མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༤ ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་མདོ་སྨད་རྨ་ལྷོ་ཁུལ་གྱི་བོད་མི་བཞི་ལ་རྒྱལ་ཁབ་ཁ་བྲལ་སྐུ་སློང་ཞེས་པའི་ཉེས་མིང་འོག་ལོ་ ༣ ནས་ ༦ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

 

ཉེ་ཆར་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཐུན་རིན་རྫོང་དང་རྩེ་ཁོག་རྫོང་གཉིས་སུ་ཁྲིམས་ར་ཚོགས་ཏེ། བོད་མི་གཅོད་པ་རྒྱལ་དང་ལྕགས་ཐར། ནམ་མཁའ་བྱམས། མགོན་བྷེ་བཅས་བཞི་ལ་རྒྱལ་ཁབ་ཁ་བྲལ་སྐུལ་སློང་གི་ཉེས་མིང་འོག  ཁོང་ཚོ་སོ་སོར་ལོ་ ༣ ནས་ ༦ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཕྱི་ཟླ་ ༤ བའི་ཚེས་ ༡༢ ཉིན་གྱི་མཚོ་སྔོན་ཉིན་རེའི་ཚགས་པར་ཐོག བོད་མི་གཅོད་པ་རྒྱལ་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་ལོ་ ༣ ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཡོད་པ་དང་། ལྕགས་ཐར་ལ་ལོ་ ༤ དུས་བཀག་བཙོན་འཇུག་དང་ལོ་ ༢ ཆབ་སྲིད་ཁེ་དབང་བཙན་འཕྲོག  ནམ་མཁའ་བྱམས་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་ལོ་ ༣ ཆབ་སྲིད་ཁེ་དབང་བཙན་འཕྲོགམགོན་པོ་(དཀོན་བྷེ) ལ་ལོ་ ༣ དུས་བཀག་བཙོན་འཇུག་དང་ལོ་ ༡ ཆབ་སྲིད་ཁེ་དབང་བཙན་འཕྲོག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་ཚུལ་བསྒྲགས་འདུག  

 

ཡང་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་། བོད་མི་གཅོད་པ་རྒྱལ་གྱིས་ཁེའུ་ཁེའུ་ QQ བརྒྱུད་དེ་བོད་རང་བཙན་དང་འབྲེལ་བའི་པར་རིས་དང་ཡི་གེ་སོགས་གནས་ཚུལ་ཕྱིར་བསྒྲགས་དང་རྒྱལ་ཁབ་ཁ་བྲལ་གྱི་གཏམ་བརྗོད་བྱས་ཡོད་ཚུལ་དང་། ལྕགས་ཐར་གྱིས་མི་གཞན་གྱིས་རང་སྲེག་བྱེད་བཞིན་པ་ཤེས་བཞིན་དུ།སྔ་ཕྱིར་ཐེངས་གསུམ་ལ་མི་གཞན་པར་རང་སྲེག་གནང་མཁན་གྱི་འདྲ་པར་དང་ཁ་བྲལ་གྱི་ནང་དོན་ལྡན་པའི་པར་རིས་བཀྲམས་ཡོད་ཚུལ། ནམ་མཁའ་བྱམས་ཀྱིས་རང་སྲེག་བྱེད་མཁན་ལ་པར་བརྒྱབ་སྟེ་གནས་འཕྲིན་དྲ་རྒྱ་སྤྱད་ནས་ཕྱི་ཕྱོགས་དང་བོད་ནང་གི་མི་གཞན་པར་བརྒྱུད་གཏོང་བྱས་ཡོད་ཚུལ། མགོན་པོས་རྒྱལ་ཁབ་ཁ་བྲལ་གྱི་ནང་དོན་ལྡན་པའི་རང་སྲེག་འདྲ་པར་སོགས་བརྒྱུད་སྒྲོག་བཅས་རྒྱལ་ཁབ་ཁ་བྲལ་སྐུལ་སློང་བྱས་པའི་དབང་གིས་ཁྲིམས་ཐག་བཅད་ཡོད་སྐོར་བཀོད་འདུག 

 

ཐེངས་འདིར་རྒྱ་གཞུང་གིས། ལྕགས་ཐར་དང་མགོན་བྷེ་གཉིས་ཀྱིས་རང་ཉེས་རང་ཞུ་བྱས་པ་དང་། གཅོད་པ་རྒྱལ་དང་ནམ་མཁའ་བྱམས་གཉིས་ཀྱིས་ཉེས་པ་ཁས་ལེན་གྱི་རྣམ་འགྱུར་ཡག་པོ་བསྟན་པ་བཅས་ལ་བརྟེན་ནས་ཁྲིམས་ཆད་ཡང་པོ་བཅད་ཡོད་ཚུལ་ཙམ་ལས། ཁོ་ཚོའི་ལོ་ཚད་དང་ལས་གནས། སྡེ་བ་གང་ནས་ཡིན་མིན་སོགས་གང་ཡང་བརྒྱུད་ལམ་ཁག་ཏུ་གསལ་འདོན་བྱས་མེད་པ་རེད།  

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

ཆུ་ཚོད་ ༢༠ སྔོན་ལ།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་དང་། ཇོར་ཇི་ཡའི་སྲིད་འཛིན་ས་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་གསུམ་ཞི་བདེ་གླེང་སྟེགས་ཐེངས་ ༢༩ པའི་ཐོག་མཉམ་ཞུགས་གནང་། ༢༠༢༥།༡༠།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཟླ་གཅིག་ལྷག་རིང་སྲིད་སྐྱོང་མཆོག་གིས་ཡུ་རོབ་དང་ལྷོ་བྱང་ཨ་མེ་རི་ཁའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག  

ཆུ་ཚོད་ ༢༡ སྔོན་ལ།
མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།
Mobile App

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

༢༠༢༥/༡༠/༡༥
Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

༢༠༢༥/༡༠/༡༤
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

༢༠༢༥/༡༠/༡༤
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese