མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་བོད་དོན་གླེང་གི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་པཱ་ཊི་རེཀ་(Patrick Ventrell) ཡིས་ང་ཚོས་རྒྱ་ནག་གཞུང་ལ་ཏཱ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་གྲོས་མོལ་བྱ་དགོས་པའི་རེ་འདུན་འདོན་གྱི་ཡོད། འདི་ནི་དུས་ཡུན་རིང་པོའི་ཨ་རིའི་ལངས་ཕྱོགས་ཡིན་ཞེས་བརྗོད་ཡོད་ཟེར། 

གསར་འགོད་པས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དྲིས་པའི་ལན་དུ་བོད་མིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དང་། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་དང་འབྲེལ་ཡོད་ཚོ་འཇུ་བཟུང་བཀག་ཉར་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡོད་ཅེས་ལན་འདེབས་གནང་འདུག ཡང་ཁོང་གིས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རེ་(John Kerry) རྒྱ་ནག་ཏུ་ཕྱོགས་སྐྱོད་དང་རྒྱ་ནག་གི་དཔོན་རིགས་ཚོར་ཐུག་འཕྲད་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གླེང་སློང་བྱས་ཡོད་སྐོར་བརྗོད་འདུག

ཇོན་ཀེ་རེ་རྒྱ་ནག་ཏུ་མ་ཕྱིན་སྔོན་ཙམ་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རང་དབང་གི་ཁང་པ་གཉིས་ཚུད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ ༧ ཙམ་གྱིས་མིང་རྟགས་བཀོད་པའི་ཡི་གེ་ཞིག་ཕུལ་ཏེ། རྒྱ་ནག་ནང་གི་ཆབ་སྲིད་བཙོན་པའི་གནས་བབ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱ་དགོས་པ་དང་། བོད་དང་ཞིན་ཅང་ཐོག་བཟུང་པའི་མཁྲེགས་འཛིན་སྲིད་ཇུས་གུ་ཡངས་བཅོས་སྒྱུར་ཡོང་རྒྱུར་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

དེ་བཞིན། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༢༡ ཙམ་གྱིས་རྒྱལ་དོན་དྲུང་ཆེ་མཆོག་ལ་ད་རེབ་རྒྱ་ནག་ཏུ་སྐྱོད་སྐབས་བོད་དོན་གླེང་གཞི་གཙོ་བོར་འཇོག་དགོས་སྐོར་གྱི་དོན་ཚན་ ༧ ཅན་གྱི་ཡི་གེ་ཞིག་ཕུལ་ཏེ། རྒྱ་གཞུང་གིས་བོད་མིའི་མགོ་ཁྲིད་དང་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་དང་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱེད་དགོས་པ། ལྷ་སའི་ནང་ཨ་རིའི་གཞུང་ཚབ་འཛུགས་རྒྱུའི་ཆ་རྐྱེན་དེ་གལ་ཆེ་ཤོས་སུ་བརྩི་དགོས་པ་སོགས་བཀོད་འདུག

གཞན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་ ༤ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེར་ཡི་གེ་ཞུག་ཕུལ་ཏེ། ཐེངས་འདིར་ཁོང་རྒྱ་ནག་ཏུ་ཕྱོགས་སྐྱོད་སྐབས། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་འཛོམས་སྐབས་བོད་དོན་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གླེང་སློང་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ཐེངས་འདིར་ཇོན་ཀེ་རེ་རྒྱ་ནག་ཏུ་བསྐྱོད་པ་དེ་ཁོང་ཨ་རིའི་རྒྱལ་དོན་དྲུང་ཆེར་བསྡད་རྗེས་རྒྱ་ནག་ལ་ཕྱོགས་སྐྱོད་བྱས་པ་ཐེངས་དང་པོ་ཆགས་ཡོད་ལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཇོན་ཀེ་རེ་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲོན་འབོད་ལྟར་ཡོང་སྟེ། ཨ་རྒྱ་གཉིས་ཀྱི་མཉམ་ལས་དང་རྒྱལ་ཁོངས་སོ་སོའི་གནད་དོན། རྒྱལ་སྤྱིའི་གནད་དོན་སོགས་ཀྱི་ཐད་ཕན་ཚུན་གྲོས་བསྡུར་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ།་བནྡེ་སྐྱབས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist