མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཁྲོན་ཡཱ་ཨན་དུ་ས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་རྒྱ་ནག་སི་ཁྲོན་ཞིང་ཆེན་ཡཱ་ཨན་ཁུལ་དུ་ཚད་རིམ་ ༧༌༠ ཅན་གྱི་ས་ཡོམ་བྱུང་སྟེ། ད་སྔ་ཤེས་རྟོགས་བྱུང་བར་མི་ ༨༠ འདས་གྲོངས་དང་། མི་ ༢༢༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༠༢ ཡས་མས་སུ་རྒྱ་ནག་སི་ཁྲོན་ཞིང་ཆེན་ཡཱ་ཨན་ཁུལ་ལོའུ་ཧྲན་རྫོང་དུ་ཚད་རིམ་ ༧༌༠ ཅན་གྱི་ས་ཡོམ་བྱུང་སྟེ། ད་སྔ་མི་ ༨༠ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་དང་། མི་ ༢༢༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད།  ས་གནས་ཀྱི་ཁང་བརྩེཊ་དང་སྡོད་ཁང་མང་པོར་གཏོར་བཅོམ་ཚབས་ཆེན་ཐེབས་འདུག

གནས་ཚུལ་དེ་བྱུང་མ་ཐག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་ལས་དོན་བསྒྲུབ་དགོས་པའི་བཀོད་ཁྱབ་བཏང་སྟེ། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཏུན་མེན་གཙོས་པའི་ཁུལ་དང་། ཞིང་ཆེན་གྱི་མགོ་ཁྲིད་དང་ལས་བྱེད། སི་ཁྲོན་ཞིང་ཆེན་དྲག་ཆས་ཉེན་རྟོག་རུ་ཁག་དང་དྲག་ཆས་མེ་གསོད་རུ་ཁག དྲག་ཆས་ཆུ་གློག་ལྟ་རྟོག་རུ་ཁག དྲག་ཆས་འགྲིམ་འགྲུལ་ལྟ་རྟོག་རུ་ཁག དྲག་ཆས་ཉེན་རྟོག་སློབ་གླིང་བཅས་ཀྱི་མི་ ༣༨༧༠ དང་། གཞན་ཡང་ས་གནས་ཀྱི་སྨན་པ་དང་མྱུར་སྐྱོབ་མི་སྣ་བཅས་གནོད་ཐེབས་ས་གནས་སུ་ཐོན་སྟེ་མྱུར་སྐྱོབ་ཀྱི་ལས་ཀ་བསྒྲུབ་ཀྱི་ཡོད་པ་མ་ཟད། ཉིན་གུང་གི་མཚམས་སུ་རྒྱ་ནག་གི་སྲིད་བློན་ལིས་ཁི་ཆིང་པེ་ཅིན་ནས་གནོད་ཐེབས་ས་ཁུལ་དུ་བསླེབས་ཏེ་བཀོད་འདོམས་བྱེད་ཀྱིན་ཡོད་འདུག

ཐེངས་འདིའི་ས་ཡོམ་གནོད་འཚེ་བྱུང་ཡུལ་ཡཱ་ཨན་ཁུལ་ནི། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་སྤྱི་ལེ་ ༡༡༥ ལྷག་གི་མཚམས་སུ་ཡོད་པ་དང་། རྫོང་དེར་ཁྱོན་མི་ཁྲི་ ༡༢ ལྷག་གཏན་སྡོད་བྱས་ཡོད་འདུག  ས་ཁམས་ཀྱི་ཆ་ནས་འབྲུ་ཆུའི་སྟོད་ཕྱོགས་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་མཚམས་སུ་ཡོད་པ་དང་། རྫོང་དེའི་ཤར་ཕྱོགས་ཁྲིན་ཏུའུ་དང་། ནུབ་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། བྱང་ཕྱོགས་ལིང་ཧྲན། ཤར་ཕྱོགས་རྔ་པ་བོད་རིགས་རང་སྐྱོང་ཁུལ་བཅས་དང་འབྲེལ་ཡོད་འདུག  

རྒྱན་ནག་སི་ཁྲོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ ༧༌༠ ཡིན་ཚུལ་བརྗོད་ཡོད་པ་དང་། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་ཚད་རིམ་ ༦༌༦ ཡིན་ཚུལ་བརྗོད་ཡོད་འདུག དེ་རིང་ཞོགས་པར་ས་ཡོམ་བྱུང་རྗེས་སྔ་ཕྱི་ཚད་རིམ་ ༤ ཅན་གྱི་ས་ཡོམ་བསྟུད་མུར་བྱུང་ཡོད་འདུག་ལ། ཐེངས་འདིའི་ས་ཡོམ་གྱིས་ཁྲིན་ཏུའུ་གྲོང་ཁྱེར་གཙོས་པའི་ཉེ་ཁུལ་གྱི་ས་གནས་མང་པོར་གཡོ་འགུལ་ཐེབས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༧ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 19

  1. ཚེ་རིང་རྡོ་རྗེ says:
    ལོ་ 13 སྔོན།

    མཆན་པ་སྨྱོ་བཤད་མཁན་ཁ་ཤས་ལ་སྨྲས་པ།
    ཁྱོད་ཚོ་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཞོགས་འདེགས་བྱས་པ་ཚང་མ་བོད་མི་ལ་གདུག་རྩུབ་བཙན་གནོན་བྱེད་མཁན་ཡིན་དགོས་ཟེར་བ་འདྲ། འོ་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་མགོ་ཁྲིད་དང་ལས་བྱེད་ཡིན་པའི་བོད་མི་དང་། རྒྱ་ནག་དམར་ཤོག་གི་ཚོགས་མི་ཡིན་པའི་བོད་མི། རྒྱ་གཞུང་གི་སློབ་གྲྭའི་སྒྲིག་གཞིའི་འོག་ན་ཡོད་པའི་བོད་མི་སློབ་མ། རྒྱ་གཞུང་གི་རོགས་དངུལ་ཟ་བའི་བོད་མི་སོགས་ཀྱང་དེ་བཞིན་ཡིན་དགོས་པར་ཐལ། དེ་འདྲ་ཡིན་ན། ཁྱོད་ཚོའང་དེའི་གྲས་སུ་ཚད། གང་ཡིན་ཞེ་ན། སྔོན་ཆད་ཁྱོད་ཚོས་ཀྱང་རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་ལ་མགོ་བཏེགས་དང་མཉམ་འབྲེལ་བྱས་མྱོང་། ཡང་ཁྱོད་ཚོས་རང་ཉིད་ཨུ་ཐུག་ནས་རྒྱ་ནག་དང་མཉམ་འབྲེལ་མ་བྱས་ཐབས་མེད་བྱུང་བ་ཡིན་ཟེར་སྲིད། འོན་ཀྱང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་གནོན་འོག་ན་ཨུ་ཐུག་པ་ནི་ཁྱོད་ཚོ་གཅིག་པུ་གང་ན་ཡིན།
    གལ་སྲིད་བོད་མི་ལ་གདུག་རྩུབ་བཙན་གནོན་བྱེད་མི་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་བའི་གོ་སྐབས་ཤིག་བྱུང་ཚེ། ཁྱོད་ཚོས་རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པ་ཚང་མ་གྱོད་ཡར་བཟུང་ནས་ཁ་མཆུ་བཤད་རྒྱུ་ཡིན་ནམ། དེ་ནི་འཛམ་གླིང་མི་མང་གད་མོ་ཤོར་བའི་གླེན་རྟགས་ཞིག་ཡིན་པ་ལོས་ཤེས། རང་གི་སྐད་ཆ་ལ་འགན་འཁུར་བའི་ཀུན་སྤྱོད་ཀྱང་མི་ལྡན་ན། ཁྱོད་ཚོ་ཁ་ཕོ་དེ་ཙམ་ཆེ་བའི་འོས་ཅི་ཞིག་འདུག བརྫུས་མིང་འོག་ཏུ་སྦས་ནས་གཏམ་ངན་རང་གིས་བཤད་དེ་ངན་ཁག་གཞན་ལ་དཀྲི་བསམ་པ་ཨེ་ཡིན།
    རང་བྱུང་གི་ཤི་གོད་ཐེབས་པའི་འགྲོ་བ་མི་ཡོད་ཚད་ལ་མྱ་ངན་ཞུའོ།།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རེད་ཡ། ཡིད་སེམས་རྦད་དེ་འཁྲུགས་སོང་བ་ཁྱོད་ཅི་ཁག། བོད་ཡུལ་དེ་དག་ཞིང་དུ་རློམས། བོད་མི་རིགས་འདི་ལྷ་སྐུའི་རང་བཞིན་དུ་བསྒྲུབས་ནས་སྙིང་རྗེའི་བདག་ཉིད་དང་ས་ཐོབ་ཀྱི་སེམས་དཔའ་སེམས་སེམས་མ་ཡིན་མདོག་གིས་མགོ་བོ་བགྱེར་བགྱེར་བྱེད་བཞིན་པ་འདིས། རང་ཉིད་ཀྱིས་རང་ཉིད་སྐྱོབས་མི་ཐུབ་པའི་གནས་སྟངས་འདི་བྱུང་བ་རེད། བྱས་ཙང་རྒྱ་མི་རིགས་ཀྱིས་བོད་མི་རིགས་འདི་སྙིང་རྗེའི་བདག་ཉིད་དུ་བརྩི་ཡི་མི་འདུག་ལ་བོད་ཡུལ་འདི་དག་ཞིང་དུ་མི་བརྩི་བར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་ལེན་རྒྱུ་དང་། རྒྱ་མི་རིགས་གནས་བཅའ་སའི་ས་སྟོང་རྒྱ་ཆེན་ལུས་ཡོད་པ་བདག་བཟུངས་བྱེད་རྒྱུར་རྔམས་བཞིན་པ་མ་ཟད། བོད་མི་རིགས་འདི་བྲན་གཡོག་ལ་བརྩི་བཞིན་པ་རེད།
    དེ་ལྟ་བས་ན་བོད་མི་རིགས་འདི་བརྒྱ་ཆ་མང་ཤོས་ཞིང་འབྲོག་གཉིས་ཀྱིས་གྲུབ་ཡོད་པ་རེད། ཞིང་པས་ཞིང་རྨོ་འདེབས་ཇི་ལྟར་བྱེད་པ་དང་འབྲོག་པས་ཕྱུགས་རིགས་གཉོར་སྐྱོང་དང་བཀོལ་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་པ་རེད། ནང་ཆོས་ཡང་དག་པ་ཤེས་མཁན་ཇི་ཙམ་ཡོད་དམ། འདི་ཚོ་ཚང་མ་ནང་པ་ཡིན་པའི་མཚན་གཞི་ཇི་ལྟར་འཇོག་གམ། མ་ཎི་གྲངས་ཤེས་པ་ཙམ་གྱིས་ནང་པར་གྱུར་བ་ཨེ་རེད། དེ་ཡིན་ན་སྨྲ་མཁན་ནེ་ཙོ་ཡང་ནང་པ་ཡིན་པར་ཐལ། མ་ཎི་གྲངས་ཤེས་པས་ཕྱིར། འོ་ན་ནང་པའི་གྲལ་ནས་ཇི་ལྟར་བུད་སོང་བ་རེད།

    རེད་ད། ང་ཚོ་དགྲ་གཉེན་གྱི་དབྱེ་བ་ཤེས་མཁན་གྱི་ཀླད་རྒྱ་འདི་ལས་མེད་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་སེམས་གཙོ་སྨྲ་བ་རིང་ལུགས་པའི་སྙིང་རྗེའི་བདག་ཉིད་ཀྱིས་མན་འཇུར་ཆོས་སྦྱིན་བཀའ་དྲིན་བསྐྱངས་པའི་འབྲས་བུར་བོད་ཀྱི་ལོ་རྒྱུས་འདི་མག་མོག་ཞིག་བཟོས་ཡོད་པ་རེད་ལ། སེམས་དཔའ་དང་སེམས་མ་ཚོས་རྒྱ་དངུལ་ཏཱ་ཡང་ལ་རྔམས་ནས་ཨ་ཞང་གུང་ཁྲན་ཚང་གདན་དྲངས་ནས་ད་ལྟའི་གནས་སྟངས་ཡ་ང་བ་འདི་བྱུང་བ་མ་རེད་པས། ད་དུང་འདི་ཚོ་སྟོང་ཉིད་ཀྱི་ལྟ་བས་ཀླད་རྒྱ་ནམ་མཁའ་ལས་ཡངས་བ་ཡིན་རྒྱུ་རེད་ཡ།
    ད་དུང་ཕན་སེམས་ཀྱི་ཀུན་ནས་བླངས་ཏེས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྒྱ་མི་རིགས་ལ་སྦྱིན་གཏོང་བགྱིས་དང་སྦྱིན་པའི་ཕར་ཕྱིན་རྫོགས་ཀྱི་རེད་ལ་བོད་མི་རིགས་འདི་མཐར་འཐུག་གི་བདེ་བ་བླ་མེད་ཅིག་ཐོབ་རྒྱུ་ཉག་ཅིག་རེད་དོ། ཧ་ཧ། སེམས་གཙོ་སྨྲ་བ་རིང་ལུགས་པ་ངོ་མ་རེད་ཡ།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    ངོ་མ་དྲ་འབུ་འདི་ཚོ་ཁྱད་མཚར་རེད། བོད་རིག་ནང་ཁུལ་ལ་སྐྱོན་བརྗོད་བྱེད་ས་ཞིག་རག་ན་ནི་དྲང་བདེན་དང་བཟང་སྤྱོད་ཅེས་པ་ཞིག་ཐོས་མ་མྱོང་བ་ལྟ་བུ་ཡིན། དེ་རིང་རྒྱ་མིའི་ཆགས་སྒོ་ལ་སྙིང་བརྗེ་སྒོམ་མཁན་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཇི་འདྲའི་མང་ཨང་།

    Reply
  4. རྩྭ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    ཤི་གསོན་ཚིང་མ་རྙིང་རྗེ

    Reply
  5. འཁྱམ་པོ། says:
    ལོ་ 13 སྔོན།

    མཆན་བུ་ཁ་ཤས་ཤིག་བཀློགས་པ་ཡིན། ཡིད་སེམས་རྦད་དེ་འཁྲུགས་སོང་། ས་གཞི་འགུལ་ཞིང་མི་རོའི་རྩིག་པ་རྩིག་དུས་མ་ནི་ཚིག་གཅིག་དང་སེམས་གསོ་ཚིག་གཅིག་ཕར་བཞག་ད་དུང་སྙིང་འཚིམ་བརྡར་བ་ནི་ཆོས་ལྡན་ཞིང་ཁམས་དང་སྙིང་རྗེ་ཅན་གྱི་མི་རིགས་ཤིག་ཡིན་ཞེས་བརྗོད་ན་སུ་ཞིག་གིས་ཡིད་ཆེས་བྱེད་ལ་དོན་དངོས་ལ་ནང་པའི་གྲལ་ནས་བུད་ཚར་བ་རེད། མ་ཟད་ང་ཚོའི་སྤུན་ཟླ་ཁ་ཤས་ལ་ཀླད་རྒྱ་དེ་འདྲ་ཞིག་ལས་མེད་དུས་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་གྱར་བ་མ་ཟད་ད་དུང་གཞན་ལ་རྣག་སེམས་ཁོ་ན་ལས་མཐུན་ལམ་ཞིག་འཚོལ་མ་ཤེས་ན་ནམ་ཡང་མི་རིགས་འདི་ཉིད་ལ་བདེ་བ་ཞིག་ཐོབ་ག་ལ་སྲིད།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    ༼ རྫོང་དེའི་ཤར་ཕྱོགས་ཁྲིན་ཏུའུ་དང་། ནུབ་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། བྱང་ཕྱོགས་ལིང་ཧྲན། ཤར་ཕྱོགས་རྔ་པ་བོད་རིགས་རང་སྐྱོང་ཁུལ་བཅས་དང་འབྲེལ་ཡོད་འདུག ༽ཟེར།རྔ་བ་ཤར་ཕྱོགས་སུ་ཡོད་ན་རྒྱ་ཁོག་རང་ན་ཡོད་ས་རེད་པ་་་དེ་འདྲ་ཞིག་ཨེ་ཡིན་ནམ་་་་་གསར་འགོད་པ་ཚོས་ཤེས་མདོག་བྱེད་མི་ཉན་་་་ཞིབ་འཇུག་བྱས་ནས་སྤེལ་རྒྱུ་གལ་ཆེན་རེད་་་

    Reply
  7. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    ཉེས་མེད་ཀྱི་ཚེ་སྲོག་དག་སྙིང་རྗེ།

    Reply
  8. མེ་རྟགས། says:
    ལོ་ 13 སྔོན།

    ༼ས་གནས་འདི་ལ་རྒྱ་མིས་ཡ་ཨན་ཞེས་འབོད་ཀྱིན་པ་འདི་ནི་བོད་སྐད་གཡག་རྔ་ཟེར་བ་ཐད་ཀར་འབོད་པ་ཞིག་རེད། ས་གནས་འདི་ནི་སྔོན་རྒྱ་བོད་གཉིས་ཀྱི་ས་མཚམས་རེད། གནའ་དུས་སུ་བོད་ཀྱི་གཡག་རྔ་དང་རྒྱ་ཇ་གཉིས་ཚོང་རྒྱག་སའི་ལྟེ་བ་ཡིན་པས་གྲོང་ཁྱེར་དེ་ལ་གཡག་རྔ་ཞེས་མིང་ཐོགས་པ་ཞིག་རེད། གཡག་རྔའི་མི་དམངས་ནི་བོད་རིགས་ཡིན་ཡང་དེང་སང་བོད་སྐད་ཡིག་མི་ཤེས་ཟེར་ན་ཆོག་པའི་གནས་སུ་གྱུར་ཡོད་ཟེར།

    Reply
  9. དུག་མདུང་རྩེ་དགུ། says:
    ལོ་ 13 སྔོན།

    རི་ཆེན་མེ་ཡིས་བསྲེག་པ་ལ།། འབའ་འབུ་དབྱེ་བ་དགར་ས་མེད།། སྐམ་ས་ཆེན་མོ་རོ་ཡིས་གང་ཞིང་། པེ་ཅིན་གྱི་སྲང་ལམ་ནས་འཇགས་མས་ཤུག་གླུ་བླངས་ན་ད་གཟོད་ངའི་ཤི་མིག་བཙུམ་ཐུབ། རྒྱ་མི་གཅིག་ཡིན་ཀྱང་དེ་ལ་ནག་ཉེས་ཡོད་མེད་དང་བོད་ལ་སྡང་མིན་ནི་གནས་ཚུལ་གཞན་ཞིག་རེད། གང་ལྟར་མི་དེ་རྒྱ་ནག་གི་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་ཡིན་པ་ཙམ་གྱིས་ཤི་ན་འགྲིག། ས་ཆེན་པོ་རྒྱ་ནག་ནས་འགུལ་ཤིགས། རི་ཆེན་པོ་རྒྱ་ནག་ནས་ཉིལ་ཤིགས། མཚོ་ཆེན་པོ་རྒྱ་ནག་ནས་འཕྱུར་ཤོག མདོར་བསྡུས་ན་ལྟས་ངན་བརྒྱད་ཅུ་ཅ་གཅིག་རྒྱ་ནག་ལ་སྟོན་ཅིག། ནད་རིགས་བཞི་བརྒྱ་རྩ་བཞི་རྒྱ་ནག་ནས་ཁྱབ་ཅིག།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཁ་རྒྱུན་ལ་གྲོད་པ་ཤ་ལ་ཐེ། འཇག་མ་རྩ་ལ་ཐེ་ཟེར་སྲོལ་ཡོད། གཅན་གཟན་འཕར་བ་དང་སྤྱང་ཀི་གཉིས་ལ་གདུག་རྩུབ་ཀྱི་ཁྱད་པར་འཇོག་གཞི་ཅང་མེད་པ་རེད། འདི་གཉིས་ལ་མི་འདྲ་བའི་ཁྱད་ཆོས་གཅིག་ཡོད་པ་ནི་སྤྱང་ཀིས་ཕྱུགས་རིགས་གསོད་དུས་སྐེ་ནས་འཇུས་ཏེས་གསོད་པ་དང་། འཕར་བས་རྐུབ་ནས་དྲུས་ཏེ་གསོད་པ་གཉིས་གསོད་སྟངས་མི་འདྲ་བའི་ཁྱད་པར་ལས་ཡ་ང་སྙིང་རྗེ་མེད་པར་གདུག་རྩུབ་ཆེན་པོས་གསོད་པ་འདྲ་འདྲ་རེད་དྲན་ཡོད།
    དེ་ལྟ་བས་ན་ཏང་ཀྲུང་དབྱང་སྲིད་གཞུང་གི་གཞུང་འཛིན་མི་སྣ་སུ་སླེབས་ཀྱང་གཅིག་པ་གཅིག་རྐྱང་རེད། ཡ་མཚན་པ་ཞིག་ལ་ཏང་གི་གཞུང་འཛིན་མི་སྣ་མ་གཏོགས་རྒྱ་རིགས་མ་ཡིན་པ་འདྲ་ཞིག་བཤད་ཚུལ་འདི་ཅི་འདྲའི་དགོད་བྲོ་བ་མ་རེད་པས། དྲག་ཆས་ཉེན་རྟོག་པ་དང་དམག་ཁུལ་ཁག་གི་དམག་མི་ཚང་མ་མི་སེར་དཀྱུས་མའམ་མི་དམངས་ནང་ནས་ཡོང་བ་ཤ་སྟག་མ་རེད་པས། བོད་ཁུལ་ལ་ཏང་གི་བཀའ་བཏང་བ་ལས་ལྷག་གཅིག་བོད་མིར་རྡུང་བརྡེག་ཚ་ནན་དང་མི་ཆོས་ལས་འདས་པའི་མནར་གཅོད་གཏོང་རྒྱུར་རྔམས་ནས་མེ་ལྕེ་ལྷེམ་ལྷེམ་དུ་འབར་གྱིན་ཤི་འགྲོ་བཞིན་པ་ལ་ཡང་རྡུང་བརྡེག་བཏང་དང་གཏོང་བཞིན་པ་དེ་ཞར་ལོང་འོན་གསུམ་མིན་ན་མཐོང་ཚོད་དང་ཐོས་ཚོད་ཡིན། ད་དུང་བཙོན་ཁང་ནག་པོ་གཉེར་མཁན་ཡང་འདི་ཚོ་རེད། ད་དུང་ས་འོག་ཏུ་ཕྱིན་ཟིན་པའི་རྒྱ་རིགས་དེ་ཚོར་བོད་མིར་རྡུང་རྡེག་གཏོང་རྒྱུའི་གོ་སྐབས་ཞིག་རག་ཡོད་ན་མི་ཆོས་ལས་འདས་པའི་མནར་གཅོད་གཏོང་རྒྱུར་ཐེ་ཚོམས་སྤུ་ཙམ་ཡང་མེད། དཔེར་ན་བོད་ནང་གནས་སྤོས་ཟིན་པའི་རྒྱ་རིགས་དམངས་དཀྱུས་དེ་ཚོས་བོད་རིགས་ལ་འཛིན་པའི་རྣམ་འགྱུར་ནི་འདྲ་མཉམ་གྱི་ལྟ་བ་དང་གྲངས་ཉུང་བོད་རིགས་ཀྱི་སྲོལ་རྒྱུན་ལ་ཆ་འཇོག་དང་གུས་བརྩི་ཅི་ཡང་མེད་པར་མཐོང་ཆུང་དང་བརྙས་བཅོས་ཁྱད་གསོད་སོགས་ཀྱིས་བོད་རིགས་གནས་བཟོད་མི་བདེ་བར་འ་ཆད་འུ་འཐུག་གི་གནས་ལ་བསྐྱལ་བ་མཐོང་ཆོས་མྱོང་གྱུར་ཡིན།
    མ་གཞི་བཙན་བྱོལ་ན་རྒྱ་མི་རིགས་དང་ཞོགས་ཟས་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པའི་དགྲ་གཉེན་དབྱེ་ངོ་མི་ཤེས་པའི་རྒྱ་མ་བོད་ཡ་མ་བརླ་ཅན་འདི་ཚོས་ཚེ་བརྟན་སྒྲོལ་མའི་རྐུབ་རྗེས་བརྙེགས་བཞིན་པ་ཡ་མཚན་རེད། ད་དུང་སྙིང་རྗེ་རུལ་བ་དེ་ཆེ་མདོག་ཡོད་ཨ།

    Reply
  11. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    འགྲོ་བ་མིའི་ཚེ་སྲོག་ནི་རླུང་ནང་གི་མར་མེ་བཞིན་ཅི་འདྲའི་མི་རྟག་པའི་ངང་ཚུལ་ཤིག་རེད་ཨང་། མ་ནི་ཡིག་དྲུག་གི་གླུ་དབྱངས་སྒྲོགས་པའི་བོད་གངས་ཅན་པ་རྣམས་རང་ལུས་མེ་མཆོག་ལ་ཕུལ་ཏེ་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ངོམས་པའི་དེ་རིང་ནི་སང་ཉིན་ལས་ཆེས་ཛ་དྲག་ཏུ་འགྲོ་བཞིན་པའི་བོད་དོན་ཀྱི་གནས་ཚུལ་རེད་། འོན་ཀྱང་དགྲ་བོའི་ངོ་གདོང་ལ་བསྟུན་མཁས་བྱེད་པའི་གྲོས་ཚོགས་དང་རྒྱལ་བློན་ཚང་མས་གནོད་ཤུགས་ཡོད་ཚོད་དམངས་གཙོའི་འདོད་བབ་འགོག་པའི་རང་ལུགས་རྩ་འཛིན་གྱི་ས་གཞི་ཆེ་པོ་ཞིག་བསྐྲུན་བཞིན་པ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་རེད་དྲན། ནམ་ཕྱི་གསལ་ནང་གསལ་ཡིན་ཅེས་བླ་མ་ཟམ་དགོང་ཚང་གི་འབོད་སྒྲ་དེ་ཉིན་རེ་བཞིན་འཇུ་ས་གཏན་ནས་མེད་པའི་མཁས་པའི་དཔུང་ཤུགས་ཞིག་ཡིན་པ་སུའི་གོ་ནུས་།

    Reply
  12. མེ་རྟགས། says:
    ལོ་ 13 སྔོན།

    དར་མདོ་ནས་མར་ལེ་བར་༢༠༠ མཚམས་སུ་ཡོད་པའི་ས་འགུལ་བྱུང་ཡུལ་དེ་གཡག་རྔ་ཞེས་འབོད་དགོས་པར་ངེས་གང་ཞེ་ན་སྔོན་དུས་རྒྱ་བོད་གཉིས་གཡག་རྔ་དང་ཇ་ཚོང་འབྲེལ་བྱ་སའི་ལྟེ་བ་ཡིན་པས་མིང་དེ་སྐད་ཐོགས་པ་ངེས་་་་དེ་ཟུར་ཆགས་ནས་་་རྒྱ་ཡིས་་་་ཡ་ཨན་(雅安་་)ཞེས་འབོད་ཀྱིན་ཡོད།

    Reply
  13. བཙན་ནག་པས། says:
    ལོ་ 13 སྔོན།

    དེ་རིང་སེམས་ཚོར་ཆེན་པོ་སྒོ་ནས་བརྗོད་རྒྱུར། རང་རེས་བོད་མི་རིགས་ཡོངས་སུ་རྫོགས་པས་བསམ་དགོས་པ་ཞིག་ལ་རྒྱ་ནག་དབང་འཛིན་པས་མི་རིགས་དབྱེ་བརྗོད་ཀྱི་སྐྱུག་བྲོ་བའི་ལས་ཀ་འདི་ཚོར་ཐུགས་སྣང་ངེས་པར་གནང་རོགས། དེ་སྔོན་སྐྱེ་དགུར་ས་ཡོམ་གྱིས་གནོད་ཚེ་བྱུང་སྐབས་བདུན་ཕྲག་གཅིག་རིང་མྱུར་སྐྱོབས་རོགས་རམ་དང་སྨན་པའི་མཐུན་རྐྱེན་སོགས་རྩ་བ་ནས་བཏང་མེད། འོན་ཀྱང་ད་རེས་དང་བསྡུར་བ་ཡིན་ན་མི་ཤི་སྐྱོན་ཆགས་གང་ལ་བསམ་ཀྱང་བསམ་མི་ཕོད་པ་ཞིག་རེད། དེ་རྟེན་ད་ལྟའི་རྒྱ་གཞུང་གིས་བྱེད་ཕྱོགསའདི་དག་ལ་བལྟས་ན་རྒྱ་འོག་ཏུ་མཉམ་མཐུན་ངང་གནས་ཐབས་འདུག་གམ། བསམ་ཞིག་མཛོད།

    Reply
  14. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    ད་ངོ་མ། འཛམ་གླིང་གང་སར་གྲ་མ་འགྲིག་པ་རྐྱང་ཡོང་དགོས་དོན་དེ་ཅི་ཉེས་སོང་བ་ཡིན་ནམ། ཟླ་འདིའི་ནང་ཨ་རིས་ལ་འབར་རྫས་ཐོར། ཨེ་རག་ནང་འབར་འགད་ཐོར། རྒྱ་གར་ལའང་འབར་རྫས་ཀྱི་དོན་རྐྱེན་བྱུང་ཡོད། ད་དུང་ཨ་རེས་ལ་ཁ་སང་རང་། བཟོ་གྲྭ་ཞིག་ལ་མེ་ཤོར་ཏེ། མི་མང་པོ་ལ་ཤི་རྨས་བྱུང་ཡོད་པ་མ་ཟད། ཁང་པ་མང་པོ་གཏོར་ཡོད་འདུག རྒྱ་བོད་གཉིས་ལ་ས་ཡོམ་གྱིས་རྐྱེན་པའི་གོད་ཆག་ངན་པ་འདི་བྱུང་བ་རེད། རྐྱེན་ངན་ཚང་མ་ཉམ་ཆུང་གི་མི་དག་དག་ལ་ཡོང་བཞིན་པ་འདི་ལ་བལྟས་ན། ལྷ་འདྲེ་ཚང་མ་ལ་དྲང་པོ་ཡོད་ས་གཅིག་ཀྱང་མེད་པ་འདྲ། དཀོན་མཆོག་མཁྱེན།

    Reply
  15. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གསོད་མི་ཕོད་ཅིང་ཤི་ན་དགའ་སྣང་བྱེད་པ་ནི་ང་ཚོ་བོད་མི་རིགས་ཀྱི་རང་གཤིས་ཡིན་ཚོད། ད་ལྟའི་འབྱུང་བའི་གོད་ཆགས་ཀྱི་འོག་ཏུ་འདས་གྲོངས་སོང་པ་ནི་ཕལ་ཆེ་བ་ཉེས་མེད་མི་མང་ཁོ་ན་ལས། བོད་མི་རིགས་ལ་ཞེ་བརྣགས་ཤིང་མཁུ་བའི་རྒྱ་དཔོན་ནི་གཅིག་ཀྱང་ཤི་མེད་པ་ཐག་ཆོད། གལ་ཏེ་གཅིག་གཉིས་ཤི་ཐུབ་པའི་དབང་དུ་བཏང་རུང་རང་བཞིན་གྱིས་ཤི་བ་ནི་བོད་མི་རིགས་ཀྱི་རྒྱལ་ཁ་ཡིན་པ་དཔྱོད་ལྡན་སུ་ཞིག་གིས་བརྩི།

    Reply
  16. ཚེ་རིང་རྡོ་རྗེ says:
    ལོ་ 13 སྔོན།

    བོད་མི་སྤུན་ཟླ་ཚོ། རྒྱ་ནག་དམར་ཤོག་ཇག་ཚོགས་སྲིད་གཞུང་གི་མགོ་ཁྲིད་རིགས་ཀྱིས་བོད་ལ་གདུག་རྩུབ་བཙན་གནོན་བྱས་པའི་རྒྱུ་མཚན་གྱིས་རྒྱ་མི་ཡོད་ཚད་དགྲ་རུ་འཛིན་པ་ནི་སྨྱོན་པ་མིན་ན་ཅི། ཁྱོད་ཀྱིས་ས་ཡོམ་ཁྲོད་དུ་གྲོངས་པའི་རྒྱ་མི་ཉེས་མེད་ཚོ་ལ་་གཞན་སྡུག་སྙིང་ཚིམ་གྱི་སྨྱོ་རྟགས་བསྟན་ན། རྒྱ་མི་༡༣༠༠༠༠༠༠༠ལྷག་ཡོད་པ་དགྲ་རུ་བཟུང་བ་མ་ཡིན་ནམ། དེ་འདྲའི་སྨྱོ་གཏམ་མ་བཤད་ན་ལེགས། ༢༠༠༨ལོར་ཁྱོད་དང་འདྲ་བའི་རྒྱ་མི་སྨྱོན་པ་སྐོར་ཅིག་གིས་བོད་པའི་སྟེང་ལ་དེ་འདྲ་བཤད་དུས་ན་ཚོར་བ་ཅི་བྱུང་ལོས་ཤེས།
    རྒྱ་མི་ཉེས་མེད་རྣམས་ལ་རང་བྱུང་གི་གོད་ཆག་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ། ཨོཾམཎིཔདྨེཧཱུཾ

    Reply
  17. བསྟན་ཆོས། says:
    ལོ་ 13 སྔོན།

    མེད་། གང་མང་མང་ཤི་ན་དེ་ཙམ་དགའ་བ་ཡོད། རི་སྤྱང སྔོན་མོ་གསད་ན་སྡིག་པ་མེད་པ་མཁྱེན་གལ་ཆེ། ལས་འབྲས་སྨིན་པ་རེད།
    གསར་འགོད་པ་ལགས། ཝེ་འཕྲིན་རྒྱུད་ལམ་ན། འདི་ལ་”གཡག་རྔ་འགག”ཟེར་མཁན་འདུག་པས་དེ་ཅི་ཡིན་ནམ། མཆན་བ་ཚོ་ལའང།

    Reply
  18. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ད་ནི་ལས་འབྲས་མཛུབ་མོར་བསྐོར་བའི་དུས་ལ་སླེབས་ཚོད་ཡིན། མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་གྱིས་བཅིངས་པའི་རྒྱ་རོ་འདི་ཚོས་བོད་རྩིས་པའི་གྲངས་ཉུང་མི་རིགས་ཁག་ལ་གཉའ་གནོན་དང་ཤུ་གཞོག་བཏང་བཏང་ཉིད་ཀྱིས་ལས་འབྲས་འཁོར་བ་ཡིན་རྒྱུ་རེད། ད་དུང་ག་ལེར་ཏང་ཀྲུང་དབྱང་སྲིད་གཞུང་འདི་མགོ་རྟིང་ལོག་ནས་ཕམས་པར་རྒྱོབས་ཤིག།
    ཧ་ཧ། ཡ་མཚན་པ་ཞིག་ལ་ཚེ་བརྟན་སྒྲོལ་མའི་ལྟས་ཕྲུག་འདིས་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་ནས་ངུ་འབོད་བྱེད་ཀྱི་འདུག་ད།

    Reply
  19. གྲྭ་ལོག says:
    ལོ་ 13 སྔོན།

    རྒྱ་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese