མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་བྲང་དགོན་ནང་གི་ཕྱོཊ་ཡོང་གྲྭ་བ་ཚོ་ཕྱིར་འཕུད་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་བླ་བྲང་དགོན་པའི་ནང་གི་ཕྱོགས་ཡོང་གྲྭ་བ་སློབ་གཉེར་བ་ཚོར་རྒྱ་གཞུང་གིས་སུན་པོ་བཟོ་བཞིན་ཡོད་པ་དང་། ལོ་འདི་འགར་གྲྭ་བ་མང་པོ་ཞིག་སྔ་རྗེས་སུ་ཕྱིར་འཕུད་བཏང་ཡོད་འདུག

ཉེ་ཆར་བོད་ནས་འབྱོར་ཞིང་ད་ལྟ་ངྷ་རམ་ས་ལར་གནས་སྡོད་མིང་བརྗོད་འདོད་མེད་མཁན་ཞིག་དང་གླེང་མོལ་བྱས་སྐབས། ཁོང་གིས་རྒྱ་ནག་གཞུང་གིས་སྔོན་མ་ནས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་བའི་གྲངས་འབོར་ལ་ཚོད་འཛིན་དང་། དགོན་པའི་ཆོས་རྭར་ཞུགས་ཚད་ཐོག་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ༢༠༠༩ ལོ་ནས་བཟུང་དམ་དྲག་སྔར་ལས་ཆེ་རུ་བཏང་སྟེ། ཞིང་ཆེན་གཞན་ནས་ཡོང་བའི་གྲྭ་བ་ཚོ་ཚོགས་ཞུགས་བྱ་མི་ཆོག་པའི་ཡིག་ཆ་གསལ་བསྒྲགས་བྱས་ཏེ། ལྷ་ས་དང་ཟི་ཁྲོན། མཚོ་སྔོན་སོགས་ནས་ཡོང་བའི་སློབ་གཉེར་བ་ ༡༧༠ ལྷག་ཕྱིར་ལོག་བྱེད་དགོས་བྱུང་ཡོད་སྐོར་རྗོད་བྱུང་ལ།  ཁོང་གིས། “ རྒྱ་ནག་གཞུང་གིས་བླ་བྲང་དགོན་པའི་གྲྭ་བ་ཚོར་ཚོད་འཛིན་བྱེད་ཀྱི་ཡོད་པ་དེར་དམིགས་ཡུལ་གཉིས་བཟུང་ཡོད་པ་རེད། གཅིག་ནི་དགོན་པར་དོ་དམ་སྟངས་འཛིན་བྱེད་པར་སྟབས་བདེ་བཟོ་བཞིན་ཡོད་པ་དང་། གཉིས་པ་གྲྭ་བ་ཉུང་དུ་བཏང་སྟེ་དགོན་སྡེའི་ཆོས་ལུགས་པའི་སྟོབས་ཤུགས་གཅོག་འཕྲི་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་གྲྭ་བའི་གྲངས་འབོར་ཚོད་འཛིན་ཆེད་རང་ལོ་བཅོ་བརྒྱད་མ་སོན་པའི་རིགས་གྲྭ་བ་བྱེད་མི་ཆོག་པ་དང་། སློབ་གྲྭའི་ལག་རྟགས་མེད་མཁན་གྲྭ་བ་བྱེད་མི་ཆོག་པ་སོགས་ཀྱི་སྒྲིག་གཞི་ལག་བསྟར་བྱས་རྗེས། རྒྱ་ནག་གཞུང་གི་མིང་ཐོའི་ནང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གྲྭ་བ་གྲངས་འབོར་ ༩༩༩  ལས་ཚུད་མེད་པ་དང་། གལ་སྲིད། གྲྭ་པ་གྲངས་འབོར་ ༡༠༠༠ ལ་བསླེབ་ཚེ། དེ་ལ་ཁ་གཡར་ཏེ་གྲྭ་བ་གཞན་མང་པོ་དུས་མཉམ་དུ་ཕྱིར་འཕུད་གཏོང་གི་ཡོད་འདུག གནས་སྟངས་དེའི་འོག་ཕྱོགས་ཡོང་སློབ་གཉེར་བ་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་དང་། ༢༠༠༩ ལོ་ནས་བཟུང་རང་ལུས་མེར་བསྲེཊ་བྱུང་སྐབས་བཅས་ལ། དགོན་པའི་ནང་དང་ཉེ་འཁོར་ཡོངས་སུ་དྲག་ཆས་ཐོགས་ཡོད་པའི་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཏེ་མི་མང་ལ་འཇིགས་སྣང་སྐུལ་གྱི་ཡོད་ནའང་། རྗེས་སུ་བྱེད་ཐབས་དེ་ལ་འགྱུར་བ་བཏང་སྟེ། དམག་མི་དང་ཉེན་རྟོག་པ་ཚོས་མི་མང་དཀྱུས་མའི་ལ་བ་གྱོན་ཏེ་དགོན་པའི་གླང་བར་དང་གྲོང་ཁྱེར་ནང་། དེ་བཞིན་མང་ཚོགས་ཁྲོད་བཅས་སུ་ཁ་བཀྲམས་ཏེ། ཕྱི་ཚུལ་དུ་དམ་དྲག་མེད་པར་ཧ་ཅང་ལྷིང་འཇགས་ཀྱི་རྣམ་པ་སྟོན་ཅི་ཐུབ་བྱེད་ཀྱིན་ཡོད་འདུག

དེང་སྐབས་བླ་བྲང་དགོན་པ་དང་རྗེ་སྐུ་འབུམ་དགོན་པ། རྔ་པ་ཀིརྟི་དགོན་པ། རེབ་གོང་རོང་བོ་དགོན་པ་སོགས་གཙོས་པའི་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་པོའི་ནང་གཞུང་སྒྲུབ་ཁང་གསར་འཛུགས་ཀྱིས་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་བསྐོ་བཞག་བྱེད་ཀྱི་ཡོད་འདུག་ལ། ཐ་ན་དགོན་པའི་ཉེ་འཁོར་གྱི་མང་ཚོགས་ནང་དུའང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ས་གནས་གང་སར་གློག་མིག་བཙུགས་ཏེ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཁྱིམ་ཚང་ནང་སྐྱོད་མི་ཆོག་པ་དང་། ཡུལ་མི་ཚོས་ས་གནས་གཞན་གྱི་མི་ལ་གནས་ཚང་གཡར་མི་ཆོག་པ། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཕྱི་རྒྱལ་བ་དང་ཐུག་འཕྲད་ཀྱིས་དབྱིན་སྐད་ཐོག་ཁ་བརྡ་བྱེད་མི་ཆོག་པ་སོགས་བཟོས་ཡོད་འདུག  

གསར་འགོད་པས་ཁོང་ལ་བོད་ནང་གི་སྐད་ཡིག་སྐོར་ལ་གླེང་མོལ་བྱེད་སྐབས། “ བོད་ནང་གི་གྲོང་ཁྱེར་ཚང་མའི་ནང་བོད་རིགས་ལས་རྒྱ་རིགས་མང་བ་ཡོད་པ་རེད། གྲོང་ཁྱེར་ནང་གི་བོད་པ་གཞོན་སྐྱེས་ཚོས་བོད་སྐད་ལས་རྒྱ་སྐད་བཤད་བདེ་བོ་དང་། བོད་སྐད་བཤད་སྐབས་ཀྱང་ནང་དུ་རྒྱ་སྐད་དང་རྒྱ་སྐད་ཀྱི་ཚིག་མང་པོ་བྱེད་སྤྱོད་མ་བཏང་ན་བཤད་ཤེས་ཀྱི་ཡོད་པ་མ་རེད། འབྲོག་ཕྱོགས་ཀྱི་སྐད་ཆའི་ནང་དུའང་རྒྱ་སྐད་མང་པོ་འདུག ཡིན་ནའང་སྔོན་མ་དང་བསྡུར་ན་བོད་སྐད་ཇེ་གཙང་དུ་འགྲོ་བཞིན་འདུག ས་ཁུལ་མང་པོར་བོད་སྐད་སྲུང་སྐྱོབ་ལས་འགུལ་འདྲ་མིན་སྤེལ་གྱི་འདུག བོད་ཆོལ་ཁ་གསུམ་གྱི་མཁས་དབང་མང་པོ་ཞིག་མཉམ་རུབ་ཐོག་བསྡུ་སྒྲིག་བྱས་པའི་༼བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོད་མིང་མཛོད༽ གཙོས་པའི་དཔེ་དེབ་ཁག་དང་། གསར་བྱུང་གི་ཐ་སྙད་སྐོར་འགྲེམས་སྤེལ་བྱས་ཏེ་སློབ་གསོ་གཏོང་བ་དང་། བགྲོ་གླེང་འཛུགས་པ་སོགས་ཐབས་ལམ་སྣ་ཚོགས་འཐེན་བཞིན་འདུག སྔར་ལོ་རྒྱ་གཞུང་གིས་དཔེ་དེབ་དེ་དག་ཀན་སུའུ་ཞིང་ཆེན་འོག་བཀྲམས་མི་ཆོག་སྐོར་བཤད་དེ་བཀག་བསྡོམས་བྱས་སོང་། དཔེ་ཁང་སོགས་སུའང་དེབ་དེ་རིགས་བཙོང་བ་ཡིན་ན་ཆབ་སྲིད་ཀྱི་གནད་དོན་དུ་བརྩི་བཞིན་འདུག ཁོང་ཚོར་རྒྱུ་མཚན་མང་པོ་བཤད་རྒྱུ་མི་འདུག” ཅེས་བརྗོད་བྱུང་།

བོད་ནང་རང་གི་རང་ལུས་མེར་བསྲེགས་ཐོག་བོད་ནང་གླེང་ཕྱོགས་གང་འདྲ་ཡོད་མེད་དྲིས་པའི་ལན་དུ “རང་ལུས་མེར་བསྲེཊ་རེ་བྱུང་སྐབས་ཚང་མས་ཕན་ཚུན་ལ་ཁ་པར་ནང་ནས་གནས་ཚུལ་གཏོང་རེས་བྱས་ཏེ། ལམ་སང་ལམ་སང་གོ་ཡོང་གི་འདུག སྔོན་མ་གནས་ཚུལ་དེ་འདྲ་བྱུང་སྐབས་ལམ་སང་དགོན་པར་སོང་སྟེ་བསྔོ་སྨོན་མཆོད་འབུལ་བྱེད་པའི་ལུགས་སྲོལ་ཞིག་དར་འདུག ཉེ་ལམ་ཞིག་ནས་རྒྱ་གཞུང་གིས་མཆོད་འབུལ་བྱེད་དུ་སྐྱོད་པར་དམ་དྲག་ཤུགས་ཆེ་རུ་བཏང་འདུག མང་ཚོགས་ཚོས་རང་ལུས་མེར་བསྲེགས་གནང་མཁན་ཚོར་ཧ་ཅང་རྩ་ཆེན་པོ་དང་གུས་ཞབས་ཆེན་པོ་བྱེད་ཀྱི་འདུག མི་རིགས་ཀྱི་དཔའ་བོ་དང་རྒྱལ་གཅེས་བར་ངོས་འཛིན་བྱེད་ཀྱི་འདུག” ཅེས་བརྗོད་སོང་།

ཁོ་རང་སྒེར་ལ་བསམ་ཚུལ་ག་རེ་ཡོད་མེད་དྲིས་པར། “མེར་བསྲེགས་གཏོང་མཁན་ཁྲོད་ལོ་ཆུང་ཆུང་མང་པོ་འདུག ལོ་ ༡༧ ཅན་དེ་འདྲའི་སྲོག་ཤོར་ཡོང་སྐབས་ཕངས་པོ་འདུག ངས་བལྟས་ན་བོད་ཕྱི་ནང་གཉིས་ཀས་སྐད་ཡིག་སྲུང་སྐྱོབ་ཐོག་ཤུགས་བརྒྱབ་ན་ལས་འགུལ་རྩ་ཆེན་པོ་ཞིག་རེད་དྲན་གྱི་འདུག” ཅེས་དང་། “གཞོན་སྐྱེས་ཚོ་འཛོམས་ས་མང་ཆེ་བར་བོད་དོན་སྐོར་གྱི་གླེང་མོལ་ཡོད་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐོར་ལ་ཁ་བརྡ་བྱེད་རྒྱུར་ཚང་མ་སྤྲོ་བ་ཆེན་པོ་འདུག ཁོ་རང་སློབ་གྲྭ་གང་ནས་ཐོན་པ་དང་ཤེས་ཡོན་ག་རེ་ཡོད་མེད། ཐ་ན་ཁོང་གིས་གཏམ་བཤད་ག་རེ་གནང་ཡོད་མེད་སོགས་ཀྱང་ཤེས་ཀྱི་འདུག” ཅེས་བརྗོད་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    བྱང་ཁ་ཕྱིར་འབུད་ཀྱི་ལས་འགུལ་འདི་རྒྱ་ནག་གཅིག་བུ་མིན་ཐ་ཡ། གསེར་ཡུམ་ཡིན་ཐ་ན། སྔོན་མ་ནས་འཆར་གཞི་ཡོད་ཐ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese