མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངོན་དགའ་སློབ་གྲྭའི་བོད་ཕྲུག་ཚོ་སྤྱི་ཚོགས་ཀྱི་ལོགས་སུ་མ་འཇོག་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྡེ་ར་རྡུན་མངོན་དགའ་སློབ་གྲྭའི་སློབ་མ་ཚོ་ས་གནས་དེའི་བོད་མི་ཚོས་སྤྱི་ཚོགས་ཀྱི་ཟུར་དུ་འཇོག་གི་ཡོད་པའི་རྣམ་པ་ཡོད་སྟབས། འདིའི་ཐད་དབུས་བཀའ་ཤག་རང་གིས་ས་གནས་ཁག་ལ་བཀའ་བཏང་སྟེ། དམིགས་གསལ་མཐུན་འགྱུར་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་གནང་པ་ཡིན་ན་ཡག་པོ་འདུག་ཟེར།

རྡེ་ར་རྡུན་མངོན་དགའ་སློབ་གྲྭ་ནི་༧གོང་ས་མཆོག་གི་དགོངས་གཞིའི་འོག བོད་ཕྲུག་དབང་བོ་སྐྱོན་ཅན་ཚོར་དམིགས་ཏེ་ ༢༠༠༠ ཟླ་ ༣ ཚེས་ ༨ ཉིན་ཐོག་མར་སྒོ་འབྱེད་གནང་ཡོད་པ་དང་། སྐབས་དེར་བོད་དང་རྒྱ་བལ་འབྲུག་གསུམ་བཅས་ཀྱི་དབང་བོ་སྐྱོན་ཅན་བོད་ཕྲུག་ ༢༦ ནས་མགོ་འཛུགས་ཀྱིས་ད་བར་སློབ་ཕྲུག་ ༨༧ ཙམ་སློབ་ཞུགས་གནང་ཡོད་པ་དང་། ད་ལྟ་བོད་དང་རྒྱ་བལ་འབྲུག་གསུམ། ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཕོ་མོ་རང་ལོ་ ༩ ནས་ ༢༨ ཡིན་པ་གྲངས་ ༤༤ ཙམ་ལ་བདག་སྐྱོང་བྱེད་མུས་ཡིན་འདུག

སློབ་གྲྭའི་དབུ་འཛིན་ཀརྨ་དར་རྒྱས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དང་ཐོག་སློབ་གྲྭའི་མིང་ལ་མངོན་དགའ་བོད་ཕྲུག་དབང་བོ་སྐྱོན་ཅན་གྱི་སློབ་གྲྭ་ཟེར་ཡང་། དེང་སྐབས་ ༼མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་༽ཞེ་བར་མིང་བསྒྱུར་བྱས་ཡོད་པ་དང་། སློབ་གྲྭ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་ཐོག་མ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་གི་སློབ་གྲྭ་གཅིག་པུ་དེ་ཆགས་ཡོད་འདུག གཏན་འབེབས་གྲངས་ཚད་ནི་ཕོ་ ༢༠ དང་མོ་ ༣༠ བཅས་ཁྱོན་སློབ་ཕྲུག་ ༥༠ ཡིན་ཞིང་། བུའི་ཁྱིམ་ཚང་གཉིས་དང་བུ་མོའི་ཁྱིམ་ཚང་གསུམ། ཁྱིམ་ཚང་རེར་ཕྲུ་གུ་ ༡༠ རེའི་ཚད་གཞིའི་སྟེང་ཕ་ཚབ་མ་ཚབ་གཉིས་རེ་གཏན་སྡོད་ཀྱིས་ཕྲུ་གུ་ཚོར་ལྟ་རྟོག་གནང་གི་ཡོད་འདུག

ཀརྨ་དར་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། སློབ་གྲྭ་མགོ་བཙུགས་ནས་ད་ལྟའི་བར་ཁྱོན་སློབ་ཕྲུག་ ༨༧ སློབ་འཇུག་བྱས་ཡོད་པ་ལས། སྨན་སྦྱོར་དྲག་སྐྱེད་བྱུང་རིགས་ཁག་ཅིག་འཆར་ལྡན་གྱི་སློབ་གྲྭར་འགྲོ་ཐུབ་ཡོད་པ་དང་། ཁག་ཅིག་འབྲེལ་ཡོད་སློབ་ཕྲུག་གི་དབང་ནུས་ལ་བསྟུན་པའི་དམིགས་བསལ་སློབ་གྲྭ་སོགས་ཡར་མར་བཏང་ཡོད་འདུག འདས་གྲོངས་སུ་ཕྱིན་པ་ ༩ དང་། རབ་ཏུ་བྱུང་མཁན་ ༡ ། ཕ་མ་ནང་མིས་ཕྱིར་འཐེན་སློབ་མཚམས་བཞག་པ་ ༡༧ བཅས་བྱུང་ཡོད་འདུག

སློབ་གྲྭའི་ནང་འཛིན་སྐྱོང་སྡེ་ཚན་དང་ཤེས་ཡོན་སྡེ་ཚན། འཕྲོད་བསྟེན་སྡེ་ཚན། གསོ་སྐྱོང་སྡེ་ཚན་བཅས་ཀྱི་ནང་ཁྱོན་ལས་བྱེད་ ༤༠ ཙམ་ཡོད་པ་དང་། ཤེས་ཡོན་ཐད་སློབ་ཕྲུག་ཚོའི་ལོ་དང་དམིགས་བསལ་དགོས་མཁོར་གཞིགས་ཏེ་འཛིན་གྲྭ་ཆ་བགོས་ཐོག ཚོར་ཤེས་དང་གཟུགས་པོའི་གནས་སྟངས་ཅུང་ལེགས་པ་ཚོར་བོད་ཡིག་དང་ཨང་རྩིས། དབྱིན་ཡིག་བཅས་སློབ་ཁྲིད་དང་། གཞན་གཞས་སྣ། ཟ་མ་བཟོ་སྟངས། འཚེམ་བཟོ། རི་མོ། ཡང་ལ་བཟོ་སྟངས་དང་མེ་ཏོག་འདེབས་ལས་སོགས་ཀྱི་སྦྱོང་བརྡར་སྤྲོད་ཀྱིན་ཡོད་པ་དང་། གནས་སྟངས་ཧ་ཅང་ཞན་པ་ཁག་ཅིག་ལ་ཚོར་ཤེས་ཡར་རྒྱས་ཆེད་དམིགས་འཛིན་གྲྭ་དང་། ཉེ་འཁོར་གྱི་སྤྲོ་གསེང་བྱ་ཡུལ་ཁག་ལ་སྐོར་སྐྱོད་སོགས་བྱེད་ཀྱི་ཡོད་འདུག

གསར་འགོད་པས་མངོན་དགའ་སློབ་གྲྭའི་སློབ་འཇུག་གནང་ཕྱོགས་སྐོར་དྲིས་པར། སྤྱིར་སློབ་འཇུག་གི་ཐག་གཅོད་དབུས་འཕྲོད་བསྟེན་ལས་ཁུངས་ནས་གནང་གི་ཡོད་པ་དང་། དབང་བོ་སྐྱོན་ཅན་རིགས་གང་འདྲ་ཞིག་ཡིན་ཡང་སློབ་འཇུག་བྱེད་ཀྱི་ཡོད་པའི་ཁྲོད། གོ་སྐབས་དང་པོ་བོད་ནས་ཡོང་མཁན་ཚོར་སྤྲོད་ཀྱི་ཡོད་པ་དང་། གཉིས་པ་རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོར་སྤྲོད་ཀྱི་ཡོད་པ་དེ་ཕ་མ་ནང་མིའི་དཔལ་འབྱོར་གནས་སྟངས་དང་ཕྲུ་གུའི་ནད་གཞིའི་ཛ་དྲག་རང་བཞིན་བཅས་ལ་གཞིགས་ཏེ། སློབ་ཕྲུག་གི་ས་མིག་སྟོང་པ་ཐོན་རིམ་བཞིན་སློབ་འཇུག་བྱེད་ཀྱི་ཡོད་འདུག

ཁོང་ལ་དཀའ་ངལ་ག་རེ་ཡོད་མེད་དྲིས་པར་གདོང་ལ་སྐྱོ་ཉམས་ཤིག་དང་བཅས་“ དཀའ་ངལ་ཆེ་ཤོས་ཕྲུ་གུའི་འཕྲོད་བསྟེན་རེད། ཉིན་ལྟར་སློབ་གྲྭའི་སྨན་ཁང་དང་ཕྱི་ལོགས་ཀྱི་རྒྱ་གར་སྨན་ཁང་ནང་བརྟག་དཔྱད་སྨན་བཅོས་སུ་འཁྲིད་དགོས་པ་མ་ཟད། མང་པོ་ཞིག་གི་ཚོར་ཤེས་དང་དབང་ནུས་སོགས་རྒྱུན་ལྡན་མིན་སྟབས་ཛ་དྲག་རིགས་ནམ་ཡོང་ངེས་མེད་རེད། སློབ་གྲྭའི་ལས་བྱེད་ཚང་མས་སོ་སོའི་བུ་ཕྲུག་ནང་བཞིན་ལྟ་རྟོག་བྱེད་ཀྱི་ཡོད་རེད། སློབ་གྲྭ་འདིའི་ལས་བྱེད་ཚོའི་གླ་ཆ་སློབ་གྲྭ་གཞན་དག་ལས་དམའ་བ་ཡིན་སྟབས། ལས་བྱེད་མ་རག་པ་དང་སྔོན་མ་ཡོད་པ་ཁག་ཅིག་ཐོན་ཕྱིན་པའི་དཀའ་ངལ་འོག་ཡོད་ཅིང་། ད་ཡོད་ཕལ་ཆེ་བས་ཕྲུ་གུ་ཚོར་བསམ་བློ་བཏང་སྟེ་ཞབས་ཞུ་སྒྲུབ་ཀྱི་ཡོད་”ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་ “དཀའ་ངལ་ཆེ་ཤོས་གཉིས་པ་བོད་པའི་སྤྱི་ཚོགས་དང་ཉེ་འཁོར་བོད་མིའི་གཞིས་ཆགས་ཁག་གིས་རོགས་འདེགས་རྒྱབ་སྐྱོར་དཀོན་པོ་འདུག དཔེར་ན། དུས་ཆེན་དང་མཛད་སྒོ་སོགས་ཀྱི་སྐབས་གཞས་སྣ་འཁྲབ་སྟོན་དང་མཉམ་ཞུགས་སོགས་ཀྱི་གོ་སྐབས་སྤྲད་པ་ཡིན་ན་རང་བཞིན་གྱིས་ཕྲུ་གུ་ཚོར་དགའ་ཚོར་དང་། སོ་སོ་སྤྱི་ཚོགས་ཤིག་གི་ནང་སླེབས་ཐུབ་ཀྱི་ཡོད་པའི་སེམས་ཚོར་དང་གདེང་སྤོབས་སྐྱེད་ཐུབ་པར་ཕན་ཐོགས་ཡོད་ཀྱང་། དེ་འདྲའི་གོ་སྐབས་སྤྲོད་མཁན་ཉུང་ཉུང་ཡིན་པ་དང་། ཁོ་ཚོ་དབང་བོ་སྐྱོན་ཅན་རེད་ཟེར་ནས་སྤྱི་ཚོགས་ལས་ལོགས་སུ་འཇོག་པའི་དཀའ་ངལ་ཆེན་པོ་ཞིག་འདུག སྤྱི་ཚོགས་ཀྱིས་ཅིག་མ་བྱས་ན། ཕྲུ་གུ་ཚོའི་ངོས་ནས་ང་ཚོར་གོ་སྐབས་སྤྲོད་རོགས། ཆེ་མཐོང་སྤྲོད་རོགས་ཟེར་ཤེས་ཀི་མ་རེད། འདིའི་ཐད་དབུས་བཀའ་ཤག་རང་གིས་ས་གནས་ཁག་ལ་བཀའ་བཏང་སྟེ། དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་ཚོར་གོ་སྐབས་སྤྲོད་དགོས་པ་དང་། ཆེ་མཐོང་སྤྲོད་དགོས་པ། དམིགས་གསལ་མཐུན་འགྱུར་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་གནང་པ་ཡིན་ན། ཏན་ཏན་འགྱུར་པ་འགྲོ་ངེས་རེད་དྲན་གྱི་འདུག་”ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་མ་ཚབ་སྡེ་འགན་ཨ་མ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕྲུ་གུ་ཚོར་ལྟ་རྟོག་གསོ་སྐྱོང་བྱེད་སྐབས་ཀྱི་མྱོང་ཚོར་དྲིས་པར་ཁོང་མོས། ཕྲུ་གུ་ཕལ་ཆེ་བ་ཞིག་ནང་ལ་འགྲོ་ས་མེད་པ་དང་དབང་བོའི་ན་ཚ་འདྲ་མིན་ཡིན་སྟབས། ཁྱིམ་ཚང་ཕ་ཚབ་མ་ཚབ་ཚོས་དུས་རྒྱུན་ཕྲུ་གུ་ཚོར་ཁྱིམ་ཚང་སོ་སོའི་ནང་ཡིན་པའི་ཚོར་བ་སླེབས་ཐབས་བྱེད་ཀྱི་ཡོད་སྐོར་དང་། མོ་རང་ཉིད་ཀྱིས་འདས་པའི་ལོ་ ༥ ཙམ་གྱི་རིང་བོད་ཕྲུག་དཀའ་ངལ་ཅན་དེ་ཚོར་ལྟ་རྟོག་གསོ་སྐྱོང་བྱེད་རྒྱུ་བྱུང་པ་ནི་སོ་སོས་བསོད་ནམས་བསགས་པའི་ལས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༤༦ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

མཆན། 1

  1. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    རྡེ་ར་རྡུན་མངོན་དགའ་སློབ་གྲྭའི་སློབ་མ་ཚོ་ས་གནས་དེའི་བོད་མི་ཚོས་སྤྱི་ཚོགས་ཀྱི་ཟུར་དུ་འཇོག་གི་ཡོད་པའི་རྣམ་པ་ཡོད་སྟབས། འདིའི་ཐད་དབུས་བཀའ་ཤག་རང་གིས་ས་གནས་ཁག་ལ་བཀའ་བཏང་སྟེ། དམིགས་གསལ་མཐུན་འགྱུར་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་གནང་པ་ཡིན་ན་ཡག་པོ་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese