་གྲུབ་ཡོད་མཁན་ཆོས་ལུཊ་ཁག་ཚང་མས་གསུང་བཞིན་ཡོད་ཅིང་། ཆོས་ལུགས་དེ་དག་གི་རྗེས་འབྲང་བ་ཚོས་འགྲོ་བ་མིའི་སྤྱི་ཚོགས་ནང་གཞན་ཕན་གྱི་ལས་དོན་རླབས་ཆེན་སྒྲུབ་བཞིན་ཡོད་པ། ཁྱེད་ཚོ་ནི་དུས་རབས་ཉེར་གཅིག་པའི་མི་རབས་ཆཊ་ཡོད་སྟབས། ཆོས་ལུཊ་མཐུན་སྒྲིལ་ནི་རིག་གཞུང་རྙིང་པ་ཡིན་པའི་རྒྱུ་མཚན་གྱིས་གལ་གནད་དུ་འཛིན་པ་མ་ཡིན་པར། རྒྱ་གར་ནང་ཆོས་ལུཊ་འདྲ་མིན་འཆམ་མཐུན་མཉམ་གནས་བྱེད་བཞིན་པར་བརྟེན་འཛམ་གླིང་ཐོག་མིག་དཔེ་བཟང་པོ་སྟོན་ཐུབ་པའི་ནུས་པ་ཡོད་པ་དང་། དེ་ལྟ་བུའི་ཆོས་ལུགས་རིས་མེད་ཀྱི་བསམ་བློ་དངོས་སུ་ལག་བསྟར་བྱ་རྒྱུ་ནི་རིན་ཐང་བྲལ་བའི་མིག་དཔེ་བཟང་པོ་ཞིག་ཡིན་སྐོར་གསུངས་འདུག

ཉིན་རྒྱབ་༸གོང་ས་མཆོག་གིས་ལྡི་ལིའི་གནད་ཡོད་མི་སྣ་དང་ནང་ཆོས་དོན་གཉེར་བ་སྐོར་ཞིག་ལ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན༽བཀའ་ཁྲིད་དང་འབྲེལ་སངས་རྒྱས་སྨན་བླའི་བཀའ་དབང་བཅས་བསྩལ་འདུག

དེ་རིང་ཕྱི་ཚེས་ ༢༦ ཉིན་མུ་མཐུད་འབྲས་ལྗོངས་རྒྱལ་ས་སྒང་ཏོག་མཐོ་རིམ་སློབ་ཕྲུག་ཚོར་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ་དང་། ཕྱི་ཚེས་ ༢༧ ཉིན་ནུབ་བྷང་གྷལ་ས་གནས་ས་ལི་གྷར་སྲས་རྒྱུད་གྲྭ་ཚང་དང་ཧི་མ་ལ་ཡའི་ཆོས་ཚོགས་ཐུན་མོང་གིས་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན༽ དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼སེམས་ཉིད་ངལ་གསོ༽ ། སྦྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཆོས་འབྲེལ་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 9

  1. ཐོ་རེངས། says:
    ལོ་ 13 སྔོན།

    འབྲོང་བུ་སོག་ཚ་༼སྒྲོག་སྟོང༽ དང ༼སྟངས་སྙོམས་༽ ཞེས་པའི་བོད་ཡིག་འབྲི་ཚུལ་ཞིག་མཐོང་མ་མྱོང་བས་དེ་དོན་གོ་མ་སོང་།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཐོ་རེངས་ལགས། ལོ་རྒྱུས་དེ་ལས་རྒྱས་ཙམ་དང་། ཡག་ཙམ་གསུང་རྒྱུ་ཡོད་ན་བཟང་བའི་ཆ་དང་དེ་མིན་སྒྲོག་སྟོང་བརྡབ་པས་རང་གཞན་ཐམས་ཅད་ལ་ཕན་པའི་ཆ་མ་མཆིས་པས་སྟངས་སྙོམས་སུ་འཇོག་པ་ལེགས།

    Reply
  3. ཐོ་རེངས། says:
    ལོ་ 13 སྔོན།

    གློ་བུར་དུ་ནགས་ནང་ནས་ར་འཁྱམས་ཞིག་ལངས་ནས་སྐད་སྒྲ་གྲགས་པ་འདི་ཕལ་ཆེར་སྦྱང་གིས་བདས་པ་ཡིན་རྒྱུ་རེད། དེ་མིན་ར་འཁྱམས་ལངས་ས་ཡོངས་ལ་བཀའ་དགོན་འདེབ་དགོས་ཚུལ་ཀརྨ་༩ པ་ནས་གསུངས་མེད།
    བྱ་དགོད་ཀྱི་གཤོགས་བར་ནས་འཕུར་ཞོར་འཐོར་ཞོར་འགྲོ་རྒྱུ་བོ་དེ་ནས་མ་རེད་ལགས། རྩ་པ་འདྲ་རེད་སྙམས་ན་འབྲོང་བུ་སོག་ཚ་ནས་གསོལ་རོགས་གནང་།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཤེས་འདོད་ཆོས་ཅན་ཞུགས་པའི་དྲྭ་གྲོགས་འགའ་ཞིག་གི་སྙན་ལམ་དུ། ར་ཝང་ཞེས་པའི་ཡིག་འབྲུ་དེ་ཕལ་ཆེར། ར་ལང་ཞེས་པའི་ཐ་སྙད་དེའི་སྟེང་ནས་ཡོང་ཤས་ཆེ། དེ་ཡང་ར་ལང་ཞེས་པ་དེ་སྔར་འབྲས་ལྗོངས་ཆོས་རྒྱལ་ཞིག་བོད་དུ་གནས་སྐོར་ལ་ཕེབས་སྐབས་བླ་མ་ཕལ་ཆེ་བས་ཁོང་རྒྱལ་པོ་ཡིན་པར་ངོས་འཛིན་མ་ཐུབ་པར། མཐའ་མར་ཁོང་མཚུར་ཕུར་ཕེབས་སྐབས་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་རྒྱལ་པོར་ངོས་འཛིན་གྱིས་བཀུར་ཟོས་བདག་རྐྱེན་རིགས་ཆེན་པོ་གནང་བའི་རྐྱེན་གྱིས། རྒྱལ་པོས་ཁོང་འབྲས་ལྗོངས་སུ་ཕྱིར་ལྡོག་གིས་བཀའ་བརྒྱུད་པའི་དགོན་པ་ཞིག་གསར་བསྐྲུན་མཛད་རྒྱུ་ཡིན་པས་དེ་སྐབས་རབ་གནས་སུ་ཁྱེད་རང་ངེས་པར་ཕེབས་རོགས་ཞུས་པ་དང་དེ་བཞིན་ས་གནས་ག་འདྲ་ཞིག་ལ་དགོན་ས་འདེབས་ན་བཟང་ངམ་ཞུས་པའི་བཀའ་ལན་དུ། ཁྱེད་རང་ལ་ནམ་ཞིག་ཚོར་བ་དམིགས་བསལ་བ་ཞིག་ཤར་ཡོང་བའི་ས་གནས་དེར་དགོན་པ་རྒྱོབས། ཞེས་གསུངས་པ་དང་ཁོང་འབྲས་ལྗོངས་སུ་ཕྱིར་ལྡོག དེ་ནས་མི་རིང་བར་རྒྱལ་པོ་ཁོང་འབྲས་ལྗོངས་ལྷོ་ཕྱོགས་སུ་ལྗོངས་རྒྱུ་བའི་སྐབས་ཤིག་ལ་གློ་བུར་ནགས་ཀྱི་ར་རྒོད་ཞིག་ལངས་ནས་སྐད་སྒྲ་གྲགས་པ་ཞིག་གཟིགས་མཚམས་ས་གནས་འདི་བཀའ་དགོན་འདེབས་ས་ཡིན་པར་ཡི་ཆེས་ཀྱིས་དེ་མུར་དགོན་པ་གསར་བཞེངས་ཀྱིས་རབ་གནས་ཆེད་རྒྱལ་བ་ཀརྨ་པ་སྤྱན་འདྲེན་ཞུ་སྐབས། ནམ་མཁའ་ནས་བྱ་རྒོད་གཉིས་འཕུར་ནས་གཤོག་པ་བརྡབ་པ་དང་གཤོག་པའི་དབར་ནས་རབ་གནས་འཐོར་བར་མཛད་པ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་ཀྱི་ལོ་རྒྱུས་རྒྱུན་རིང་ཡོད་པའི་འབྲས་ལྗོངས་ལྷོ་ཕྱོགས་ར་ལང་དགོན་པ་ཞེས་ད་ལྟ་ཡང་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་ནུས་ལྡན་གྱི་སྔགས་པ་གྲངས་ལས་འདས་པ་བཞུགས་ཡོད་པ་གོ་ཐོས་བྱུང་། ལོ་རྒྱུས་དེ་ལས་རྒྱས་ཙམ་གསུང་མཁན་འདྲ་ཡོད་ན་བཀའ་དྲིན་ཆེ་ཞུ།

    Reply
  5. ཐོ་རེངས། says:
    ལོ་ 13 སྔོན།

    འབྲས་ལྗོངས་པ་ལ་ནང་པའི་ཤུགས་སྐྱེན་ཡོད་ཧ་ཅང་བཟང་ཡང་། བོད་མི་གཞོན་སྐྱེས་མང་པོ་ཞིག་ལ་ནང་པའི་ཤུགས་སྐྱེན་མེད་པ་འདྲ་བས་ཅི་བྱེད།

    Reply
  6. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    དྲ་གྲོགས་བསྟན་བཅོས་ལགས་ད་ནས་བཟུང་ར་ཝང་ཞེས་པའི་ས་གནས་དེ་ཉིད་གནས་མཇལ་དང་ཡུལ་སྐོར་བའི་བསྟི་གནས་ཤིག་ཆགས་རྒྱུར་ངེས་པས། སྐུ་ཉིད་ཀྱི་ར་ཝང་ཞེས་པའི་མིང་དེ་བོད་སྐད་རེད་གསུང་འདུག་པས། འགྲེལ་བཤད་མདོར་བསྡུས་ཤིག་དྲ་གྲོགས་རྣམས་དང་དོན་གཉེར་ཅན་རྣམས་ལ་ཕན་ཆེད་གསུང་གནང་རོགས།

    Reply
  7. བསྟན་ཆོས། says:
    ལོ་ 13 སྔོན།

    ར་ཝང་ལ=རཱ་ཝང་ལ་ཞེས་འ་ཆུང་འཇོག་དགོས་དོན་ཅི། སྤྱིར་ན་ས་མིང་འདི་དག་བོད་སྐད་ཡིན་པ་མ་ཟད་དེ་གར་བོད་པའི་གཞིས་ཆགས་དང་དགོན་ཆེན་དཔལ་ཆེན་ཆོས་གླིང་ཡང་ཡོད་པས་དག་ཆ་འབྲི་སྲོལ་ཞིག་ཡོད་ཡོད་པ་ལེ་ཡིན་འདོད།
    ཡར་ལུང་ལྷ་རྗེ་ཡིས་་་གཡག་ཞར་གྱི་རྩྭ་ཟོས་་གནང་འདུག མ་ཟད་ཚེས་༢༧ནས ༢༩ བར༼༢༧-༢༩༽ལ་ཞེས་འབྲི་དགོས་སར། ཚེས༢༧དང་ཚེས་༢༩ ཡིན་འདུག ཅེས་ཡ་མ་རླ་ཞིག

    Reply
  8. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    འབྲས་ལྗོངས་ར་ཝང་ལ་རུ་བཞེངས་བསྐྲུན་གནང་བའི་བསྟོན་པའི་སྐུ་བརྙན་ནི་ལོ་ཤས་སྔོན་ནས་བཟུང་འབྲས་ལྗོངས་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཞལ་བཀོད་དང་། གདན་ས་ཆེན་པོ་ར་ལང་དཔལ་ཆེན་ཆོས་གླིང་གི་འདུས་མང་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་གཟུངས་འཇུག་ཚད་ལྡན་ཕུལ་གནང་རྒྱུ་སོགས་ཐོག་མཐའ་བར་གསུམ་དུ་མཐུན་འགྱུར་མཛད་ཅིང་། འདི་ཟླའི་ཕྱི་ཚེས་༢༥ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་གི་དབུས་བླ་སྤྲུལ་འདུས་པ་རྣམས་དང་། འབྲས་ལྗོངས་བློན་ཆེན་པཱ་འོང་ཙམ་ལིང་མཆོག་གི་དབུས་མངའ་སྡེའི་དཔོན་རིགས་རྣམ་པ། ར་ཝང་ལའི་བོད་གཞིས་དང་འབྲས་ལྗོངས་མི་མང་སྟོང་ཕྲག་དུ་མ་དང་བཅས་དབུ་འབྱེད་རབ་གནས་སུ་མཉམ་ཞུགས་གནང་ཡོད།

    Reply
  9. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། ཚེས་ ༢༧ ཉིན་མང་ཚོཊ་ལ་རྗེ་ཙོང་པའི་༼ལམ་རིམ་བསྡུས་དོན༽ དང་། ཀློང་ཆེན་རབ་འབྱམས་པའི་༼སེམས་ཉིད་ངལ་གསོ༽། སྦྱན་རས་གཟིཊ་ཀྱི་བཀའ་དབང་བཅས་བསྩལ་རྒྱུ་ཡིན་པ་འདི་ནི་འབྲས་ལྗོངས་སུ་མ་ཡིན་པར་འདི་ག་ས་ལུ་སྒར་ས་གནས་སུ་ཡིན་ལ་དེ་ཡང་སྲས་རྒྱུད་མ་དགོསན་དང། ཧི་མ་ལ་ཡི་ནང་ཆོས་ཚོགས་ཀྱིས་གོ་བསྒྲིགས་འོག་ཚེས་༢༧ དང་ཚེས་༢༩ བར་ཡིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese