མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་བར་དབུ་ལའི་ལམ་གྱི་གོ་རྟོགས་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་དེ་རིང་སྔ་དྲོར་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཚོར་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་བགྲོ་གླེང་ཞིག་ཚོགས་སོང་།

དེ་རིང་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་ལས་འཆར་ཚན་པ་དང་ངྷ་ས་ས་གནས་བདེ་དོན་ལས་ཁུངས་མཉམ་འབྲེལ་ཐོག ངྷ་ས་ཉེ་འཁོར་གྱི་ཚོགས་པ་ཁག་གི་སྐུ་ཚབ་དང་ལས་འགུལ་བ། ཤེས་ལྡན་མི་སྣ། སྤྱི་ཚོགས་ཞབས་ཞུ་བ་སོགས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཚོར་ “བོད་དོན་བདེན་མཐའ་སེལ་ཐབས་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་” ཞེས་པའི་བརྗོད་གཞིའི་སྟེང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཏམ་བཤད་དང་དྲི་བར་ལན་འདེབས། དབུ་མའི་ལམ་སྐོར་གྱི་གློག་བརྙན་གཟིགས་འབུལ་བཅས་གོ་སྒྲིག་གནང་སོང་།

བགྲོ་གླེང་གི་ཐོག་མར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབུ་མའི་ལམ་ཀྱི་སྲིད་བྱུས་ངོ་སྤྲོད་དང་འབྲེལ། བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། འཚེ་བ་མེད་པ་དང་ཞི་བའི་འཐབ་རྩོད་ནི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་རླབས་ཆེ་ཞིང་། དེ་ལས་བྱུང་པའི་གྲུབ་འབྲས་ནི་རྟག་བརྟན་ཡིན་པ། ལྷག་པར་དུ་གོ་ལ་གཅིག་གྱུར་དང་མི་རིགས་མཉམ་གནས་ཀྱི་དུས་རབས་འདིར། དབུ་མའི་ལམ་ནི་དུས་དང་གནས་བབ་ལ་བསྟུན་པའི་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ལེགས་ཤོས་དེ་ཆགས་ཡོད་སྐོར་བརྗོད་སོང་།

ཚོགས་ཞུགས་རྒྱ་གར་བ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བཙན་བྱོལ་བོད་མི་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ཆགས་ཡོད་པའི་གནས་བབ་འོག ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་འཆར་བཏོན་པ་དེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་མོས་ཐག་གཅོད་བྱུང་ཡོད་པ་དང་། མི་མང་ནང་བསམ་ཤོག་བསྡུས་པའི་བརྒྱ་ཆ་ ༦༠ ལྷག་གིས་རྒྱབ་སྐྱོར་ཐོབ་པ་ལྟར། ལམ་ཕྱོགས་འདི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལ་གཏན་འབེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་བྱེད་ཀྱི་ཡོད་ཀྱང་། དམངས་གཙོའི་འགྲོ་སྟངས་ལྟར་བོད་པའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་མི་བྱེད་མཁན་ཡང་ཡོད་སྐོར་བརྗོད་སོང་།

ཡང་དྲི་བ་གཞན་ཞིག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་ཏེ་ལོ་མང་འགྲོ་བཞིན་ཡོད་ཀྱང་། བོད་མིའི་རང་ལུས་མེར་བསྲེགས་སོགས་བོད་ནང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་འོག དབུ་མའི་ལམ་ལ་གྲུབ་འབྲས་གང་འདྲ་ཐོན་གྱི་ཡོད་མེད་དྲིས་པར་ཁོང་གིས། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐད་གར་གྲུབ་འབྲས་འདི་ཡིན་ཞེས་བཤད་དཀའ་ཡང་། ཕྱོགས་ཡོངས་ནས་ནུས་པ་ཐོན་གྱི་ཡོད་པ་དང་། དེང་སྐབས་འཛམ་གླིང་ནང་གི་སྲིད་གཞུང་ཕལ་ཆེ་བས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་བྱུང་། དེ་བཞིན་རྒྱ་རིགས་མང་ཚོགས་དང་ལྷག་པར་དུ་ཤེས་ཡོན་པའི་ཁྲོད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་། དབུ་མའི་ལམ་གྱིས་རྒྱ་ནག་མི་མང་དང་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་བསམ་བློར་འགྱུར་བ་གཏོང་གི་ཡོད་པ་སོགས་བརྗོད་སོང་།

མཐར་གསར་འགོད་པས་ཚོགས་ཞུགས་པ་ཧི་མ་ཡའི་ཁྱིམ་ཚང་ཚོགས་པའི་ས་གནས་དྲུང་ཆེ་རེ་ཤཱེ་(Rishi Walia) ལགས་སུ་བོད་དོན་འཐབ་རྩོད་ཐོག་དབུ་མའི་ལམ་དང་རང་བཙན་གཉིས་ལས་གང་ཞིག་ནུས་པ་ལྡན་པར་མཐོང་གི་ཡོད་མེད་དྲིས་པར། རང་ཉིད་དང་ཧི་མ་ལ་ཁྱིམ་ཚང་ཚོགས་པའི་ངོས་ནས་རང་བཙན་གཙང་མ་རྩོད་མཁན་ཚོར་རྒྱབ་སྐྱོར་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་གཞིར་བརྩི་བཀུར་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལའང་རྒྱབ་སྐྱོར་ཡོད་ཅིང་། གཙོ་བོ་བོད་མི་མང་གིས་འཐབ་རྩོད་ཀྱི་ཁ་ཕྱོགས་གང་བདམས་ཀྱང་ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་དང་རྒྱ་གར་མི་མང་གིས་བོད་མིར་རྒྱབ་སྐྱོར་ཡོད་སྐོར་བརྗོད་བྱུང་།

སྤི་ཏི་ནས་ཡིན་པའི་མཐོ་རིམ་སློབ་མ་ཐུབ་བསྟན་ཡེ་ཤེས་ལགས་སུ་སྤི་ཏི་མི་མང་གིས་བོད་དོན་ལ་ལྟ་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། འབྲེལ་ཡོད་གཞུང་དང་མངའ་སྡེ་སོགས་གནས་བབ་མང་པོ་ཞིག་གི་འོག སེམས་ནང་གི་ཡོད་ཚད་ཕྱི་རུ་འདོན་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། སྤི་ཏི་མི་མང་གིས་སྙིང་ཐག་པ་ནས་བོད་མི་ཚོར་རྒྱབ་སྐྱོར་དང་སེམས་གཏིང་ནས་བརྩེ་སེམས་འཛིན་གྱི་ཡོད་པ་དང་། བོད་མི་ཚོས་ག་དུས་ཁོང་ཚོ་སྐད་གཏང་ནའང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་ངེས་ཡིན་སྐོར་བརྗོད་བྱུང་།

ཧིན་བོད་ཛ་འབྲེལ་ཚོགས་པའི་མགྲིན་ཚབ་པ་ཅཱན་ཌི་ཀུ་ཤཱར་(Chand Kushar Chanda) ལགས་སུ་རྒྱ་གར་མི་མང་ནང་བོད་དོན་རྒྱབ་སྐྱོར་སྔར་ལས་ཤུགས་ཆེ་རུ་གཏོང་ཐབས་ལ་ལས་གཞི་གང་འདྲ་བརྩམ་དགོས་མིན་དྲིས་པར་ཁོས། གལ་ཆེ་ཤོས་བོད་མི་ཚོས་རྒྱ་གར་བ་དང་འགྲོག་འདྲིས་བརྒྱུད་བོད་ནང་གི་དཀའ་རྙོག་དངོས་ཁོ་ཚོར་གོ་རྟོགས་སྤེལ་རྒྱུ་གལ་ཆེ་བ་དང་། ད་སྔ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་གང་ལེགས་བྱེད་ཀྱི་ཡོད་ཀྱང་། ད་དུང་བྱེད་དགོས་པ་མང་པོ་ཞིག་ཡོད་པའི་ནང་ནས་རྒྱ་གར་གྱི་ས་གནས་སོ་སོའི་གྲོང་སྡེ་དང་གྲོང་ཁྱེར་མགོ་ཁྲིད་ཚོར་འབྲེལ་བ་འཛུགས་རྒྱུ་དེ་མང་ཚོགས་རང་བཞིན་གྱི་རྒྱབ་སྐྱོར་འཚོལ་ཐབས་གལ་ཆེན་ཞིག་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. མི་རྒོད། says:
    ལོ་ 13 སྔོན།

    སྐད་ཆ་འདི་ཅི་ཟེར་བ་ཡིན་ནམ།།།།

    ། དེང་སྐབས་འཛམ་གླིང་ནང་གི་སྲིད་གཞུང་ཕལ་ཆེ་བས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་བྱུང་། དེ་བཞིན་རྒྱ་རིགས་མང་ཚོགས་དང་ལྷག་པར་དུ་ཤེས་ཡོན་པའི་ཁྲོད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་།།།།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    ངོ་མ་བཟང་གི་ད་ལས་དོན་སྤེལ་དགོས་པ་དུས་ལ་བབས་ཤག། །དེ་དོན་ལག་བསྟར་གནང་བ་སྙིང་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་ཡིན། །འདི་ཉིན་རྒྱ་ཡི་རྒྱུག་ཁྱི་སྤྱི་འཐུས་གོ་དོན་མི་ཤེས་མཁན་ཡོད་ཚེ་སྐད་གཏང་ན་ཧ་ཅང་ལེགས་པོ་བྱུང་ཤག་ཡིན་ནའང་དུས་བབས་ཚང་ངས་མཆན་ལ་ཧ་གི་དགྲ་སྡང་བས་བགོད་མིན་མི་ཤེས་སོ།།།།་

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ལམ་དབུ་མ་འདི་གོ་རྟོགས་སྤེལ་ནས་འབྲས་བུ་རང་སྐྱོང་མངོན་དུ་བྱ་རྒྱུ་ཞིག་ཡོད་ན་ནི་ཕལ་ཆེར་ད་ནི་འབྲས་བུའི་གནས་སྐབས་སླེབས་ཟིན་ཡོད་ཚོད་ཡིན།

    ལམ་དབུ་མ་འདི་ཆབ་སྲིད་ཀྱི་ལྟ་གྲུབ་རྐྱང་པ་བ་ཞིག་ཡིན་ན་ནི་དེ་འདྲའི་གོ་རྟོགས་སྤེལ་དགོས་པ་དང་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་ཞིག་ཡིན་ཚོད་རེད།
    མ་གཞི་དབུ་མའི་ས་ལམ་གྱི་འབྲས་བུ་རང་སྐྱོང་དེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དོན་ལ་གནས་འདུག་མི་འདུག་བལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

    Reply
  4. རྒྱ་རྙི། says:
    ལོ་ 13 སྔོན།

    ངོ་མ་བཟང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ཆབ་སྲིད་དྲིལ་བསྒྲགས་དང་། སྲིད་བྱུས་དྲིལ་བསྒྲགས་ཀྱི་མཚོན་པའི་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་མང་ནང་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐད་ཀྱི་དབུ་འོག་དཔུང་པ་མཉམ་འདེགས་བྱེད་དགོས། གང་ལྟར་བོད་སྤྱིའི་རྩ་དོན་ཆེད་ཁ་བཤད་མིན་པར་འགུལ་བསྐྱོད་རྒྱག་མཁན་ཚང་མར་ཐུགས་རྗེ་ཆེ།

    Reply
  5. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་གཞུང་རང་ནས་འགན་བཞེས་ཐོག་ལས་ཁུངས་ག་གེ་མོ་ནས་དྲུང་ཆེ་སོགས་འགན་དབང་མཚན་ཉིད་ལྡན་པའི་མཐོ་རིམ་ལས་བྱེད་ཆེ་གེ་མོ་དེ་དང་དེ་སོགས་ཀྱིས་དབུ་ཁྲིད་དེ་དབུ་མའི་སྲིད་བྱུས་ངོ་སྤྲོད་གནང་ཡོད་ཅེས་པ་ནི་གནས་ལུགས་དང་མཐུན་ལ་ཕན་འབྲས་ཀྱང་ཆེ་བར་མངོན། དེ་མིན་གཞུང་གི་ལངས་ཕྱོགས་ཀྱི་སྲིད་བྱུས་ལ་གཞུང་ལས་ལྷག་པའི་སློབ་གསོ་ཟེར་བ་དང་། ལས་འགུལ་ཟེར་བ་རྣམས་ནི་མི་མང་རྣམས་མགོ་བོ་རྨོངས་རོགས་རེད། གཞུང་གི་མ་འཇོན་པ་དང་མ་བྱས་པ་ཡིན་ན་ནི་གང་ཤེས། གང་ལྟར་བཙན་བྱོལ་གཞུང་ངོས་ནས་ལས་འགུལ་གང་གནང་བ་དེར་མི་མང་ནས་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་རྒྱབ་སྐྱོར་དང་མཉམ་ཞུགས་གནང་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese