ཉེ་ལམ་ཐེ་ཝན་རྒྱལ་ས་ཐེ་པེ་རུ་ཚོཊ་པའི་རྒྱལ་སྤྱིའི་མཁས་པའི་ཚོཊ་ཆེན་ཞིག་གི་སྟེང་། སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་བོད་མིའི་སྐུ་ཚབ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༢༨ ཉིན་བར་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་གྱི་ཨོ་ཐན་གསོལ་མགྲོན་ཁང་དུ། ༼ཐེ་ཝན་སྐབས་བརྒྱད་པའི་མགོ་ཁྲིད་ཚོཊ་འདུ་དང་རྒྱ་ནག་མང་གཙོ་ཅན་ཏུ་འགྱུར་ཐབས་༽ཞེས་པའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོཊ་ཡོད་ཅིང་། ཚོགས་འདུ་དེར་ཨ་རི་དང་ཨོ་སི་ཊོ་ལི་ཡ། རྒྱ་ནག ཧོང་ཀོང་། ཨོ་མིན། ཤར་ཏུར་ཀི་སི་ཐན། སོག་པོ་བཅས་ནས་གྲོས་ཚོཊ་འཐུས་མིའི་སྐུ་ཚབ་དང་རྒྱ་རིགས་ཆེད་ལས་མཁས་པ། དེ་བཞིན་བོད་མི་སྐུ་ཚབ་བཅས་ཁྱོན་མི་ ༡༠༠ ཙམ་འདུ་འཛོམས་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་དེར་བོད་མི་མང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོཊ། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་། སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕཊ་པ་ཚེ་རིང་། ཨ་རིའི་ཧར་ཝར་གཙུག་ལག་སློབ་ཆེན་ཉམས་ཞིབ་པ་བསྟན་འཛིན་བདེ་སྐྱིད་སོཊ་མཉམ་ཞུཊ་ཐོག བོད་མིའི་རང་ལུས་མེར་བསྲེགས་གཙོས་བོད་ནང་གི་ཛ་དྲག་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་སྲིད་བྱུས་དང་ལངས་ཕྱོགས། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ངོ་སྤྲོད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཕྱོགས་སྐོར་གཏམ་བཤད་དང་མཇུག་ཏུ་ཚོཊ་ཞུཊ་པ་ནང་ཁུལ་དུ་དྲི་བ་དྲིས་ལན་ཡང་གནང་འདུག
ཚོགས་འདུའི་ཉིན་དང་པོར་༸གོང་ས་མཆོག་གིས་ཚོགས་ཆེན་དེར་ཆེད་དུ་བསྩལ་བའི་བརྙན་པར་ཚན་པ་ཞིག་ཀྱང་ཚོཊ་ཞུགས་པ་ཡོངས་ལ་གཟིགས་འབུལ་ཞུས་ཡོད་འདུག
གསར་འགོད་པ། དཔལ་ལྡན།
ཨེ། སྐད་ཆ་དྲང་པོར་ལབ་ན་ཡག་པོ་མི་འདུག་གེ འདི་མཁས་པའི་ཚོགས་འདུ་མ་རེད་ད། མ་འོངས་རྒྱ་ནག་གི་རིགས་ཚོགས་དཔོན་རིགས་ཀྱི་ཚོགས་འདུ་རེད། གསལ་པོར་ཞུས་ན། རྒྱ་ཁོངས་གྲངས་ཉུང་མི་རིགས་ཀྱི་དཔོན་པོར་འོས་པའི་མི་སྣའི་ཚོགས་འདུ་རེད། མངོན་གསལ་མ་ཡིན་པའི་བོད་དང་མི་རིགས་གཞན་དག་རྒྱ་ཁོངས་ཡིན་ཤ་སྟག་གི་ཚོགས་འདུ་ཞིག་རེད།