མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་རྩོད་རྙོག་དེ་ཆབ་སྲིད་ལས་ཆོས་ཀྱི་གནད་དོན་མིན།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་༧གོང་ས་མཆོག་གིས་ཨ་རིའི་མཱར་ལན་ཌིའི་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་བསྩལ་ཏེ། ཉེ་ཆར་འབར་མའི་ནང་པ་ཚོས་ཁ་ཆེ་སྐྱབས་བཅོལ་བའི་ཐོག་གཏོར་རྒོལ་བཏང་བ་དེར་བློ་ཕམ་བྱུང་ཡོད་སྐོར་དང་། འབར་མའི་ནང་པ་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་བཞིན་རས་དྲན་གསོ་བྱེད་དགོས་སྐོར་གསུངས་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ཨ་རིའི་མཱར་རེ་ལཎ་ཌི་གཙུག་ལག་སློབ་ཆེན་ (University of Maryland) གྱི་འཛམ་གླིང་ནང་སྙན་གྲཊ་ཆེ་བའི་ཨེན་ཝར་ཌི་(Anwar Sadat)ཞེས་པའི་ཞི་བདེའི་ལམ་སྟོན་གྱི་མཛད་སྒོའི་དབུས་སུ་ཆིབས་བསྒྱུར་བསྐྱངས་ཏེ། མངའ་སྡེ་སྲིད་སྐྱོང་མཆོག་གིས་གཙོས། སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་མི་ ༡༥༠༠༠ བརྒལ་བར་༼སྙིང་རྗེ་བརྒྱུད་ནས་ཞི་བདེ་ཐོབ་ཐབས༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་འདུག

ཉིན་དེར་མངའ་སྡེའི་སྲིད་སྐྱོང་མཆོག་དང་གཙུག་ལག་སློབ་གྲྭའི་འགན་འཛིན། དགེ་ལས་སློབ་ཕྲུག་བཅས་ཀྱི་ཕེབས་བསུའི་ཁྲོད་སློབ་གྲྭའི་ཚོཊ་ཁང་ཆེན་མོའི་ནང་ཆིབས་བསྒྱུར་གནང་རྗེས། གཙུག་ལག་སློབ་གཉེར་ཁང་དེའི་འགན་འཛིན་མཆོག་གིས་ངོ་སྤྲོད་གསུང་བཤད་དང་། དེ་སྔའི་སྲིད་འཛིན་ཨན་ཝར་ས་ཌེ་མཆོག་གི་སྐུ་ཟླས་འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་ཆེད་སྐུ་ངལ་འཛད་མེད་སྐྱོན་མཁན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ལས་ལྷག་པ་ཞིག་མེད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སློབ་གྲྭ་འདིར་ཕེབས་ཏེ་བཀའ་སློབ་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ཚུལ་སོགས་བརྗོད་དེ། གཙུག་ལག་སློབ་ཆེན་དེའི་ཆེ་བསྟོད་མཁས་པའི་ཕྱག་འཁྱེར་དེ་༧གོང་ས་མཆོག་ལ་ཕུལ་ཡོད་འདུག

༸གོང་ས་མཆོག་གིས་དེ་གའི་དགེ་ལས་སློབ་ཕྲུག་ཚོར་ཐེངས་འདིའི་མཇལ་འཛོམས་བརྒྱུད་ཁོང་གིས་ཕྱི་ལོ་ ༡༩༧༠ ནས་ ༡༩༨༡  བར་ཨེ་ཇིབ་ (Egypt) ཀྱི་སྲིད་འཛིན་དམ་པ་ཨན་ཝར་སཱ་ཌེ་ (Anwar Sadat) མཆོག་གིས། ཨེ་སི་རལ་དང་ལྷན་དུ་རྩོད་རྙོག་འདུམ་འགྲིག་ཆེད་ཞི་བའི་གྲོས་མོལ་ལ་བཞུཊ་པ་སླར་ཡང་དྲན་གསོ་བྱུང་བ་དང་། དེ་སྔོན་ཁོང་གིས་སྲིད་འཛིན་གྱི་དཔའ་མཛངས་སྙིང་སྟོབས་ལ་ཡི་རངས་བསྔཊ་བརྗོད་ཞུ་རྒྱུ་བྱུང་བ། ཐེངས་འདིར་སྲིད་འཛིན་དམ་པའི་ལྕམ་སྐུ་དང་དངོས་སུ་མཇལ་བ་དགའ་བོ་བྱུང་བ། གཞོན་སྐྱེས་ཚོས་སྲིད་འཛིན་དམ་པ་ཁོང་གི་ཕུཊ་རྒྱང་རིང་བོའི་བསམ་བློ་དང་། ཞི་བདེའི་ཆེད་སྐུ་སྲོག་ལེཊ་སྐྱེས་སུ་ཕུལ་བའི་བྱས་རྗེས་མིག་དཔེར་བཟུང་སྟེ་རྩོད་རྙོག་རིགས་ཞི་བའི་ལམ་ནས་སེལ་ཕྱོགས་ཀྱི་ལམ་ཁ་འཚོལ་དགོས་པ་སོགས་གསུངས་འདུག

ཡང་༸གོང་ས་མཆོག་དུས་རབས་ ༢༡ པའི་ནང་དྲག་ཆས་སྤོང་དགོས་པའི་ཐད་གསུང་དོན། “ དྲག་འཐབ་ལས་འགུལ་གྱི་དམིཊ་ཡུལ་ཇི་ཙམ་བཟང་ཡང་། མཇུག་འབྲས་བརྗོད་མི་ཐུབ་པ་ཞིག་ཡོང་གི་ཡོད་པ་མ་ཟད། དྲག་པོའི་ཐབས་ལམ་དེས་དཀའ་ངལ་འཕྲད་རྒྱུ་མ་གཏོགས་ཡོང་གི་མེད། ང་ཚོས་ཐོག་མར་རང་སེམས་སུ་བདེ་སྐྱིད་བསྐྲུན་ཐབས་དང་དེ་ནས་ཀུན་ཁྱབ་སེམས་འཁུར་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཆཊ་ཡོད་ལ། ལྷག་པར་དུ་མ་འོངས་པའི་སྤྱི་ཚོཊ་ཡག་པོ་ཡོང་བར་གཞོན་སྐྱེས་ཚོས་དམིཊ་བསལ་འགན་འཁུར་དགོས་པ་དང་། མི་རིཊ་དང་ཆོས་ལུཊ་དབྱེ་འབྱེད་མི་བྱ་བར་འཛམ་གླིང་སྤྱིའི་དོན་ལ་བསམ་བློ་གཏོང་དགོས། རྩ་ཆེ་ཤོས་འཛམ་གླིང་སྤྱིའི་བདེ་དོན་ཡིན་པ་རེད། ཆོས་ལུཊ་དང་མི་རིཊ་དབྱེ་འབྱེད་སོཊ་ནི་གནས་ཚུལ་ཆུང་ཙག་རིཊ་ཡིན་སྟབས།  དུས་རབས་ ༢༡ པའི་མི་རབས་ཚོས་འཛམ་གླིང་སྤྱིའི་བདེ་དོན་ལ་བསམ་བློ་ཤུཊ་ཆེ་ཙམ་གཏོང་ཐུབ་པ་བྱ་དགོས་པ་རེད” ཅེས་གསུངས་འདུག

ཡང་ཁོང་གིས་ཉེ་ལམ་འབར་མའི་ནང་བྱུང་བའི་གནས་ཚུལ་སྐོར་ལ། “ཉེ་ལམ་འབར་མའི་ནང་ནང་པ་ཚོས་ཁ་ཆེའི་སྐྱབས་བཅོལ་བའི་ཐོག་མི་གསོད་གཏོར་རྒོལ་ཚབས་ཆེན་བྱས་པ་དེ། ཆོས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན། འབར་མའི་རྩོད་རྙོག་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ལས་ཆོས་ཀྱི་གནད་དོན་ཞིག་གཏན་ནས་མིན། སྤྱིར་ཆོས་མིང་ལ་བསྙད་ནས་མི་གསོད་རྒྱུ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་ཡང་། དེང་སྐབས་འབར་མའི་ནང་པ་ཚོ་མི་གསོད་དོན་རྐྱེན་ནང་མཉམ་ཞུཊ་བྱས་པ་དེ་ནི་ཆེས་བློ་ཕམ་གྱི་གནས་ཚུལ་ཞིག་ཆཊ་ཡོད་སྟབས། ངོས་ནས་འབར་མའི་ནང་པ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱི་བཞིན་རས་སེམས་ནང་དྲན་གསོ་གཏོང་ཐུབ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དུས་རབས་ ༢༡ ནང་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་། ཞི་བདེ་དང་གྲོས་མོལ་གྱི་ལམ་ནས་སེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆཊ་ཡོད། ”ཅེས་གསུངས་འདུག ཉིན་རྒྱབ་༸གོང་ས་མཆོག་གཙུག་ལག་སློབ་ཆེན་དེའི་ཏ་ཟིག་རིག་པའི་ཤེས་ཡོན་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་ཁ་ཆེའི་སོའུ་ཧྥེ་ (Sufis) ཆོས་ལུཊ་ཀྱི་ལྟ་གྲུབ་དང་ནང་ཆོས་བར་གྱི་བགྲོ་གླེང་ཚོགས་འདུར་མཉམ་ཞུཊ་གནང་ཡོད་འདུག

ཕྱི་ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་བྱང་གྲོང་ཁྱེར་ (Portland) པོར་ཊི་ལཎ་ཌེ་རུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༩ ཉིན་བྷོར་ཊི་ལཎ་ཌི་སློབ་ཆེན་དུ་ཆོས་ལུཊ་རིས་མེད་དབུ་ཁྲིད་ཀྱི་ཁོར་ཡུག་ལྷན་ཚོཊ་ཐོག་༼སེམས་ཀྱི་རྣམ་གཞག༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ཨོར་གྷན་གཙུག་ལག་སློབ་ཆེན་དང་བསམ་གཏན་ཆོས་གླིང་གཉིས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཡོ་ཇིན་ (Eugene) གྲོང་ཁྱེར་དུ་མང་ཚོཊ་ལ་བཀའ་སློབ་གནང་འཆར་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese