མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་གསུང་རྩོམ་དེབ་རིགས་ག་ཚོད་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་བཞུགས་སྒར་དུ་བོད་མི་གཞོན་སྐྱེས་ཤིག་གིས་སྐད་ཡིག་འདྲ་མིན་ནང་ཡོད་པའི་༧གོང་ས་མཆོག་གི་གསུང་རྩོམ་དཔེ་དེབ་འགྲེམས་སྟོན་གནང་སོང་ལ། མ་འོངས་པར་བོད་པའི་སློབ་གྲྭ་ཁག་ནང་འགྲེམས་སྟོན་གནང་འཆར་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ ཐོག བཞུགས་སྒར་ངྷ་རམ་ས་ལར་གནས་བཞུགས་མགོན་པོ་རྒྱལ་ལགས་ཀྱིས།  སྐད་ཡིག་འདྲ་མིན་ནང་ཡོད་པའི་༸གོང་ས་མཆོག་གི་གསུང་རྩོམ་དེབ་ ༢༣༧ ཙམ་ཀིརྟི་བྱེས་པ་གྲྭ་ཚང་དུ་འགྲེམས་སྟོན་གནང་སོང་། དེབ་དེ་དག་ཁྲོད་བོད་ཡིག་གེ་དེབ་ ༨༩ དང་། དབྱིན་ཡིག་གི་དེབ་ ༡༢༡ ། རྒྱ་ཡིག་གི་དེབ་ ༡༠ ། ཧིན་རྡུའི་དེབ་ ༦། ཀོ་རི་ཡའི་སྐད་ཡིག་ཐོག་གི་དེབ་ ༡༠ བཅས་ཡོད་པ་དང་། དེབ་དེ་དག་ཁོ་སྒེར་ངོས་ནས་འདས་པའི་ཟླ་ ༨ ལྷག་རིང་ཉོ་སྒྲུབ་དང་འཚོལ་བསྡུ་གནང་བ་ཞིག་ཡིན་འདུག

ཕྱི་ཚེས་ ༢༩ ཉིན་ནས་བཟུང་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དང་ནོར་གླིང་མཐོ་སློབ་བཅས་རིམ་པ་བརྒྱུད་དེ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ ༢༠ ལྷག་གི་ནང་འགྲེམས་སྟོན་བྱ་འཆར་ཡོད་པ་དང་། ས་གནས་ཁག་གི་འགྲེམས་སྟོན་གྱི་ལས་འགུལ་མཇུག་སྒྲིལ་རྗེས་བོད་པ་དང་ཕྱི་རྒྱལ་བ། རྒྱ་རིགས་བཅས་ཀྱི་མཁས་དབང་ ༢༠ ལྷག་གདན་ཞུའི་ཐོག་རྒྱལ་བའི་གསུང་རྩོམ་དང་འབྲེལ་བའི་བགྲོ་གླེང་ཞིག་གོ་སྒྲིག་གནང་འཆར་ཡོད་འདུག   

གོ་སྒྲིག་པས་གསུང་རྩོམ་འགྲེམས་སྟོན་གྱི་དམིགས་ཡུལ་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་བར་༸གོང་ས་མཆོག་ལ་སྐད་ཡིག་འདྲ་མིན་ཐོག་གསུང་རྩོམ་གང་ཡོད་འཚོལ་བསྡུ་བྱས་ཏེ། དེ་དག་གི་དགོངས་དོན་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་། ཆོས་སྲིད་གཉིས་གཙོ་བོར་གྱུར་བའི་ཚན་རིག་དང་འཕྲོད་བསྟེན། ཁོར་ཡུག ཤེས་རིག་བཅས་ཀྱི་ཐད་༸གོང་ས་མཆོག་གི་ལྟ་གྲུབ་དང་དགོངས་གཞི་གང་འདྲ་ཡིན་མིན་ཐོག་སྤྱི་ཚོགས་ནང་བགྲོ་གླེང་གི་གར་སྟེགས་བསྐྲུན་རྒྱུ་བཅས་ལ་དམིགས་པ་ཡིན་ཟེར།

མགོན་པོ་རྒྱལ་ལགས་ཀྱིས་ལས་དོན་འདིའི་ཐོག་མའི་བྱུང་རིམ་ངོ་སྤྲོད་གནང་བ་ལྟར་ན། ཁོང་གིས་ཐོག་མ་༧གོང་ས་མཆོག་གི་གསུང་རྩོམ་ཁག་ཅིག་བཀླགས་རྗེས། བསམ་བློ་གཏོང་སྟངས་དང་སྤྱོད་པ་འཁྱེར་སྟངས་འགྱུར་བ་ཐེབས་ཏེ། རིམ་པས་༧གོང་ས་མཆོག་ལ་དེབ་ག་ཚོད་ཡོད་མེད་ཤེས་འདོད་ཆེན་པོ་སྐྱེས་ཏེ། ངོ་ཤེས་གྲོགས་པོ་དང་ཤེས་ཡོན་ཅན་མང་པོ་ཞིག་ལ་སྐད་ཆ་དྲིས་ཀྱང་ལན་གསལ་བོ་མ་རག་སྟབས། ཁོང་སྒེར་ངོས་ནས་༧གོང་ས་མཆོག་གི་གསུང་རྩོམ་འཚོལ་བསྡུ་བྱ་རྒྱུའི་སེམས་ཐག་བཅད་དེ།  འདས་པའི་ཟླ་བ་ ༨ ལྷག་རིང་དེབ་ཁང་དང་དཔེ་མཛོད། དགོན་པ་དང་སློབ་གྲྭ ལས་ཁུངས་ཁག གྲྭ་རྒྱ་སོགས་སུ་འཚོལ་བསྡུ་བྱས་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཆོས་རིག་ལས་ཁུངས་བཅས་ཀྱི་རྒྱབ་གཉེར་འོག  ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དུ་ལམ་རིམ་ཆེན་མོའི་གསུང་ཆོས་གནང་སྐབས། དེབ་བརྗོད་གཞི་མི་འདྲ་བ་ ༢༠ དང་དེབ་གྲངས་ ༢༠༠ མ་ཟིན་ཙམ་བསྡུ་རུབ་ཀྱིས་འགྲེམས་སྟོན་ཐོག་མ་དེ་གནང་ཡོད་འདུག    

གསར་འགོད་པས་ཁོང་ལ་༧གོང་ས་མཆོག་གི་གསུང་རྩོམ་བསྡུ་རུབ་ཀྱི་འགྲོ་སོང་ཇི་ལྟར་གཏོང་གི་ཡོད་མེད་དྲིས་པར།  “ ང་ལ་དངུལ་ཏོག་ཙམ་རེ་རག་སྐབས་༧གོང་ས་མཆོག་གི་གསུང་རྩོམ་ཉོས་པ་ཡིན། ཉེ་སྔོན་ཨ་རིར་ཡོད་པའི་གཅེན་མོས་ང་ལ་ཀུ་ཤུ་ཁ་པར་ (iphon 5 ) ཞིག་ཉོ་བྱེད་ཀྱི་དངུལ་བསྐུར་སོང་། དངུལ་དེས་གོང་ཚད་ཅུང་མཐོ་བའི་དེབ་ ༣༨ ཙམ་ཉོ་ཐུབ་སོང་། དེ་ནས་ཧྥ་རན་སིའི་མི་ངག་དབང་འཕྲིན་ལས་ལགས་ཀྱིས་ཧིན་སྒོར་ཉིས་ཁྲི་ལྷག་དང་། གྲོགས་པོ་ཁག་ཅིག་གིས་ཧིན་སྒོར་ ༥༠༠ རེ་བཅས་ཀྱི་ཞལ་འདེབས་གནང་སོང་།  མ་འོངས་པར་དེབ་གང་འཚམ་རག་རྗེས་ངྷ་སར་གསུང་རྩོམ་འགྲེམས་སྟོན་ཁང་ངམ་དེབ་ཀློག་ས་ཞིག་ཐབས་ཤེས་བྱ་དགོས་བསམ་ཡོད ” ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱལ་བའི་གསུང་རྩོམ་འགྲེམས་སྟོན་ལ་གཟིགས་མཁན་གྲྭ་སེང་གེ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ མི་སྒེར་བ་ཞིག་གིས་འདི་འདྲའི་ལས་འགུལ་ཞིག་སྤེལ་བ་དེར་ང་རང་གི་ངོས་ནས་ཧ་ཅང་ཡག་པོ་མཐོང་བྱུང་། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་༸གོང་ས་མཆོག་ལ་དད་པ་ཚད་མཐོ་བོ་ཡོད་ཀྱང་། བོད་ཡིག་ཐོག་ཁོང་གི་གསུང་རྩོམ་ཉུང་ཉུང་ཡིན་པ་དང་། བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་ཚད་དང་གོ་རྟོགས་ཀྱི་དབང་གིས་༧གོང་ས་མཆོག་གི་གསུང་རྩོམ་ཐོག་དོ་སྣང་སྤྲོད་མཁན་དེ་ཙམ་མེད་པའི་ཚོར་སྣང་བྱུང་སོང་། ངས་སྔོན་མ་བོད་ཡིག་ཐོག་ནས་བཀའ་རྩོམ་དེབ་རེ་ཟུང་བཀླགས་པ་ཡིན། དབྱིན་ཡིག་ཐོག་མང་པོ་ཡོད་པ་གོ་མྱོང་བ་ལས་དངོས་སུ་དེ་རིང་མ་གཏོགས་མཐོང་མྱོང་མེད།  ” ཅེས་བརྗོད་བྱུང་།

ལྷུན་འགྲུབ་རྒྱ་མཚོ་ལགས་ཀྱིས། “ ང་སྔོན་མ་སློབ་གྲྭར་ཡོད་སྐབས་ནས་འདི་འདྲའི་བསམ་བློ་འཁོར་མྱོང་ཡོད། སྐབས་དེར་ཆ་རྐྱེན་མེད་སྟབས་པར་བཤུས་བརྒྱབ་སྟེ་སློབ་གྲོགས་ཚོར་ངོ་སྤྲོད་བྱེད་པ་ལས། མགོན་པོ་རྒྱལ་གྱི་འདི་ལྟར་སྤྱི་ཚོགས་ནང་དངོས་སུ་འགྲེམས་སྟོན་བྱས་ཐུབ་མ་སོང་། ༸གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་ཐེངས་དང་པོར་མཐོང་པ་ཡིན། ཡག་པོ་ཞེ་དྲག་རེད། ངས་དབྱིན་ཡིག་ཐོག་གི་༧གོང་ས་མཆོག་གི་བཀའ་རྩོམ་མང་པོ་ཞིག་བཀླགས་མྱོང་ཡོད། འདི་ན་ད་དུང་དེབ་མང་པོ་ཚང་མི་འདུག མ་འོངས་པར་དེབ་དེ་དག་ཀྱང་རག་ཐབས་བྱས་ཏེ་མུ་མཐུད་འགྲེམས་སྟོན་བྱེད་ཐུབ་ན་ཧ་ཅང་ཡག་པོ་འདུག ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. འཇམད།་དབྱངས་བསམ་སྒྲུབ་ says:
    ལོ་ 5 སྔོན།

    Tibetans are bewildered now days not as same sas before.

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བོད་མི་སྒེར་བ་ཞིག་གིས་འདི་འདྲའི་ལས་འགུལ་སྤེལ་སྟངས་ཀྱིས་སེམས་ཤུགས་སྤར་སོང་། སྤྱིར་ན། མི་སྒེར་ཞིག་ལ་མཚོན་ན། ལས་འགུལ་སྤེལ་སྟངས་དེ་རྣམ་པ་འདྲ་མིན་ཡོད་རེད་དེ། ལས་འགུལ་འདིའི་རིགས་ནི། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་དགོས་ངེས་ཤིག་ཡིན་པས་ཐུགས་རྗེ་ཆེ་ཞུ།

    ད་ཡིན་ན། དྲི་བ་ཁ་ཤས་ཤིག་འདྲི་འདོད་བྱུང་སོང་། བཀུར་འོས་མཁྱེན་དཔྱོད་ལྡ་པ་སུ་ཞིག་གི་ངོས་ནས་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་དྲིས་ལན་རེ་ཡོང་བའི་རེ་འདུན་ཞུ།

    ༡》 ༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་བོད་མིའི་ངོས་འཛིན། ལག་ལེན་སོགས་ཀྱི་སྟོང་ཆ་ཇི་ལྟར་གསབ་རྒྱུ་ཡིན་ནམ། དེའི་དགོས་པ་དང་རྒྱབ་ལྗོངས་གང་ཡིན་ནམ།

    ༢》 སྤྱིར། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས། ༸གོང་ས་མཆོག་ལ་ངོས་འཛིན་དང་ལྟ་སྟངས་གང་འདྲ་ཞིག་ཡོད་མེད། དེ་བཞིན་རྒྱ་མི་རིགས། ལྷག་པར་དུ། ནུབ་ཕྱོགས་སྤྱི་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་ངོས་འཛིན་དང་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་དམ།

    ༣》 གཞུང་ངོས་ནས་༸གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ཁག་ཉམས་ཞིབ་པའི་སྡེ་ཚན་ནམ་རིགས་གཅིག་རྐང་འཛིན་ག་ཚོད་ཡོད་དམ། མེད་ན་སྐྱེད་སྲིང་བྱེད་རན་པའི་དུས་ཚོད་གནད་འགག་ཅན་ཞིག་མ་རེད་དམ།

    ༤》 ཕྱིའི་སྐད་ཡིག་འདྲ་མིན་གྱི་ཐོག་ཏུ་ཐོག་པའི་༸གོང་ས་མཆོག་གི་བཀའ་རྩོམ་དང་གསུང་བཤད། གསུང་འཕྲིན་ཁག་བོད་རང་གི་སྐད་ཡིག་ལ་བསྒྱུར་མཁན་གྱི་རྩོམ་སྒྲིག་སྡེ་ཚན་དམིགས་བ་ཞིག་ཡོད་དམ།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ངོ་མ་བསྟོད་བསྔག་ཡོད། མུ་འཐུད་དུ་སྐྱོང་རོགས་ཞུ།

    Reply
  4. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་ནི་ང་ཚོ་གངས་ཅན་པའི་མགོན་སྐྱབས་དང་། དཔུང་གཉེན་ལགས་ཤིང་། འཛམ་གླིང་སྐྱེ་འགྲོ་ཡོད་དོ་ཅོག་གིས་སེམས་ཀྱིས་ཉན་ས་དང་། ཡིད་ཀྱི་དམིགས་རྟེན་དེ་ལགས་ན།ཁོང་གི་ཐུགས་རྒྱ་མཚོ་ལས་བྱུང་བའི་ལེགས་བཤད་རིན་ཆེན་ནོར་བུ་དག་ནི་ངེས་པར་བཙལ་ལ་་འཚོལ་དང་། བདག་གཅེས་ཉར་ཚགས་བྱ་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ལགས།རྒྱུ་མཚན་དེའི་ཕྱིར་སློབ་གྲོགས་མགོན་པོ་རྒྱལ་གྱིས་མ་བསྐུལ་དང་བླང་གིས་བགྱི་བ་འདི་ཁུར་དུ་འཁྱེར་བར་ཡི་རངས་དང་རྒྱབ་སྐྱོར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese