མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བང་ཆེན་གསར་ཤོག་འགྲེམས་སྤེལ་བྱས་ཏེ་ལོ་བཅུ་འཁོར་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་བང་ཆེན་གསར་ཤོག་འགྲེམས་སྤེལ་བྱས་ཏེ་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཚོགས་ཏེ་ཆོས་རིག་བཀའ་བློན་མཆོག་གིས་ཁོང་ཐེངས་གཉིས་ངྷ་རམ་ས་ལར་འབྱོར་སྐབས་བོད་མི་ཚོ་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་དང་བོད་ཀྱི་བང་ཆེན་གསར་ཤོག་འདོན་སྤེལ་བྱས་ཏེ་མི་ལོ་ཧྲིལ་བོ་ ༡༠ འཁོར་བའི་མཛད་སྒོ་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུཊ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཙོས། སྤྱི་འཐུས་རྒྱུན་ལས་དང་བཞུགས་སྒར་ཉེ་འཁྲིས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་རྩོམ་སྒྲིག་པ་བཅས་མི་ ༥༠ ཙམ་འཛོམས་སོང་།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ ༢༠༠༣ ལོའི་ཕྱི་ཟླ་ ༤ ཚེས་ ༡༨ ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུཊ་བྱས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་རྒྱུན་འཛིན་དང་བོད་དོན་བདེན་མཐའ་སེལ་ཐབས། མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་ནང་འདྲེན་བཅས་ལ་དམིགས་ཡུལ་གཙོ་བོར་བཟུང་ཡོད་པ་མ་ཟད། ལངས་ཕྱོགས་གཙོ་བོ། དང་པོ། རྒྱལ་སྤྱིའི་ཁྲིམས་དང་གནས་ཡུལ་གཞུང་གི་ཁྲིམས། ལྷག་པར་དུ་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་སྙིང་ནས་བརྩི་བཀུར་ཞུ་རྒྱུ་དང་། གཉིས་པ། དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་དང་ཚོགས་སྡེ་ཁག་དང་མི་སྒེར་གྱི་བཀོད་བྱུས་འོག་མི་འགྲོ་བར་སྲི་ཞུ་ཁང་རང་ཉིད་ཀྱི་དམིཊ་ཡུལ་དང་ལྟ་གྲུབ་ཚད་ཐིག་ཏུ་བཟུང་སྟེ་ལས་ཀ་བྱ་རྒྱུ། གསུམ་པ། ལས་དོན་གྱི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་བདེན་དོན་གཞིར་རྩར་བཟུང་བའི་ཐོག་ལས་བྱེད་སུ་ཡང་བློ་ཐག་རིང་དུ་མི་འགྲོ་བར་སྲི་ཞུ་ལས་འཆར་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱ་རྒྱུ། བཞི་བ། གཞན་གྱི་དགོངས་ཚུལ་དང་ལམ་སྟོན་བྱུང་བར་སྙན་གསན་དང་གུ་ཡངས་ཀྱི་སྒོ་ནས་ལེཊ་ཆ་ལེན་རྒྱུ་གལ་ཆེ་ཡང་། སྲི་ཞུ་ཁང་གི་དམིགས་ཡུལ་དང་བརྟན་གནས་ལ་གནོད་པའི་ལམ་སྟོན་རིགས་ལ་ཉན་འཇོག་མི་བྱེད། ལྔ་བ། དོན་མེད་སྐྱོན་བརྗོད་རིཊ་དང་སྲི་ཞུ་ཁང་གི་ལས་དོན་མཚམས་འཇོག་ཡོང་ཆེད་གནོན་ཤུཊ་རིཊ་ལ་ཆིག་སྒྲིལ་གྱིས་གདོང་ལེན་བྱས་ཏེ་ལངས་ཕྱོཊ་བརྟན་སྲུང་མཐའ་འཁྱོངས་བྱ་རྒྱུ་བཅས་ཡིན་སྐོར་བརྗོད་བྱུང་།   

ཡང་སྲི་ཞུ་ཁང་གི་དཔལ་འབྱོར་དངུལ་རྩིས་དང་ལས་དོན་ཐད་ཁོང་གིས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དཔལ་འབྱོར་ཡོངས་ཁུངས་གཙོ་ཆེ་ཤོས་རོཊ་ཚོཊ་ལ་བརྟེན་ཡོད་པ་དང་།  ༢༠༠༦ ལོ་ནས་བཟུང་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩའི་མཐུན་འགྱུར་གནང་བཞིན་པ་དང་། ༢༠༡༠ ལོ་ནས་བཟུང་སུད་སི་གནས་བཞུཊ་ནམ་མཁའ་རིན་པོ་ཆེ་མཆོག གཞན་ཡང་སྔ་ཕྱིར་དཔལ་འབྱོར་གྱི་རོཊ་རམ་གནང་མཁན་ཕྱི་ནང་གི་མི་སྣ་མང་ཙམ་བྱུང་ཡོད་པ་དང་། གསར་ཤོག་དང་དཔེ་དེབ། གླ་ཡོད་གསལ་བསྒྲགས་སོགས་ལ་བརྟེན་ནས་ཡོང་འབབ་ཡོང་གི་ཡོད་ཅིང་། རྩིས་ཁྲ་ཁག་ཕྱི་ལུགས་ལྟར་ཉར་ཚགས་ཀྱིས་ལོ་ལྟར་རྒྱ་གར་ངོས་ལེན་ཡོད་པའི་རྩིས་ཞིབ་པས་རྩིས་ཞིབ་བྱེད་ཀྱི་ཡོད་སྐོར་དང་། དེ་སྔོན་བལ་ཡུལ་ནང་བོད་ཀྱི་བང་ཆེན་དང་ཧི་མ་ལ་ཡའི་བང་ཆེན་ཞེས་པའི་གསར་ཤོག་སྔ་ཕྱི་འགྲེམས་སྤེལ་བྱས་ཀྱང་དཀའ་ངལ་གྱི་རྐྱེན་པས་མཚམས་འཇོག་བྱས་ཡོད་ཀྱང་། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་དང་བྷེལ་ཀོལ་བཅས་སུ་ཡན་ལག་ལས་ཁུངས་གསར་རྒྱག་གནང་ཡོད་པ་མ་ཟད།  བདུན་རེའི་གསར་ཤོག་བོད་བང་ཆེན་རྒྱ་གར་དབུས་དྲིལ་བསྒྲགས་ལས་ཁུངས་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ། ད་ཆར་རྒྱ་གར་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༢༠ ལྷག་གི་ནང་ཚགས་ཤོག་ ༤༥༠༠ ཡས་མས་འགྲེམས་སྤེལ་བྱས་ཀྱི་ཡོད་ཚུལ། དེ་བཞིན་བོད་ཀྱིོ་བང་ཆེན་ཐོག་རྒྱ་དབྱིན་གསུམ་སྐད་ཡིག་གསུམ་གྱི་ནས་གནས་ཚུལ་མཁོ་གཏོང་དང་། ད་ལྟའི་བར་དཔེ་དེབ་འདྲ་མིན་རྩོམ་སྒྲིག་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ད་ཆར་ཟླ་གསུམ་དུས་དེབ་༼ ཁ་བ་དཀར་པོ༽ དུས་དེབ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་དང་། ད་ལྟའི་བར་སྲི་ཞུ་ཁང་དུ་ཁྱོན་ལས་བྱེད་ ༣༢ བྱུང་ཡོད་པ་དང་། ད་ཆར་དབུས་ས་གཉིས་སུ་ལས་བྱེད་ ༡༢ ། དང་བླངས་གནས་ཚུལ་མཁོ་གཏོང་བ་ ༢ བཅས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

དེའི་རྗེས་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོཊ་ལགས་ཀྱིས།  རིག་གཞུང་དང་གསར་འགོད་ལས་དོན་དེ་རྒྱལ་སྤྱིའི་ཁྱོན་ཡོངས་དང་བཙན་བྱོལ་སྤྱི་ཚོགས་ཕྱོགས་ཡོངས་ནས་གཞི་རིམ་དགོས་མཁོ་ཆེ་ཤོས་ཆགས་ཡོད་པ་དང་། ལྷག་པར་དུ་དམངས་གཙོའི་སྤྱི་ཚོགས་ནང་གསར་འགོད་བརྒྱུད་ལམ་དེ་དམངས་གཙོའི་ཀ་བ་བཞི་བ་ཞེས་འབོད་པ་དང་། དམངས་གཙོའི་སྤྱི་ཚོགས་ཀྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས།  བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་རང་དབང་མེད་པའི་གནས་སྟངས་ལ་གཞིགས་ཏེ་རང་དབང་ལུང་པའི་ནང་གསར་འགོད་རང་དབང་གི་ལས་དོན་ལོངས་སྤྱོད་ཆོག་པའི་གོ་སྐབས་དམ་འཛིན་བྱ་རྒྱུ། གསར་འགོད་ལས་རིགས་ཀྱིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་དང་ནུས་པ་ཆེན་པོ་ཆགས་ཡོད་པའི་སྐབས་འདིར། གསར་འགྱུར་བརྒྱུད་ལམ་གྱིས་ད་ལྟའི་བོད་མིའི་གནས་སྟངས་ལ་གཞིགས་ཏེ་གསར་འགྱུར་འགོད་སྤེལ་སོགས་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

སྤྱི་འཐུས་ཀ་རྨ་ཆོས་འཕེལ་ལགས་ཀྱིས་དམངས་གཙོའི་སྤྱི་ཚོགས་ནང་མི་མང་གིས་སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་ལེགས་ཉེས་དང་། བླངས་དོར་དབྱེ་འབྱེད་བྱེད་སའི་ཁུངས་དང་། མི་མང་གི་གཞི་འཇོག་ས་གཙོ་བོ་གསར་འགྱུར་བརྒྱུད་ལམ་བཅོལ་གྱི་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དྲང་པོར་མ་བཀོད་པའི་རིགས་བྱུང་བ་ཡིན་ན། མི་མང་གི་ངོས་འཛིན་བྱེད་སྟངས་ལ་དོ་ཕོག་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། གལ་སྲིད་རྐྱེན་ངན་པ་ཞིག་ཐེབས་པ་ཡིན་ན་སྐྱོན་ཆ་གཙོ་བོ་བརྒྱུད་ལམ་གྱི་སྐྱོན་ཆགས་ཀྱི་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་གི་ལས་དོན་ཁྲོད་གནད་དོན་གང་ཡིན་ཡང་། སྤྱི་ཚོགས་ལ་འགན་འཁུར་བའི་ཐོག་བདེན་པར་གཞི་བཅོལ་ཏེ་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། མ་འོངས་པར་གསར་འགོད་ལས་རིགས་གཉེར་མཁན་ཚོས་ཕུལ་བྱུང་གི་འཆར་སྣང་དང་སྙིང་སྟོབས་སོགས་ཀྱི་ཆ་རྐྱེན་འཛོམས་པའི་ཐོག ཆ་འཇོག་འཕེར་བའི་ཕྱག་ལས་གནང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་།

མཇུག་ཏུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། སྔོན་མ་བཙན་བྱོལ་ནང་གསར་ཤོག་མང་པོ་ཡོད་ཀྱང་། མཇུག་སྐྱོང་མ་ཐུབ་པར་སྒོ་བརྒྱབ་ཡོད་པའི་རིགས་མང་པོ་བྱུང་སྟེ། ད་ཆར་སྤྱི་ཚོགས་ནང་ཤུཊ་ཆེ་ཤོས་བོད་ཀྱི་དུས་་བབ་དང་བང་ཆེན་གཉིས་ཆགས་ཡོད་པ་དང་། ཁོང་གིས་བདེ་སྲུང་བཀའ་བློན་གྱི་ལས་ཡུན་འཁྱོལ་ཏེ་ལོ་ ༡༡ རྗེས་སུ་ཡང་བསྐྱར་ངྷ་སར་ཡོང་སྐབས། སྔར་དང་མི་འདྲ་བར་མིའི་གཞི་རྩའི་ཤེས་ཡོན་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད་པ། ལྷག་པར་དུ་གཞོན་སྐྱེས་ཚོས་བོད་བསྟན་སྲིད་ཆེད་ཕྱག་ལས་གནང་བཞིན་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ནང་རིགས་གཅིག་གིས་འགན་འཁུར་ཏེ་ཕྱག་ལས་གནང་བ་དང་། རིགས་གཅིག་གིས་གང་ཡང་མ་བྱས་པར་སྐྱོན་བརྗོད་རྐྱང་བྱེད་པ། རིགས་གཅིག་གིས་བར་ལམ་དུ་ཅི་ཡང་མ་བྱེད་པར་བསྡད་པ་དེ་སྤྱི་ཚོཊ་ཀྱི་འགྲོ་སྟངས་ཡིན་ཡང་། ཚང་མ་མཉམ་རུབ་ཀྱིས་ལས་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་སྟེ། གསར་འགྱུར་བརྒྱུད་ལམ་གྱི་གལ་ཆེན་རང་བཞིན་དང་མ་འོངས་ལས་དོན་བྱེད་ཕྱོགས་ཐད་གསུང་དོན། “  སྤྱིར་དམངས་གཙོའི་སྤྱི་ཚོགས་ནང་དམངས་གཙོའི་ཀ་བ་གསུམ་ཞེས་ཡོངས་གྲགས་ཡིིན་ཡང་། ད་ཆར་བརྒྱུད་ལམ་དེ་ཀ་བ་བཞི་པ་རེད་ཅེས་བཤད་བསྡད་ཀྱི་ཡོད་པ་རེད། བརྒྱུད་ལམ་དེ་དམངས་ཚོགས་ཀྱི་ལྟ་བའི་མིག་དང་ཉན་པའི་རྣ་ཅོག་ལྟ་བུ་ཆགས་བསྡད་ཡོད་སྟབས། དེར་བདེན་པ་དང་བློ་ཁོག སེམས་ཤུགས་བཅས་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད་ལ། གནས་ཚུལ་གང་ཡིན་ཡང་འགན་འཁུར་ཏེ་བཀོད་རྒྱུ་དང་དྲང་བདེན་གྱི་ལམ་ནས་བཀོད་རྒྱུ་གལ་ཆེན་ཆགས་ཡོད། ད་ལྟའི་བར་བརྒྱུད་ལམ་ཁག་གིས་བཀའ་ཁྲིའི་འོས་འདེམས་དང་འབྲེལ་བའི་གནས་ཚུལ་ཁག བོད་ནང་དང་བོད་མིའི་སྤྱི་ཚོགས་ནང་ཁྱབ་ཏེ་སེམས་ཤུགས་སྤར་གཞི་ཆགས་ཡོད་པ་རེད། བར་ལམ་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༡༤ བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་བྱས་ཡོད་ཀྱང་། འཛམ་གླིང་གི་སྡིངས་ཆར་དེ་ཚོད་ཀྱིས་འཇོག་ཐུབ་མེད་སྟབས། མ་འོངས་པ་དེ་གལ་ཆེན་དུ་བརྩིས་ཏེ་ཁྱབ་བསྒྲགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྒྱལ་དུ་ཡོད་པའི་བོད་པའི་སྤྱི་མཐུན་ཚོགས་པ་ཁག་ལ་པར་རིས་སོགས་མཁོ་སྤྲོད་ཀྱིས་འཕྱར་གྲུ་མཉམ་འདེབས་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ” ཅེས་གསུངས་བྱུང་།

དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལགས་སུ་ “ ཤེས་བརྩོན་ཟུང་ལྡན་གྱི་ཕུལ་བྱུང་ལས་བྱེད ” ཅེས་པའི་གཟེངས་བསྟོད་ཕྱག་འཁྱེར་དང་ཧིན་སྒོར་ ༢༠༠༠༠ གྱི་གསོལ་རས་གནང་སོང་ལ། ཉིན་གུང་རྗེས་ཚོགས་ཞུགས་པ་དག་གིས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལས་དོན་སྤྱི་དང་། བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ་བཅས་ཡར་རྒྱས་གཏོང་ཕྱོགས་ཐོག་བགྲོ་གླེང་གནང་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༥ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༩ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༢ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 7

  1. ངག་དབང་ཕུན་ཚོགས། says:
    ལོ་ 13 སྔོན།

    གསེར་རྟ་ཚུལ་ཁྲིམས་བང་ཆེན་ཚང་གི་བྷོ་སཱི་boss་རེད། ཁོའི་སྐྱེས་དམན་ཡེ་ཤེས་མཚོ་མོ་ཟེར་བ་དེ་བང་ཆེན་ཚང་གི་རྩིས་པ་ ་accountant ་རེད། གནས་ཚུལ་ཆེན་པོ་འདི་ན་ལྷག་བསྡད་ཡོད་པ་རེད། གསེར་རྟ་ཚུལ་ཁྲིམས་ཀྱིས་ད་རེས་མཛད་སྒོའི་ཐོག་ “རྩིས་ཁྲ་ཁག་ཕྱི་ལུགས་ལྟར་ཉར་ཚགས་ཀྱིས་ལོ་ལྟར་རྒྱ་གར་ངོས་ལེན་ཡོད་པའི་རྩིས་ཞིབ་པས་རྩིས་ཞིབ་བྱེད་ཀྱི་ཡོད” ཅེས་བཤད་འདུག་པ་ངོ་མ་ཁྱད་མཚར་རེད་་

    Reply
  2. ཀུན་དགའ། says:
    ལོ་ 13 སྔོན།

    གསར་ཁང་དེ་དང་དེའི་མཛད་སྒོ། དེའི་ལངས་ཕྱོགས། སྐུ་མགྲོན། གསོལ་བརྔན་སོགས་གང་ལ་ལྟོས་ན་དགོད་སྤྲོ་པའི་གནས་རེད། ད་དུང་ང་ཚོའི་སྤྱི་ཚོགས་འདི་འདི་ལྟར་མུ་མཐུད་གནས་ན་ལྟད་མོ་མང་རྒྱུ་རེད། ཧ་ཧ་ཧ་ཧ

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    བོད་ཀྱི་བང་ཆེན་གསར་ཤོག་འཁྲུངས་ནས་ལོ་ངོ་བཅུ་འཁོར་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་ཡང་ཞུ།

    Reply
  4. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གོང་གི་མཆན་ནང་དུས་བབ་ཅེས་བཀོད་ནོར་ཤོར་འདུག་པས་བང་ཆེན་ཞེས་བཅོས་རོགས།

    Reply
  5. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་གསར་ཁང་ལོ་བཅུ་འཁོར་བའི་དུས་ཆེན་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྔ་ཕྱིར་ཕེབས་པའི་དབུ་འཛིན་ལས་བྱེད་གསར་འགོད་པ་སོགས་ཚང་མ་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་ཡི་རང་བསྔགས་བརྗོད་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. བཟོད་པ། says:
    ལོ་ 13 སྔོན།

    ཨང་དང་པོ་བཀྲ་ཤིས་བདེ་ལེགས་ཡོད། དེ་ནས་ཁྱེད་ཚོས་བཏོན་པའི་དོན་ཚན་བཞི་པ་དང་ལྔ་པའི་ནང་ལས་ཁུངས་ཀྱི་དམིགས་ཡུལ་ལངས་ཕྱོགས་ཟེར་བ་ཞིག་ཡོད་པ་དེ་ངོ་མ་ཁྱད་མཚར་རེད། གསར་ཁང་ཞིག་ལ་ལངས་ཕྱོགས་ཟེར་བ་ཞིག་ཡོད་དུས་ཚར་རེད། དེ་ནི་གསར་འགྱུར་ལས་དོན་གྱི་འགྲོ་སྟངས་རྩ་བ་ནས་ཧ་མ་ག་བོ་མ་ཚད་དེང་རབས་ཀྱི་བརྒྱུད་ལམ་གྱི་རྩ་འཛིན་ཙམ་ལའང་རྒྱུས་མངའ་མེད་པས་རེད་ཞག

    Reply
  7. lhakpatsering says:
    ལོ་ 13 སྔོན།

    བརྒྱུད་ལམ་ནང་ཕྱག་ལས་གནང་མཁན་ཞིག་ལ་གཞུང་འཛིན་མི་སྣ་གལ་གནད་ཅན་ཤིག་གིས་གཟེངས་རྟགས་དང་རྔན་པ་སྤྲོད་ཀྱི་ཡོད་པའི་སྐབས་ལཏོག་ཙམ་འགྲིག་གི་ཡོད་པ་མ་རེད་་ངས་བསམ་པ་ཡིན་ནན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese