མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགར་རྩེ་འཇིཊ་མེད་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལཊ་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ངྷ་ས་གནས་སྡོད་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལགས། ཁོང་གི་རྩོམ་སྒྲིག་བྱས་པའི་༼ བཙན་པོའི་སྙིང་སྟོབས༽ དེབ་ཕྲེང་གཉིས་པའི་ནང་ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་ཉེས་འཛུཊ་འོག ཁོང་གི་གྲྭ་ཤག་སྔོག་བཤེར་དང་དཔེ་དེབ་འགྲེམས་སྤེལ་བཀག་སྡོམ། གསང་སྟབས་ཀྱིས་ཁོང་འཛིན་བཟུང་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་འཁྲིད་ཡོད་པ་དང་། ཕྱིས་སུ་རྨ་ལྷོ་རེབ་གོང་དུ་གནས་སྤོར་གྱིས་ད་ལྟའི་བར་བཙོན་འཇུག་བཀག་ཉར་བྱས་ཡོད་པ་མ་ཟད།  ཁ་སང་ ༡༤ ཉིན་རྨ་ལྷོ་ཁུལ་རྩེ་ཁོང་རྫོང་དུ་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག

རང་ལོ་ ༣༦ ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལགས་ནི། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་ཞེས་པར་སྐྱེས་ཤིང་། ༡༩༩༢ ལོ་ནས་འགར་དགོན་ཆོས་གླིང་དུ་ཞུགས་ཏེ་བསྡུས་གྲྭ་དང་ས་ལམ། གྲུབ་མཐའ། བརྡ་སྤྲོད་བཅས་ལ་སློབ་སྦྱོང་གནང་བ་མ་ཟད། ཕྱིས་སུ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བློ་རྟགས་དང་རྣམ་འགྲེལ། ཕར་ཕྱིན། དྲང་ངེས། རྟེན་འབྲེལ། དབུ་མ། མཛོད་སོཊ་གཞུང་ཆེན་མོར་སྦྱངས་ཏེ་ཕར་ཕྱིིན་རབ་འབྱམས་པའི་དམ་བཅའ་བཞག་ཡོད། ༡༩༩༩ ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་བོད་ནང་གི་རིག་གཞུང་ཞིབ་འཇུག་དང་རྩེར་སྙེགས། སྦྲང་ཆར་སོགས་དུས་དེབ་མང་པོའི་ནང་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་ཡོད་ལ། ༢༠༠༡ ལོ་ནས་བཟུང་གྲོཊ་པོ་ཁག་ཅིག་དང་མཉམ་དུ་༼རྫོགས་ལྡན་མཆོད་པའི་མེ་ཏོག༽ དང་༼དུས་རབས་ཀྱི་བསམ་གཞིགས༽། ༼མི་ཕམ་དགྱེས་པའི་མཆོད་སྤྲིན༽ བཅས་ཀྱི་ལག་བསྟར་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས་བ་དང་།  ༢༠༠༥ ལོར་ཁོང་གི་བརྩམས་ཆོས་ཐོག་མ་༼ བསམ་གཞིགས་ཉུལ་བའི་ཟིན་ཐོ༽ བཀྲམས་ཏེ་ཀློག་པ་པོ་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།

༢༠༠༨ ལོར་ཁོང་རང་ངོས་ནས་མ་དངུལ་གྱི་འགྲོ་གྲོན་དང་རྩོམ་སྒྲིག་བྱས་པའི་༼བཙན་པོའི་སྙིང་སྟོབས༽དེབ་ཕྲེང་དང་པོ་བཏོན་ཏེ། བོད་ནང་གི་བོད་མིའི་དཀའ་སྡུག་གི་གནས་སྟངས་གསལ་འདོན་བྱས་སྟབས།  ༢༠༡༡ ལོའི་ཟླ་ ༤ བར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད། བཙོན་གྲོལ་ཐོབ་རྗེས་ཁོང་གིས་མུ་མཐུད་༼བཙན་པོའི་སྙིང་སྟོབས༽ དེབ་ཕྲེང་གཉིས་བཏོན་ཏེ་བོད་ནང་གི་རང་ལུས་མེར་བསྲེཊ་དང་བཙན་བྱོལ་གཞུང་གི་སྐོར། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཐོབ་ཐང་དང་བོད་ཀྱི་ཐོབ་ཐང་། གྲངས་ཉུང་མི་རིཊ་དང་པེ་ཅིན་གཞུང་བར་གྱིས་སྐོར་སོགས་དོན་ཚན་ ༢༥ ལམ་ནས་གསལ་འདོན་བྱས་སྟབས། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ནང་ཁོང་ཡར་བསྐྱར་འཛིན་བཟུང་བྱས་ཏེ། ཁ་སང་རྒྱ་ནག་གཞུང་གིས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢༠ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese