མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཡུལ་དུ་ཕྱིན་པའི་མཐོང་ཐོས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ད་ལོའི་ལོ་སར་སྔོན་ལ་བོད་ནང་གི་གཞི་རིམ་ཞིང་འབྲོག་ཁུལ་གྱི་སྡེ་བ་སོ་སོའི་སྡེ་དཔོན་རྣམས་ས་གནས་ཞང་སྲིད་གཞུང་ནང་འབོད་འགུག་གིས་རང་ལུས་མེར་བསྲེགས་བཀག་སྡོམ་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་། ལོ་སར་རྗེས་སྡེ་བ་སོ་སོར་རང་སྲེག་བཀག་སྡོམ་སྐོར་གྱི་དེབ་དང་ཡིག་ཆ་སྣ་ཚོགས་བཀྲམས་ཏེ་མང་ཚོགས་ལ་སློབ་སྦྱོང་བྱེད་བཅུག་ཡོད་པ་མ་ཟད། མི་རེ་ངོ་རེར་རང་ལུས་མེར་བསྲེགས་མི་གཏོང་རྒྱུར་མཛུབ་ཐེལ་གནོན་དུ་བཅུག་ཡོད་འདུག

        གསར་འགོད་པས་ཉེ་ཆར་བོད་ནང་གཉེན་འཕྲད་དུ་བསྐྱོད་དེ་ཕྱིར་བསླེབས་མ་ཐག་པའི་ལྷ་ཐར་ལགས་དང་གླེང་མོལ་བྱེད་སྐབས། ཁོས་ཕ་ཡུལ་གྱི་སྡེ་མི་ལས་བྱེད་ཅིག་དང་གླེང་མོལ་བྱུང་བའི་སྐོར་བརྗོད་དོན། “ཞོགས་པ་སྔ་བོ་ཞིག་ལ་སྡེ་མི་ལས་བྱེད་ཅིག་ལ་ཐུག་སྟེ་ཁ་བརྡ་བྱས་པ་ཡིན། ཁོས་ང་ཞང་སྲིད་གཞུང་ནང་རང་ལུས་མེར་བསྲེགས་བཀག་སྡོམ་སྐོར་གྱི་ཟབ་སྦྱོང་ལ་འགྲོ་བཞིན་ཡོད། ད་སྐབས་སྲིད་གཞུང་གིས་སྡེ་བ་སོ་སོར་དྲིལ་བསྒྲགས་སློབ་གསོའི་ལས་འཆར་དང་། ལོ་གཅིག་གི་འོས་འགན་ལག་བསྟར་བྱས་ཏེ། མང་ཚོགས་ལ་སུན་གཙེར་བཟོས་ཡོང་གི་འདུག་ལབ་སོང་། དེ་བཞིན། ཁོའི་ལག་ཏུ་སློབ་གསོའི་དེབ་ཅིག་བཟུང་ཡོད་པའི་དོན་ཚན་གསུམ་པའི་ནང་། ཏཱ་ལའི་བླ་མར་དགག་རྒྱག་དང་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་བཀོད་འདུག ”ཅེས་བརྗོད་བྱུང་། 

        འདི་ལོ་ནས་བཟུང་རྒྱ་གཞུང་གིས་བོད་ནང་དུ་ཕྱི་ཕྱོགས་ཀྱི་རླུང་བརྙན་འཕྲིན་དང་བརྡ་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པའི་ཐད། ལྷ་ཐར་ལགས་ཀྱིས། “ ང་རང་འགྲོ་སའི་བོད་མི་ཚོར་མཚོན་ན། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་དང་། ཐ་ན་སྲིད་སྐྱོང་བློ་བཟང་སང་གེ་མཆོག་གིས་ཚོགས་འདུ་གང་ཞིག་གི་སྐད་ཆ་ག་རེ་བཤད་པ་སོགས་ཧ་ཅང་གསལ་བོ་བཤད་རྒྱུ་འདུག མང་ཚོགས་རང་བཞིན་གྱི་ཆབ་སྲིད་གོ་རྟོགས་ཡག་པོ་འདུག ཁོང་ཚོས་སྒེར་གྱི་རླུང་འཕྲིན་བརྙན་འཕྲིན་བརྒྱུད་ནས་ཤེས་ཀྱི་འདུག ཡིན་ནའང་། རྒྱ་གཞུང་གིས་ད་ལོར་བོད་ནང་གི་གྲོང་སྡེ་ཁག་ནང་འཁོར་སྐར་སྡེར་མ་ཡོངས་ཕྱིར་བསྡུ་བྱས་ཏེ་མེར་བསྲེགས་གཏོང་བཞིན་འདུག དེའི་ཚབ་ལ་རྒྱ་གཞུང་གིས་འཁོར་སྐར་སྡེར་མ་དཀར་པོ་ཆུང་བ་ཞིག་འཛུགས་བཞིན་འདུག དེའི་ནང་རྒྱ་གཞུང་གིས་ལྐོག་ཉན་འཕྲུལ་ཆས་བཞག་ཡོད་པ་རེད་ཟེར་ནས་མང་ཚོགས་ཀྱིས་དོགས་པ་བྱེད་ཀྱི་འདུག” ཅེས་བརྗོད་སོང་།

        ཡང་བོད་ནང་གི་སྐད་ཡིག་སྐོར་གླེང་སྐབས་ཁོས། “ དེང་སྐབས་བོད་ནང་བོད་སྐད་གཙང་མ་བཤད་པ་སྔོན་མ་དང་བསྡུར་ན་རྦད་དེ་ཡག་ཏུ་ཕྱིན་འདུག ཐ་ན་རྒན་རྒོན་ཚོས་ཀྱང་དེང་རབས་ཀྱི་ཅ་དངོས་རིགས་ཀྱི་མིང་བོད་སྐད་ཐོག་བཤད་ཡོང་གི་འདུག བོད་སྐད་ནང་རྒྱ་སྐད་བསྲེས་མཁན་ཚོར་ལྟ་སྟངས་མི་ལེགས་པ་འཛིན་གྱི་འདུག ཡིན་ནའང་གཞི་རིམ་སྡེ་བའི་སློབ་གྲྭ་ཁག་ནང་སློབ་ལོ་མ་རན་པའི་བྱིས་མ་གཏོགས་བཞག་མེད་པར། སློབ་ཕྲུག་ཡོངས་རྫོགས་ཞང་དང་རྫོམ་རིམ་པའི་སློབ་གྲྭ་ཁག་ནང་བསྡུས་ཏེ། བོད་རིགས་དགེ་རྒན་གྱི་གྲངས་འབོར་ཀྱང་ཉུང་དུ་བཏང་ཡོད་པ་མ་ཟད།  སློབ་གྲྭ་ཁག་ནང་བསླབ་གཞི་ཚང་མ་རྒྱ་ཡིག་ནང་འཁྲིད་དགོས་པའི་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་འདུག” ཟེར།

        དེ་བཞིན། རེབ་གོང་གི་གསོ་རིག་སློབ་གྲྭར་སྐྱོད་བཞིན་པའི་ལྷ་ཐར་ལཊ་ཀྱི་ཚ་མོས་ཁོ་རང་ལ་བརྗོད་པ་ལྟར་ན།  སློབ་ཕྲུག་ཚོས་སློབ་གསོའི་སྲིད་ཇུས་དེར་ངོ་རྒོལ་སྐད་འབོད་བྱས་པའི་རྗེས། རེབ་གོང་ཁུལ་དུ་རྒྱ་གཞུང་གིས་འདི་ལོ་སློབ་མཐར་ཕྱིན་དགོས་པའི་སློབ་ཕྲུག་ཚོར་མཐར་ཕྱིན་འཛིན་ཡིག་དང་། མཐོ་རིམ་སློབ་གྲྭར་ཡིག་རྒྱུཊ་སོགས་ཀྱི་ལམ་ཁ་ཆ་ཚང་མེད་པ་བཟོས་ཡོད་སྟབས། སློབ་མ་སོ་སོའི་ངོས་ནས་ཐབས་ཤེས་གཏོང་དགོས་ཆཊ་ཡོད་འདུག

        དེང་སྐབས་ཁམས་དང་ཨ་མདོའི་ཕྱོགས་ཀྱི་བོད་མི་ཚོ་ལྷ་ས་དང་གཞིས་ཀ་རྩེ་སོགས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་གྲོང་ཁྱེར་ཁག་ནང་མགྲོན་ཁང་ལ་སྡོད་མཇུག་གི་མེད་པ་མ་ཟད། ནག་ཆུ་ཁུལ་ནས་བསླེབས་པའི་མཇལ་བ་རྣམས་ཀྱང་ལྷ་སར་ཟླ་གཅིག་ལྷག་སྡོད་མི་ཆོག་པ་བཟོས་ཡོད་འདུག ལྷ་ཐར་ལགས་ཀྱིས་བརྗོད་དོན། “མཚན་གཅིག་ལ་གཞིས་རྩེ་རུ་ཞག་སྡོད་བྱ་རྩིས་བྱས་ཀྱང་། ཨ་མདོ་དང་ཁམས་ཁུལ་གྱི་བོད་མི་བསྡད་ཆོག་གི་མ་རེད་ལབ་སོང་། རྒྱུ་མཚན་དྲིས་པར་འདི་སྲིད་གཞུང་གི་གཏན་འབེབས་རེད། འདི་དང་འགལ་ན་མགྲོན་ཁང་སྒོ་རྒྱག་རྒྱུ་ལས་ཡོད་པ་མ་རེད་ཟེར། ལྷ་སའི་མེ་འཁོར་འབབ་ཚིགས་སུའང་ཁམས་དང་ཨ་མདོ་བ་ཡིན་ཚད་ལོགས་སུ་བཀར་ཏེ། ཉེན་རྟོག་ཁང་དུ་ཁྲིད་ནས་འདྲི་རྩད་བྱེད་དགོས་ཀྱི་འདུག ” ཅེས་བརྗོད་སོང་། 

        ཡང་ལྷ་ཐར་ལགས་ཀྱིས་ལྷ་སའི་ཚོང་བ་ཁག་ཅིག་དང་གླེང་མོལ་བྱུང་བའི་སྐོར་བརྗོད་དོན། དེང་སྐབས་ལྷ་སའི་ཁུལ་ཏུ་རྒྱ་མགོ་ཇེ་མཐོར་ཕྱིན་ཏེ།  གལ་སྲིད་ཚོང་ཙག་ཙིག་ཐོག་ཁ་རྩོད་ཙམ་ཤོར་ཡང་ལམ་སང་ཉེན་རྟོག་པ་བསླེབས་ཏེ། ཁ་བྲལ་གྱི་བྱ་སྤྱོད་སོགས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་བོད་མི་ཚོ་མགོ་འགྱོག་ས་མེད་པ་ཆགས་འདུག ལྷ་སར་མེ་འཁོར་ལྕགས་ལམ་བཟོས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གཙོས་གཞིས་ཀ་རྩེ་དང་། ནག་ཆུ། འདམ་གཞོང་སོགས་ས་ཁུལ་མང་པོའི་ནང་རྒྱ་མི་ལས་ཀ་བས་ཁེངས་ཤིང་། བོད་ནང་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་ལས་གཞི་སྣ་ཚོགས་ནང་ལས་ཀའི་གོ་སྐབས་བརྒྱ་ཆ་ ༩༠ ཡན་རྒྱ་མི་ཚོར་སྤྲོད་བཞིན་ཡོད་ཅིང་། རྒྱ་གཞུང་གིས་བོད་ཁུལ་དུ་སྤེལ་བཞིན་པའི་ལས་གཞིའི་རྣམ་གྲངས་མང་པོ་ཞིག་རྒྱ་ནང་གི་སྡེ་བ་སོ་སོར་གན་བརྒྱ་བཞག་སྟེ། རྒྱ་སྡེ་རེ་ནས་མི་བརྒྱ་སྐོར་རེ་མཉམ་དུ་བསླེབས་ཏེ་གཏན་སྡོད་བྱེད་ཀྱི་འདུག་ཟེར། 

        གཞན་ཡང་། ད་སྐབས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབས་ལ་ཉེ་སྟབས།  བོད་ནང་གི་གྲོང་ཁྱེར་དང་གྲོང་རྡལ། དགོན་སྡེ་ཁག་ཏུ་དམག་མིས་ཁེངས་ཡོད་པ་མ་ཟད། བལ་ཡུལ་ནང་ཚོང་ལས་གཉེར་མཁན་བོད་མི་ཚོ་ཡང་། བོད་ནང་ལོག་རྗེས་ཕྱི་སྐྱོད་ལག་ཁྱེར་གཞུང་བཞེས་བཏང་སྟེ། ཕྱིར་བལ་ཡུལ་དུ་ལོག་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese