པཱ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་བ་མོའུ་ཞཱ་རཱ་ཧྥི་འདས་པའི་ལོ་ངོ་ ༤ རིང་ཕྱི་རྒྱལ་དུ་སྐྱབས་བཅོལ་དུ་བསྡད་ཡོད་པ་གཟའ་ཉི་མའི་ཉིན་ཕྱིར་པཱ་ཀི་སི་ཐན་ནང་ལོག་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་པཱ་ཀི་སི་ཐན་གྱི་སྲིན་འཛིན་ཟུར་པ་མོའུ་ཞཱ་རཱ་ཧྥུ་(Musharraf)ཕྱིར་པཱ་ཀི་སི་ཐན་རྒྱལ་ནང་དུ་ལོག་ཡོད་འདུག་པ་དང་། ཁོང་ཁཱ་ཪཱ་ཆའི་(Karachi)གནམ་ཐང་དུ་འབྱོར་སྐབས། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ ༡༠༠༠ ཕེབས་བསུར་བཅར་ཏེ་དགའ་བསུ་ཞུས་ཡོད་འདུག ཁོང་གིས་གནམ་ཐང་ནས་གསར་འགོད་པ་ཚོར་ངས་རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་བློས་གཏོང་བྱས་ཏེ། ཕྱིར་རྒྱལ་ནང་དུ་ལོག་དོན་ནི་རང་ཉིད་ཀྱི་རྒྱལ་ཁབ་སྐྱོབ་ཆེད་ཡིན་པ་དང་། ང་ལ་ཁྱེད་ཅག་གིས་རྒྱབ་སྐྱོར་ཡོད་ན་མ་འོངས་པར་ང་ཚོའི་ལས་དོན་ལེགས་འགྲུབ་འབྱུང་ངེས་ཡིན་ཞེས་སོགས་བརྗོད་འདུག
མོའུ་ཞཱ་རཱ་ཧྥུ་ནི་དམག་ཤུགས་ལ་བརྟེན་སྲིད་དབང་སྒེར་གཅོད་བྱེད་མཁན་ཞིག་ཡིན་པ་དང་ ༢༠༠༨ ལོར་ལས་འཁུར་བྱས་རྗེས་སྒེར་ངོས་ནས་སྐྱབས་བཅོལ་དུ་ཕྱིན་ཏེ་ལོ་ངོ་ ༤ རིང་དབྱིན་ཡུལ་དང་། རྡོའུ་བྷེ་(Dubai)སོགས་སུ་བསྡད་ཡོད་འདུག
ཁོང་གིས་ ༡༩༩༩ ལོ་ནས་ ༢༠༠༨ བར་པཱ་ཀི་སི་ཐན་གྱི་སྲིད་འཛིན་བྱས་ཡོད་པ་དང་། ༢༠༠༧ ལོར་པཱ་ཀི་སི་ཐན་གྱི་སྲིད་བློན་བྷེ་ནེ་ཛར་བྷོའུ་ཊོ་(Benazir Bhutto)ལྐོག་གསོད་བྱས་པ་ཁོ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་ཡོད།