མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆཊ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧྥ་རན་སིའི་གྲོས་ཚོགས་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་མིན་ལ་འཐུས་མི་ ༥༧༧ ཙམ་གྱིས་འོས་བླུཊ་ཏེ་ཁྲིམས་མཐུན་བཟོ་རྒྱུར་འོས་གྲངས་ ༣༢༡ ཐོབ་སྟེ་ཁྲིམས་མཐུན་ཆཊ་འདུག  

ཐེངས་འདིའི་གྲོས་ཚོགས་ཀྱི་ཐག་གཅོད་འདི་ལ་ཧྥ་རན་སིའི་མི་མང་སྟོང་ཕྲག་མང་པོས། རྒྱལ་ས་ཕ་རི་སི་དང་གྲོས་ཚོགས་ཁང་གི་ས་གནས་སུ་འདུ་འཛོམས་ཐོག་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་ཀྱང་། མཚན་མཐུན་གཉེན་སྒྲིག་ལ་འདོད་མོས་ཡོད་མཁན་ཚོས་དགའ་བསུ་བྱེད་བཞིན་པར་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་ཧྥ་རན་སིའི་ལྷ་ཁང་ཞིག་ཏུ་མཚན་མཐུན་གཉེན་སྒྲིག་གི་ཐོག་མའི་རྟེན་འབྲེལ་བྱ་འཆར་ཡོད་འདུག

གཞུང་གི་ཐག་གཅོད་སྐབས་མི་མང་གིས་མངོན་སུམ་འཛེམས་མེད་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པར་བརྟེན། གྲོས་ཚོགས་ཁང་བའི་མཐའ་སྐོར་དུ་ཉེན་རྟོག་པ་འབོར་ཆེན་བཏང་སྟེ། ཟིང་འཁྲུག་མི་ཡོང་བར་བཀག་འགོག་སྲུང་སྐྱོབ་བྱས་ཡོད་འདུག་ལ། གྲོས་ཚོགས་ནང་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་བར་མཚན་མཐུན་གཉེན་སྒྲིག་གི་བརྗོད་གཞིའི་སྟེང་རྩོད་གླེང་ཆེན་པོ་བྱུང་ཡོད་འདུག

དེང་སང་ཧྥ་རན་སིའི་གཞོན་སྐྱེས་མང་ཆེ་བས་གཞུང་གི་ཐག་གཅོད་དེར་དགའ་བསུ་བྱེད་བཞིན་ཡོད་ལ། གནས་སྟངས་དེའི་ཐད་ཡུལ་དེའི་བུད་མེད་ཅིག་གིས་བྷེ་བྷེ་སིའི་གསར་འགོད་པའི་དྲི་བའི་ལན་དུ། ང་ཚོས་ངེས་པར་དུ་ཁྱིམ་ཚང་གི་གོ་དོན་ལ་བསྐྱར་དུ་བསམ་བློ་གཏོང་དགོས་ཞེས་བཤད་འདུག ཡེ་ཤུ་ཆོས་ལུགས་ཀྱི་བླ་ཆེན་དག་གིས་མཚན་མཐུན་གཉེན་སྒྲིག་བྱེད་པ་ལ་མོས་མཐུན་བྱེད་ཀྱི་མེད་པའི་ཁར། བྱེད་སྟངས་དེ་ནི་ཆོས་དང་གཤིས་ལུགས་གང་ལའང་མི་མཐུན་པའི་སྐྱོན་བརྗོད་བྱས་འདུག

དེར་བརྟེན་ཧྥ་རན་སི་ནི་འཛམ་གླིང་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆགས་པའི་རྒྱལ་ཁབ་ཨང་ ༡༤ པ་དེ་ཆགས་ཡོད་ཅིང་། ༡༩༨༩ ལོར་མཚན་མཐུན་གཉེན་སྒྲིག་ཐོག་མའི་ལག་ལེན་དེ་ཌན་མག་ (Denmark) རྒྱལ་ཁབ་ནང་བྱུང་ཡང་། ཡེ་ཤུའི་ལྷ་ཁང་ནང་གཉེན་སྒྲིག་བྱེད་མི་ཆོག་པ་བཟོས་པར་བརྟེན།  གནས་སྐབས་རིང་མཚམས་འཇོག་བྱས་ཀྱང་ ༢༠༡༢ ལོར་བསྐྱར་བཅོས་ཁྲིམས་མཐུན་བཟོས་ཡོད་འདུག  

༢༠༠༡ ལོའི་ཟླ་ ༤ ནང་ནེ་ཐིར་ལན་ཌི་ (Netherland) རྒྱལ་ཁབ་ཀྱིས་འཛམ་གླིང་ནང་ཐོག་མའི་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་ཏེ་ད་བར་རྒྱལ་ཁབ་ ༡༤ ཙམ་བྱུང་ཡོད་ལ། ཨ་རིའི་གཞུང་གིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་མེད་ཀྱང་མངའ་སྡེ་ཁ་ཤས་ནང་ཁྲིམས་མཐུན་ཡིན། ༢༠༠༩ ལོར་ལྡི་ལིའི་འབྲིང་རིམ་ཁྲིམས་ཁང་གིས་ཀྱང་ལྡི་ལིར་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་སྟབས། ཉིན་མོ་དེ་ལ་མཚན་མཐུན་ཉིན་མོ་ཞེས་ད་ལྟ་སྲུང་གཙི་བྱེད་ཀྱི་ཡོད་འདུག 

ཉམས་ཞིབ་པ་ཚོས་ད་རེབ་ཧྥ་རན་སིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་ཡོད་པ་དང་། ཐེངས་རྗེས་མར་དབྱིན་ཡུལ་གྱིས་ཁྲིམས་མཐུན་བཟོ་ངེས་ཡིན་པ་དང་། དེ་ནི། ཧྥ་རན་སིའི་ཁྱིམ་མཚེས་རྒྱལ་ཁབ་བྷེལ་ཇམ་(༢༠༠༣ )དང་། སི་པན་ (༢༠༠༥)། ནེ་ཐར་ལན་ཌི་(༢༠༠༡) བཅས་ཀྱི་ལོ་འགའི་སྔོན་ནས་ཁྲིམས་མཐུན་བཟོས་ཡོད་སྐོར་བརྗོད་འདུགདེང་སྐབས་རྒྱ་ནག་དང་ལྷོ་ཀོ་རི་ཡ། བལ་ཡུལ། ཐེ་ལན་ཌི་སོགས་སུའང་མཚན་མཐུན་ལུས་འབྲེལ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་ཤིན་ཏུ་མང་སྟབས། མ་འོངས་པར་སྤྱི་ཚོགས་གནས་བབ་དང་བསྟུན་ཏེ་ཁྲིམས་མཐུན་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese