མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་སྲན་ཞོ་ཚོང་མཁན་ཞིག་དང་ཁ་བརྡ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་ཁྲོམ་གཞུང་དུ་ཡུན་རིང་ལས་མེད་འཁྱམ་ཉུལ་བྱས་མྱོང་མཁན་ཕ་ཡུལ་མཚོ་སྔོན་མདའ་བཞི་རྫོང་ནས་ཡིན་པའི་སྐུ་ཞབས་བློ་བཟང་ལཊ་ཀྱིས་རང་ཉིད་སྒེར་གྱི་རྩོལ་བར་བརྟེན་ཏེ། ༢༠༡༡ ལོའི་ཟླ་ ༣ པའི་ཚེས་མགོར་ངྷ་ས་ཨ་མདོའི་གྲོབ་གསེབ་ཏུ་༼སྲན་ཞོ་བཟོ་གྲྭ་(Tufu) ༽བཟོ་ས་ཆུང་ཆུང་ཞིག་གཉེར་མགོ་བརྩམས་ཡོད་ཅིང་། དེང་སྐབས་ངྷ་ས་ཁུལ་དུ་བློ་བཟང་ལཊ་ཀྱི་སྲན་ཞོ་ལ་བསྟོད་བསྔགས་ཐོབ་ཡོད། ཕྱི་ཚེས་ ༢༤ ཉིན་གསར་འགོད་པ་སྲན་ཞོ་བཟོ་ཡུལ་དུ་བཅར་ཏེ་ལག་རྩལ་པ་བློ་བཟང་ལགས་དང་ཁོང་གི་སྲན་ཞོའི་ཚོང་ལས་འཕེལ་རིམ་སྐོར་ལ་གླེང་མོལ་བྱས།

བློ་བཟང་གིས་ངོ་སྤྲོད་གནང་པ་ལྟར་ན། ཁོང་གི་སྲན་ཞོ་བཟོ་ས་དེ་ཐོག་མར་ནོར་གླིང་དུ་ཡོད་པའི་ཁོང་གི་སྤུན་མཆེད་ཀྱི་སྲན་ཞོ་བཟོ་གྲྭར་དཔེ་བལྟས་ཏེ། ༢༠༡༡ ལོར་ཁོ་རང་གིས་དངུལ་ཏོག་ཙམ་གྲ་སྒྲིག་གིས་ལས་གཞི་ཆུང་ངུ་ཞིག་ནས་མགོ་འཛུགས་པ་ཞིག་ཡིན་པ་དང་། དེ་ནི་རང་ཉིད་ལ་སློབ་སྦྱོང་མེད་སྟབས་བོད་མི་རིགས་ཀྱི་དོན་དུ་ལས་ཀ་ཆེན་པོ་ཞིག་བྱེད་ཐུབ་པ་ཕར་ཞོག ཐ་ན་ངྷ་རམ་ས་ལའི་སོ་སོའི་ཉིན་རེའི་འཚོ་བའི་ནང་དུའང་དཀའ་ངལ་འཕྲད་སྲིད་པ་དང་། ངྷ་རམ་ས་ལར་ལས་མེད་དུ་བསྡད་ཚེ་ཆང་རག་འཐུང་བ་དང་ཐ་མ་ནག་པོ་འཐེན་པ་སོགས་ལོག་ལམ་དུ་ཞུགས་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་སྟབས། རང་ཉིད་ལ་སྐུལ་ལྕག་གིས་སོ་སོའི་རྐང་པའི་སྒང་ལ་ལངས་ཐུབ་ཐབས་སུ་ལས་ཀ་དེ་མགོ་འཛུགས་བྱས་པ་ཞིག་ཡིན་ཟེར།  

སྐུ་ཞབས་བློ་བཟང་ལགས་ཀྱི་མུ་མཐུད་དུ་བརྗོད་ན། ཁོང་གིས་སྲན་ཞོ་ཐོག་མར་བཟོ་སྐབས་སྲན་ཞོའི་འཕྲུལ་ཆས་ཉོ་མ་ཐུབ་པར། ལོ་ཕྱེད་ཙམ་རིང་ངྷ་སའི་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་རྩམ་པ་འཐག་བྱེད་འཕྲུལ་ཆས་ལ་ཟླ་རེར་ཧིན་སྒོར་ ༡༠༠༠ རེ་སྤྲད་དེ་སྲན་ཞོ་བཟོས་ཡོད་པ་དང་། སྐབས་དེའི་འཕྲུལ་ཆས་རྩམ་པ་འཐག་བྱེད་ཅིག་ཡིན་སྟབས། ཁོང་གི་སྲན་ཞོའི་སྤུས་ཀ་དང་བྲོ་བ་དེ་ཙམ་ཡག་པོ་མེད་པའི་ཁར། ཉིན་མཚན་གཉིས་ལ་དཀའ་ལས་བརྒྱབ་ཀྱང་ཁེ་ཕན་ཡང་ཉུང་ངུ་རེ་ལས་མེད་ཀྱང་མུ་མཐུད་འབད་བརྩོན་བྱས་ཏེ། རྗེས་སུ་སྲན་ཞོའི་འཕྲུལ་ཆས་ཤིག་ཉོ་ཐུབ་ཡོད་པ་དང་། དེ་ནས་བཟུང་སྲན་ཞོའི་བྲོ་བ་དང་ཁ་དོག་སོཊ་སྔོན་མ་ལས་ཇེ་བཟང་དུ་སོང་སྟེ། རིམ་གྱིས་ཁོང་གི་སྲན་ཞོ་ལ་མང་ཚོགས་ནང་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད་འདུག

གསར་འགོད་པས་སྲན་ཞོའི་ཚོང་ལས་ཡོང་འབབ་སྐོར་དྲིས་པར། “སྔོན་མ་ཡིན་ན་སོ་སོའི་སྡོད་ཤག་དང་སྲན་ཞོ་བཟོ་གྲྭའི་ཁང་གླ། སྲན་སེར་དང་ཟས་སོང་ཐད་རིན་གོང་ཆུང་ཆུང་ཡིན་སྟབས། མི་གཅིག་གི་གནས་བབ་ལ་དཔཊ་པའི་ཁེ་བཟང་གང་འཚམ་རག་གི་འདུག སྐབས་དེར་སྲན་སེར་སྤྱི་རྒྱ་གཅིག་ལ་ཧིན་སྒོར་ ༢༩ དང་སྲན་ཞོ་སྤྱི་རྒྱ་རེར་སྒོར་ ༩༠ རེད། ཡིན་ནའང་། ན་ནིང་ཨ་རིར་ལོ་ཏོག་ཡག་པོ་མ་བྱུང་བའི་རྐྱེན་གྱིས་རྒྱ་གར་དང་པ་ཀི་སི་ཐན་སྲན་སེར་གསུམ་ཆའི་གཅིག་ཨ་རིས་གན་རྒྱ་བཞག་སྟེ་ཉོས་ཡོད་སྟབས། གློ་བུར་དུ་སྲན་སེར་རིན་གོང་སྤྱི་རྒྱ་རེར་ཧིན་སྒོར་ ༣༥ ནས་ ༨༥ བར་འཕར་བ་དང་། སྲན་ཞོའི་རིན་གོང་ཡང་སྤྱི་རྒྱ་རེར་ཧིན་སྒོར་ ༡༢༠ ལ་འཕར་བ་རེད། སྔོན་མ་ཉིན་རེར་སྲན་ཞོ་སྤྱི་རྒྱ་ ༢༠ རེ་བཟོ་བཞིན་ཡོད། རྗེས་སུ་ཉོ་མཁན་ཇེ་མང་དུ་སོང་སྟེ་སྤྱི་རྒྱ་ ༣༥ རེ་བཟོས་པ་ཡིན། ག་ཚོད་བཟོ་ཐུབ་ན་ཉོ་མཁན་མ་རག་པའི་དཀའ་ངལ་མི་འདུག དེང་སྐབས་ངའི་སྲན་ཞོ་མངཊ་ཉོ་བྱེད་མཁན་ངྷ་ས་ཙམ་མ་ཟད། ནོར་གླིང་དང་བོད་ཁྱིམ། གསོག་སྒར། སྦིར་ཅོང་ཏ་ར། མཚམས་རེར་ལྡི་ལིར་ནས་ཀྱང་མགས་མཁན་འདུག ”ཟེར།

ཡང་ཁོང་ལ་སྲན་ཞོ་བཟོ་སྟངས་དང་སྤུས་ཀའི་སྐོར་དྲིས་སྐབས། “སྲན་ཞོའི་བྲོ་བ་ཞིམ་པོ་ཡོད་མེད་དེ་གཙོ་བོ་བཟོ་སྟངས་ལ་ཐུག་ཡོད་པ་རེད། ངས་སྲན་ཞོ་བཟོ་སྐབས་སོལ་རླངས་བེད་སྤྱོད་གཏོང་གི་ཡོད། སྲན་ཞོ་བཟོ་ཐེངས་གཅིག་ལ་སྲན་སེར་སྤྱི་རྒྱ་ ༡༢ ཡས་མས་རེ་བཙོས་ཏེ་ཆུ་ཚོད་ ༩ ནས་ ༡༠ ངེས་བར་འཇོག་གི་ཡོད། ཆུ་ཚོད་ཉུང་དྲཊ་ན་སྲན་མའི་འོ་མ་མང་པོ་ཡོང་གི་མ་རེད། ཡང་དུས་ཚོད་མང་དྲཊ་ན་སྲན་ཞོ་ལ་སྐྱུར་དྲི་ཁ་གི་རེད། རྒྱ་གར་བ་ཚོས་སྲན་ཚོ་འབུད་ཤིང་གིས་བཙོ་བཞིན་ཡོད་སྟབས་སྲན་ཞོ་ལ་ཤིང་གི་དྲི་མ་ཁ་སྟབས་ཉོ་མཁན་རག་གི་ཡོད་པ་མ་རེད།

སྔོན་མ་སྲན་སེར་སྤྱི་རྒྱ་ ༡ གིས་སྲན་ཞོ་སྤྱི་རྒྱ་ ༡།༣༠ ཙམ་ལས་ཡོང་གི་མེད་ཀྱང་། ངས་འཕྲུལ་ཆས་གསར་པ་ཉོས་རྗེས་སྲན་སེར་སྤྱི་རྒྱ་ ༡ གིས་སྲན་ཞོ་སྤྱི་རྒྱ་ ༢ ལྷག་རེ་ཡོང་གི་འདུག ངའི་སྲན་ཞོ་ཡག་པོ་བཙོས་ཡོད་སྟབས་བསྐྱར་དུ་བརྔོ་བ་སོགས་བྱ་མི་དགོས་པར་ཁ་ཐུག་གིས་ཟ་ཆོག་གི་རེད། དེང་སྐབས་འཕྲུལ་ཆས་ཀྱི་དཀའ་ངལ་མེད་ཀྱང་། ངྷ་རམ་ས་ལར་གློག་གི་དཀའ་ངལ་ཡོད་དུས་དུས་ཚོད་ཏག་ཏག་ཐོག་བཟོ་མ་ཐུབ་པའི་དཀའ་ངལ་ཡོང་གི་འདུག ངའི་སྲན་ཞོ་ཉོ་མཁན་མང་དུ་སོང་བ་དང་བསྟུན་ཏེ། ཉེ་ལམ་ཞིག་ནས་རོགས་པ་གཅིག་ལ་ཉིན་ཕྱེད་རིང་ལས་རོགས་བྱེད་རྒྱུ་དང་ཟླ་གཅིག་ལ་ཧིན་སྒོར་ ༤༠༠༠ རེ་སྤྲོད་རྒྱུ་བྱས་ཏེ་སྲན་ཞོ་ཡར་མར་སྐྱེལ་གྱི་ཡོད”ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་གིས་ངྷ་རམ་ས་ལར་མཚོན་ན་སྲན་ཞོ་བེད་སྤྱོད་གཏོང་མཁན་མང་ཆེ་བ་བོད་ནས་ཕེབས་པའི་གསར་འབྱོར་བ་ཚོ་ཡིན་པ་དང་། མཚམས་རེར་གཙུག་ལག་ཁང་དུ་གསུང་ཆོས་ཡོད་དུས་ཐའེ་ཝན་དང་སང་གྷ་ཕོར་སོགས་ནས་ཕེབས་པའི་རྒྱ་རིགས་དང་ཨེ་ཤ་ཡའི་མི་རིགས་དེ་ཚོས་སྲན་ཞོ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད་སྐོར་དང་། དེང་སྐབས་བོད་དུ་ལོག་མཁན་ཇེ་མང་དུ་སོང་སྟེ་ངྷ་རམ་ས་ལར་མི་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ཁོ་རང་གིས་སྲན་ཞོའི་ཚོང་ལས་རྒྱ་སྐྱེད་ཀྱི་འཆར་གཞི་མེད་སྐོར་བརྗོད་བྱུང་།

སྐུ་ཞབས་བློ་བཟང་ལཊ་ཀྱིས་བརྗོད་པ་ལྟར་ན། སྲན་ཞོ་བཟོ་བྱེད་ཀྱི་སྲན་སེར་ (Soyabean) གྱིས་མིའི་ལུས་པོའི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་ཡོད་ཅིང་། ཁྱད་པར་དུ་སྲན་ཞོ་མང་པོ་ཟོས་ལུས་པོའི་ནང་གི་སྤྲི་དཀར་རྒྱུ་ཆ་ཉུང་དྲཊ་པའི་པའི་རིགས་དང་། ཀླད་རྩ་ལ་སྐྱོན་ཡོད་པ། ཁྲག་རྩ་འགག་པ། ལུས་སྟོབས་ཞན་པ། ཁྲག་ཤེད་མཐོ་བ། གདོང་གི་པཊ་ནད། ཐང་ཆད་སླ་བ། རྣ་ཅོག་གི་སྒྲ་འཛིན་ནུས་པ་ཉམས་པ། སྐྲན་ནད་སྔོན་འགོག་གི་རིཊ་ལ་ཕན་ཐོཊ་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese